choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འོས་བསྡུའི་སྐོར་གྱི་སྐད་ཆ་བཤད་པའི་ཉེས་མིང་འོག་བཙན་འཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༣༡ཉིན་སྤེལ། མགོ་ལོག་ཏུ་སྐད་འཕྲིན་ཚོགས་པའི་ནང་བོད་མིའི་འོས་བསྡུའི་སྐོར་གྱི་སྐད་ཆ་བཤད་པའི་ཉེས་མིང་འོག་རྒྱ་དམར་ཉེན་རྟོགས་པས་བོད་མི་གསུམ་འཛིན་བཟུང་བྱས་འདུག

འདི་ག་གསར་ཁང་དུ་བོད་ནས་གནས་ཚུལ་ཞིག་འབྱོར་བར་གཞིགས་ན། ཁ་སང་ཕྱི་ཚེས་༣༠ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་༡༠ཡས་མས་ཐོག མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་མཚོ་ཆུ་མགོ་སྡེ་གསར་གྱི་སྡེ་བའི་འགོ་འཁྲིད་བཞོན་པ་བསམ་གྲུབ་ཟེར་བ་ཞིག་དང་ཆུ་མགོ་སྡེ་གསར་ནང་གི་རོང་ཤེར་ཟེར་བའི་ཕོ་གསར་ཞིག ད་དུང་ལྷ་སྒྲོན་ཟེར་བའི་བུ་མེད་ཅིག་བཅས་མི་གསུམ་རྨ་སྟོད་རྫོང་གི་རྒྱ་ནག་ཉེན་རྟོགས་པ་བཞི་ཡོང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག 

དེ་ཡང་བོད་ནང་གི་ས་གནས་འབྲེལ་ཡོད་བོད་མི་ཞིག་གིས་དེ་རིང་དྲ་ལམ་བརྒྱུད་འདི་གར་འདྲ་པར་དང་གནས་ཚུལ་བརྗོད་དོན།
"ཁོང་ཚོ་འཛིན་ཟུང་བྱེད་དགོས་པའི་དོན་རྐྱེན་ནི་ཕྱི་ཕྱོགས་གི་སྐད་འཕྲིན་ཚོགས་པ་འདྲ་མིན་ནང་མཉམ་བཞུགས་བྱས་པ་དང་། ༢༠༡༦ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐད་ཆ་བཤད་པའི་ཉེས་མིང་འོག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་"ཅེས་དང་།

གཞན་ཡང་"ཁོང་ཚོ་འཛིན་བཟུང་བྱས་ནས་རྫོང་མི་དམང་ཁྲིམས་ཁང་དུ་བཀག་ཉར་བྱས་ཡོད་པ་རེད། ད་ལྟའི་བར་ནང་མི་དང་གཉེན་མཚན་གཅིག་ཀྱང་ཐུག་རྒྱུའི་གོ་སྐབས་སྤྲད་ཀྱི་མེད་པ་རེད"ཅེས་འགྲེལ་བརྗོད་གནང་སོང་།

དེ་མིན་རྒྱ་ནག་གིས་འཇུ་བཟུང་བྱས་པའི་བོད་མི་དེ་དག་གི་ལོ་རྒྱུས་ཁ་གསལ་བྱས་ན། བསམ་འགྲུབ་ནི་ལོ་༤༠ལྷག ལོ་མང་རིང་སྐྱ་རིང་ཡུལ་མཚོ་རུ་ཁག་དྲུག་པའི་མགོ་འཁྲིད་བྱས་པ་མ་ཟད། རྗེས་སུ་དེང་སྐབས་རུ་ཁག་དང་པོ་དང་གསུམ་པ། ལྔ་བ་སོགས་ཀྱི་རུ་སྤོ་དུད་ཁྱིམ་༡༥༠ཡོད་པའི་ནང་གི་མགོ་འཁྲིད་གཞོན་པ་ཡིན་པ་རེད་འདུག
 ལྷ་སྒྲོན་ནི་རྣམ་རྒྱལ་ཚང་གི་བུ་མོ་ཡིན་པ་དང་། མོ་རང་ལ་ལོ་༨ཡིན་པའི་བུ་ཚེ་རྒྱམ་ལོ། ལོ་ན་༡༡ཡིན་པའི་བུ་མོ་དར་དཀར་ཟེར་བའི་ཕྲུ་གུ་གཉིས་ཡོད་ཡོད་འདུག

རོང་ཤར་ནི་ལོ་༢༩ཡིན་པ་དང་ཁོང་ལ་བུ་ཕྲུག་གང་ཡང་མམི་འདུག བཟའ་ཟླའི་མིང་ལ་གཡང་སྐྱིད་ཟེར་ཀྱི་ཡོད་པ་བཅས།།


གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།