choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་བློ་བཟང་བསྟན་པ་ལགས་གློད་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༠༥ཉིན་སྤེལ། རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལགས་མི་ལོ་ཧྲིལ་བོ་གཉིས་ལྷག་གི་ཉེ་མེད་བཙོན་འཇུག་གི་དུས་ཡུན་རྫོགས་ནས་གློད་གྲོལ་བཏང་ཡོད་འདུག

altའདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལགས་མི་ལོ་ཧྲིལ་བོ་གཉིས་ལྷག་གི་བཙོན་འཇུག་གི་དུས་ཡུན་རྫོགས་ནས་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་སོང་།

དེ་ཡང་སུད་སི་གནས་སྡོད་ཀྱི་ལྷ་སྲས་བསོད་ནམས་ཀྱིས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་༢༠༡༤ ཟླ་ ༡༡ ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ། ཁོང་ལ་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གཞན་ཡང་ཁོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་མགོ་ལ་བོད་ཀྱི་རྒྱལ་དར་ཅན་གྱི་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་“བོད་ལ་རང་དབང་དགོས་པ་དང༌། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་”ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་གནང་མཁན་དེ་ཡིན་ལ། སྐབས་ཐོག་དེར་ཁྲོམ་ལམ་དུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་བཙན་ཁྲིད་བྱས་ཏེ་མནར་གཅོད་སྣ་ཚོགས་མྱངས་མཐར་གཞི་ནས་ཐག་གཅོད་དེ་ལྟར་བྱས་པ་ཡིན་འདུག

དེ་མིན་ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མིར་བརྡ་བཏང་སྟེ་ཁྲིམས་རྭར་ཡོང་བཅུག་ཡོད་ཀྱང་ནང་མིར་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲད་མེད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།