choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

འབྲོག་ས་བཙན་གྱིས་འཕྲོག་ཏེ་ས་རྐོ་རྡོ་སློག་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༤།༠༡ཉིན་སྤེལ། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཨ་མོའི་ཞང་དུ་ས་གནས་སྲིད་གཞུང་གིས་ཉེན་རྟོག་པ་མངགས་གཏོང་བྱས་ཏེ་ཡུལ་མི་ཚོའི་ས་ཆ་བཙན་འཕྲོག་བྱས་འདུག

དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་༢༠༡༦ཟླ་༣པའི་ཚེས་༣༠ཉིན་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཨ་མོའི་ཞང་དུ་ས་གནས་སྲིད་གཞུང་གིས་ཉེན་རྟོག་པ་མངགས་གཏོང་བྱས་ཏེ་ས་གནས་ཡུལ་མིའི་ས་ཆ་བཙན་འཕྲོག་བྱས་འདུག

སྤྱིར་ས་གནས་དེ་འབྲོག་པའི་ཆགས་གནས་ཤིག་ཡིན་པ་དང་། ས་གནས་དེར་ཁྱུང་ཆུ་རྫོང་གི་འགོ་བ་ཡོང་ཏེ་རྩྭ་ས་དེ་ནས་བྱེ་མ་འབོར་ཆེན་དབོར་འདྲེན་བྱས་ཏེ་ཁེ་ཚོང་རྒྱབ་པ་ལ་བརྟེན་ནས་རྩྭ་ས་དེའི་ས་བདག་མི་ཚང་ཁ་ཤས་ཀྱིས་ངོ་རྒོལ་བྱས་རྐྱེན་ས་གནས་འགོ་བ་ཁ་ཤས་ཀྱིས་ཉེན་རྟོག་པ་དང་དམག་མི་ཁྲིད་སྟེ་མི་མང་ཚོར་ཉེས་རྡུང་བཏང་འདུག

སྤྱིར་ཁྱུང་ཆུ་རྫོང་གི་མངའ་འོག་གི་ས་ཆ་མང་ཆེ་བ་འབྲོག་སྡེ་ཡིན་པ་དང་། རྩྭ་ས་གཏོར་བརླག་བཏང་བ་ཡིན་ན་སྒོ་ཟོག་སེམས་ཅན་གསོ་སྐྱོང་བྱེད་མི་ཐུབ་པ་ངེས་ཅིང་།  ལོ་རེ་བཞིན་རྩྭ་ཆུ་ལེགས་པོ་མ་བྱུང་ན་འབྲོག་པའི་ཕྱུགས་ཟོག་འཚོ་མི་ཐུབ་པ་སྨྲོས་མེད་རེད་འདུག

གཞན་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ས་ཆ་བཙན་འཕྲོག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཏེ་ཡུལ་མིས་ངོ་རྒོལ་བྱེད་པའི་སྐབས། ཉེན་རྟོིག་པ་སླེབས་ནས་སྡིགས་ར་སྐུལ་བ་དང་ཁ་རྡུང་བཏང་བའི་གནས་ཚུལ་ཞིག་རེད་ལ་བྱེ་མ་འབོར་ཆེན་དབོར་འདྲེན་བྱས་ཏེ་བཙོང་རྗེས་ཁེ་བཟང་རྣམས་ས་གནས་འགོ་དཔོན་གྱི་ལག་ཏུ་ཤོར་གྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། འཇམ་དབྱང་ཤེས་རབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།