choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རྒྱ་གཞུང་ཉེན་རྟོག་པས་ཛ་དྲག་གི་བཙན་གནོན་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༠༥ཉིན་སྤེལ།  མི་ཉག་གར་རྒྱས་ཁ་རུ་བཙན་གནོན་གྱིས་གཏེར་ཁ་བསྔོགས་གྲབ་བྱས་པར་བརྟེན་ས་གནས་མི་མང་ཚོས་ཞི་བའི་སྒོ་ནས་ཡར་ཞུ་བྱས་རུང། ས་གནས་ཉེན་རྟོགས་པས་མེ་མདའ་བཟུང་སྟེ་ཛ་དྲག་གི་བཙན་གནོན་བྱེད་བཞིན་ཡོད་འདུག

alt
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མགོན་པར་བཞུགས་ཡོད་པའི་གྲྭ་ཨ་དགའ་སྤེན་པས་འདི་ག་གསར་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་དོན། ཟླ་འདིའི་ཕྱི་ཚེས་༤ཉིན་སི་ཁྲོན་དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གར་རྒྱས་ཁ་རུ་རྒྱ་ནག་གཞུང་གིས་བཙན་གནོན་གྱིས་གཏེར་ཁ་བསྔོགས་གྲབ་བྱས་པར་བརྟེན། ས་གནས་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་ང་ཚོའི་ཕ་ཡུལ་དང་ཕ་ས་ལ་གཏོར་བརླག་གཏོང་མི་ཉན་པའི་ཡར་ཞུ་བྱས་རུང།  ས་གནས་ཉེན་རྟོག་པ་དང་སྲིད་གཞུང་གཉིས་ནས་མི་ཉག་གར་རྒྱས་ཁའི་མང་ཚོགས་ལ་མེ་མདའ་བཟུང་ནས་ཛ་དྲག་གིས་བཙན་གནོན་བྱེད་བཞིན་ཡོད་འདུག

ད་དུང་བཙན་གནོན་གྱིས་གཏེར་ཁ་བསྔོགས་གྲབ་བྱས་པའི་རྐྱེན་གྱིས་དུག་ཆུ་ཕྱིར་ཆུ་ནང་དུ་ཤོར་ནས་ཉ་སོགས་སྲོག་ལྡན་མང་པོ་ཞིག་གི་ཚེ་སྲོག་ལ་གནོད་སྐྱོན་བྱུང་བཞིན་ཡོད་འདུག་རྗེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།