choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བུ་ཕྲུག་ལྔ་ཡི་སྐྱེས་མ་ཞིག་གིས་རང་ལུས་མེར་བསྲེཊ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༠༩ཉིན་སྤེལ། རང་ལོ་༥༠སོན་པའི་བཟའ་ཟླ་མོ་མིང་ལ་བསོད་ནམས་འཚོ་ཟེར་བ་ཞིག་གིས་རང་གི་བཟའ་ཟླ་དང་བུ་ཕྲུག་བཅས་བཞག་སྟེ་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་ཡོད་འདུག

བོད་རིགས་བུད་མེད་བསོད་ནམས་འཚོ་ཡིས་ལོ་འདིའི་ཟླ་༣པའི་ཚེས་༢༣ཉིན་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་བ་ཞིག་ཡིན་འདུག་ཀྱང་ས་གནས་རྒྱ་གཞུང་ཉེན་རྟོག་པའི་དམ་དྲག་འོག་བྱེས་སུ་གནས་ཚུལ་མཁོ་སྤྲོད་བྱེད་མ་ཐུབ་པར་ད་ལྟ་བུར་ལྷག་ཡོད་འདུག རང་ལུས་མེར་བསྲེགས་གནང་མཁན་བསོད་ནམས་འཚོ་ནི་ད་ལོ་ལོ་༥༠ཡིན་པ་དང་། བུ་ཕྲུག་ལྔ་ཡི་ཨ་མ་ཞིག་རེད་འདུག ཁོང་གི་བཟའ་ཟླའི་མིང་ལ་སྐལ་བཟང་རྒྱ་མཚོ་ཞེས་བརྗོད་ཀྱི་ཡོད་འདུག་ལ་ཕ་ཡུལ་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་། ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་འདུགalt

དེ་ཡང་ཁ་སང་དགོང་དྲོ་ཆུ་ཚོད་༦།༣༠ཐོག་བཞུགས་སྒར་དྷ་ས་མེག་གྷན་གྱི་ཁྲོམ་གཞུང་དུ། དྷ་ས་ས་གནས་བུད་མེད་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གསུམ་གྱི་ངོས་ནས་རང་ལུས་མེར་བསྲེགས་གནང་མཁན་བོད་ཀྱི་བུད་མེད་བསོད་ནམས་འཚོ་ཡི་ཆེད་དུ་གདུང་སེམས་མཉམ་སྐྱིད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་གནང་སོང་། གདུང་སེམས་མཉམ་སྐྱིད་ཀྱི་མར་མེའི་ཁྲོམ་སྐོར་ནང་མཉམ་ཞུགས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་དྷ་ས་ས་གནས་མི་མང་། ཕྱི་རྒྱལ་བ་བཅས་མི་གྲངས་༥༠ཙམ་མཉམ་ཞུགས་གནང་འདུག

གདུང་སེམས་མཉམ་སྐྱིད་ཀྱི་མར་མེའི་ཁྲོམ་སྐོར་གནང་རྗེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མཁན་བསོད་ནམས་འཚོ་ཡི་སྐོར་ལ་དབྱིན་སྐད་ཐོག་གཏམ་བཤད་གནང་སོང་བ་དང་། དེ་རྗེས་ཚོགས་གཙོ་ཟུར་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མཁན་བསོད་ནམས་འཚོ་ཡི་སྐོར་ལ་བོད་སྐད་ནང་འགྲེལ་བརྗོད་གནང་དོན།

བོད་ནང་རང་ལུས་མེར་བསྲེགས་རབ་དང་རིམ་པ་བྱུང་གི་ཡོད་པ་དེས་ཞི་བའི་ལས་འགུལ་མུ་མཐུད་འགྲོ་མུས་ཡིན་པར་སྟོན་གྱི་ཡོད། ད་རེས་ང་ཚོས་མར་མེའི་ཁྲོམ་སྐོར་ཆེད་དུ་འཛོམས་དགོས་པའི་རྒྱུ་མཚན་གཙོ་བོ་དེ། ལོ་འདིའི་ཕྱི་ཟླ་༣ཚེས་༢༣ཉིན་བོད་མདོ་སྨད་མཛོད་དགེ་རྫོང་དུ་མ་བསོད་ནམས་འཚོ་ཡིས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། འོན་ཀྱང་ད་ལྟ་བར་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་དམ་དྲག་ཤུགས་ཆེན་བྱས་པར་བརྟེན་ཕྱིར་གནས་ཚུལ་ཁྱབ་མི་ཐུབ་པར་ཟླ་བ་གཉིས་མ་ཟིན་ཙམ་ལྷག་ཡོད་པ་རེད་ཅེས་དང་། རང་ལུས་མེར་བསྲེགས་གནང་མཁན་བསོད་ནམས་འཚོ་ནི་ད་ལོ་ལོ་༥༠ཡིན་པ་དང་། བུ་ཕྲུག་ལྔ་ཡི་ཨ་མ་ཞིག་རེད་འདུག ཁོང་གི་བཟའ་ཟླའི་མིང་ལ་སྐལ་བཟང་རྒྱ་མཚོ་ཞེས་བརྗོད་ཀྱི་ཡོད་འདུག་ལ་ཕ་ཡུལ་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་། ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་འདུག

རང་ལུས་མེར་བསྲེགས་གནང་སྟངས་སྐོར་ལ་བརྗོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པའི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀ་ཙམ་གྱི་སྟེང༌། ཁོ་མོའི་ཁྱོ་ག་སྐལ་བཟང་རྒྱ་མཚོ་དང་ཁོ་མོ་གཉིས་མཉམ་དུ་དགོན་པའི་གླིང་སྐོར་ལ་སྐོར་བར་བསྐྱོད་བཞིན་པའི་སྐབས། ཁོ་མོས་རང་ཉིད་ཀྱི་ཁྱོ་ག་ལ་ཁྱེད་རང་སྔོན་དུ་ག་ལེར་སོང་དང༌། ང་རང་འཁོར་ཁང་དུ་གཅིག་སོང་ནས་ཡོང་དགོས་ཞེས་ལབ་ཡོད་པ་དང༌། དེ་ནས་དུས་ཡུན་སྐར་མ་ཁ་ཤས་ཀྱི་རྗེས་སུ་དགོན་པའི་གྲྭ་ཕྲུག་ཅིག་གིས་རང་ལུས་མེར་བསྲེགས་གནང་སོང་ཞེས་སྐད་ཅོར་བརྒྱབ་ཡོད་པ་དང༌། སྐབས་དེར་ཁོ་མོའི་ཁྱོ་གས་ཕྱིར་མིག་ལྟ་དུས་ཁོང་མོས་རང་ལུས་མེར་བསྲེགས་གནང་བཞིན། བོད་ལ་རང་དབང་དགོས། ༧རྒྱལ་བ་ཡིད་བཞིན་ནོར་བུ་ཕྱིར་བོད་ལ་ཕེབས་དགོས། ཞེས་འབོད་ཚིག་སྒྲོག་བཞིན་རྒྱུགས་ཡོང་གིན་ཡོད་འདུགalt

སྐབས་དེར་གྲྭ་ཕྲུག་དེ་དང་ཁྱོ་ག་སྐལ་བཟང་རྒྱ་མཚོ་གཉིས་ཁོང་མོའི་ལུས་སྟེང་གི་མེ་གསོད་ཐབས་བྱས་ཡོད་པ་དང༌། དེ་རྗེས་དགོན་པ་དེར་ཡོད་པའི་སྤུན་མཆེད་དགེ་འདུན་པ་ཚུལ་ཁྲིམས་ལགས་ཀྱང་སླེབས་ཏེ་རོགས་རམ་གྱིས་རླངས་འཁོར་ཞིག་ནང་བཞག་སྟེ་དགོན་པའི་བླ་མའི་གཟིམ་ཆུང་དུ་ཁྱེར་ཡོང་ཡོད་པ་དང༌། དེ་དུས་ཀྱང་ཁོང་མོས་གོང་གསལ་འབོད་ཚིག་དང་གསོལ་འདེབས་ཤུགས་དྲགས་གནང་ཡོད་འདུག དེ་རྗེས་དགོན་པའི་གཟིམ་ཁང་ནས་སྨན་ཁང་དུ་འཁྱེར་རྩིས་ཀྱིས་དགོན་འདབས་སུ་སླེབས་སྐབས་འདས་གྲོངས་ཕྱིན་ཡོད་འདུག

ཁོང་མོས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དེ་ས་གནས་ཉེན་པས་ཤེས་རྟོག་བྱུང་སྟེ། ཕྱི་ཚེས་༢༤ཉིན་གྱི་ཞོགས་པར་ཉེན་རྟོག་པ་རྣམས་སླེབས་ཏེ་ཁོང་མོའི་སྐུ་ཕུང་རྩིས་སྤྲོད་དགོས་སྐོར་བརྗོད་ཡོད་འདུག འོན་ཀྱང༌། ནང་མི་རྣམས་ཀྱིས་ཁོང་མོའི་སྐུ་ཕུང་ཞུགས་འབུལ་བྱས་ཟིན་སྐོར་བརྗོད་ནས་ཉེན་རྟོག་པའི་ལག་ཏུ་ཤོར་མ་བཅུག་པར། ཉིན་དེར་དུད་ཁྲོད་དུ་ཁྱེར་ནས་བོད་པའི་ལུགས་སྲོལ་ལྟར་ཞུགས་འབུལ་བྱས་ཡོད་འདུག

ཡིན་ནའང༌། ཉེན་རྟོག་པས་ཁོང་མོའི་སྤུན་མཆེད་དགེ་འདུན་པ་ཚུལ་ཁྲིམས་ལགས་འཇུ་བཟུང་བཙན་འཁྲིད་ཐོག ཉིན་ ༨ རིང་བཀག་ཉར་གྱིས་འདྲི་གཅོད་དང༌། ཁོང་གི་ཁ་པར་ནང་ཡོད་པའི་འབྲེལ་ཡོད་པར་རིས་ཡོངས་རྫོགས་བསུབ་ཡོད་འདུག ད་དུང༌། ཁོང་མོའི་ཁྱོ་གར་ཡང་ཐེངས་འགར་འདྲི་གཅོད་བྱས་ཡོད་འདུག་ཅེས་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།