choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བརྐུས་ནོར་གྱི་བདག་པོར་ཉེན་རྟོག་པས་མེ་མདའ་རྒྱབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༣༡ཉིན་སྤེལ། གསེར་རྟ་རྫོང་གི་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་གྱིས་ཟོག་བདག་རྣམས་སུ་མེ་མདའ་རྒྱབ་ནས་སྨན་ཁང་དུ་བསྐྱལ་འདུག

ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོ་འཇིགས་མེད་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས༣༠ཉིན་གྱི་ཕྱི་དྲོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཤོག་གསེར་རྟ་རྫོང་གི་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་གྱིས་ཟོག་བདག་རྣམས་སུ་མེ་མདའ་རྒྱབ་སྟེ་སྨན་ཁང་དུ་བསྐྱལ་འདུག་ཅེས་དང་།

གཞན་ཡང་ཧོར་ཤུལ་ཡུལ་ཤོག་གི་རི་ཁག་གཉིས་པའི་ཁྱིམ་ཚང་འགའ་ཞིག་གིས་སྒོ་ཟོག་༢༠ལྷག་རྐུན་མས་བརྐུས་ཏེ། ཁ་ཆེའི་རླངས་འཁོར་ནང་དུ་འཁྱེར་བའི་སྐབས་སུ། ནོར་བདག་གིས་མཐོང་སྟེ་ཁ་ཆེ་དེ་ལ་སྒོ་ཟོག་བཙོང་མཁན་སུ་ཡིན་པར་སྐད་ཆ་དྲིས་པའི་སྐབས་སུ། ཁ་ཆེ་བས་རྐུན་མ་སུ་ཡིན་པར་མ་བཤད་པས་ན། སྒོ་ཟོག་བདག་པོས་རླངས་འཁོར་ཚུར་བླངས་འདུག

དེའི་རྗེས་སུ་རྫོང་ཉེན་རྟོག་པ་ཧོར་ཤུལ་ཡུལ་ཤོག་ཏུ་རླངས་འཁོར་ལེན་ལེན་དུ་ཡོང་བའི་སྐབས་སུ། སྒོ་ཟོག་བདག་པོ་རྣམས་ཀྱིས་ཉེན་རྟོག་པར་འགྲེལ་བརྗོད་བྱས་ཡོད་ཀྱང་། ཉེན་རྟོག་པ་དང་རྐུན་སྡེ་ཚན་ཁག་གཉིས་མཉམ་འབྲེལ་བྱས་ཏེ། སྒོ་ཟོག་བདག་པོ་རྣམས་ལ་མེ་མདའ་རྒྱབ་ནས་རྨས་སྐྱོན་ཚབས་ཆེན་བྱས་ཡོད་པར་བརྗོད་སོང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། ཉེན་རྟོག་པས་མི་མང་ནང་དུ་གང་བྱུང་གིས་མེ་མདའ་རྒྱབ་སྟེ་ངག་དགེ་དང་བསོད་འཕེལ་གཉིས་སུ་མེ་མདའ་ཤུགས་ཆེན་འཕོག་ཡོད་འདུག གསེར་རྟ་རྫོང་མི་དམངས་སྨན་ཁང་དུ་སྐྱོབས་མ་ཐུབ་ནས་ཁྲིན་ཏུའི་སྨན་ཁང་ལ་འགྲོ་དགོས་བྱུང་སྟེ་སྲོག་གི་ཉེན་ཁར་ཐུག་ཡོད་པར་འགྲེལ་བརྗོད་གནང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།