choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལོ་༧དང་ཟླ་༦གི་ཉེས་མེད་ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༠༩ཉིན་སྤེལ། རྩོམ་པ་པོ་ཞིག་ལོ་གཅིག་རིང་དུས་བཀག་བཙོན་འཇུག་གི་མནར་གཅོད་བཏང་ཞིང་། དེ་རིང་ལོ་༧དང་ཟླ་༦གི་ཉེས་མེད་ཁྲིམས་ཐག་བཅད་ཡོད་འདུག

 འདི་ག་གསར་ཁང་དུ་བོད་ནང་གི་གནས་ཚུལ་འབྱོར་བར་གཞིགས་ན། མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས་ལགས་སུ། རྒྱ་གཞུང་གིས་ལོ་༧ དང་ཟླ་བ་༦ གི་ཉེས་མེད་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐོར་གྱིོ་གནས་ཚུལ་འབྱོར་སོང་།

alt
དེ་ཡང་གོང་ཚེས་ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྗོད་དོན། རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས། (སྨྱུག་མིང་ལ་བློ་མིག)ལགས་ནི།  རང་ལོ་ ༢༨ ། ཁོང་ལ་རྒྱ་གཞུང་གིས་ལོ་༧ དང་ཟླ་བ་༦ གི་ཉེས་མེད་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ཅེས་དང་།

 དེ་མིན་ཁོང་རྣམ་པ་གཉིས་ཀྱི་མུ་མཐུད་དུ་བརྗོད་དོན། འདི་ནས་ཤེས་རྟོགས་བྱུང་བར་ཁོང་ལ་ཁྲིམས་ཐག་གཅོད་ས་དེ་རྔ་པ་རང་སྐྱོང་ཁུལ་ཝིན་ཁྲན་རྫོང་ཡིན་ཞིང་། ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་ལ། རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་ནས་ས་གནས་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཤིང་། དེ་རྗེས་བཀག་ཉར་བྱས་ཏེ་ད་བར་ལོ་གཅིག་ལྷག་འགོར་ཡོད་ཀྱང་། ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་ཁང་གི་མནར་གཅོད་ཀྱི་རིམ་པ་དག་བརྒྱུད་དགོས་བྱུང་ཡོད་འདུག་པ་དང་། དེ་རིང་ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནག་ཉེས་ཅི་ཞིག་བགྲང་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མེད་པར་འགྲེལ་བརྗོད་གནང་སོང་།
 
གཞན་ཡང་། ཁོང་གི་ཕ་ཡུལ་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཇོ་ཚང་། ཕ་མིང་ལ་ཇོ་རྡོར། མ་མིང་ལ་འཛམ་དཀར། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ། དེང་སྐབས་ཕར་ཕྱིན་འཛིན་གྲྭ་ཡིན་པ་དང་། དེ་སྔོན་གསེར་རྟ་བླ་རུང་སྒར་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཟུར་ཞུགས་ཀྱིས་ཐུན་མོང་རིག་གནས་སོགས་ལ་སྦྱངས་པ་བྱེད་མྱོང་ཡོད་ཅིང་།

གཏམ་བཤད་ཀྱི་བྱེད་སྒོ་མང་པོར་ཞུགས་མྱོང་ཡོད་པར་མ་ཟད། རྒྱུན་དུ་སྤྱི་ཚོགས་དཔྱད་རྗོད་ཀྱི་རྩོམ་ཡིག་དང་སྙན་ངག་མང་པོ་འབྲི་མཁན་ཞིག་ཀྱང་ཡིན་པར་མ་ཟད། བོད་ནང་གི་རྩོམ་བྲིས་རང་དབང་སོགས་ཀྱི་སྐོར་ནས་རྩོམ་ཡིག་ཁ་ཤས་ཀྱང་བྲིས་ཡོད་འདུག་ལ། ཞེས་པའི་སྙན་དེབ་ཅིག་པར་བསྐྲུན་བྱས་ཡོད་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།​

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།