choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱལ་སྤྱིའི་སྙན་ངག་ཉིན་མོ་དང་ཞོགས་ལྗང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༢༩ཉིན་སྤེལ། ཞོགས་ལྗང་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་འདིས་རྒྱ་ནག་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་བཙན་གྱིས་འཕྲོག་གི་ཡོད་པའི་འཇིགས་རུང་གི་སྲིད་ཇུས་དམར་རྗེན་དུ་བསྟན་ཡོད།

༼པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།༽ངས་དེ་རིང་གི་ཉིན་མོ་འདི་གཅེས་པར་བཟུང་ནས་སྙན་ངག་ཅེས་པའི་སྐད་ཆ་རིན་པོ་ཆེ་ལ་གུས་བརྩི་ཞུ་གི་ཡོད། སྙན་ངག་ཟེར་བའི་སྐད་ཆ་རིན་པོ་ཆེ་འདི་ཡོད་པས་ང་ཚོ་མི་ཡིན་པ་གསལ་བོ་ཤེས་པས་དང༌། མིའི་སེམས་ཀྱི་རྣམ་འགྱུར་ཕྲ་བོ་དེ་དག་སྙན་ངག་ཅེས་པ་འདིས་མཚོན་ཅིང་བསྟན་ཐུབ་གི་ཡོད་པས་ཀྱང༌། སྙན་ངག་ཅེས་པའི་སྐད་ཆ་རིན་པོ་ཆེ་འདི་ལ་བདག་གཅེས་དང་རང་གི་ཚེ་སྲོག་ཏུ་བསྟིམ་མཁན་གྱི་འཇིག་རྟེན་གྱི་སྙན་ངག་པ་ཡོངས་ལ་གུས་བརྩི་ཞུ་གི་ཡོད། ད་དུང་སྙན་ངག་ལ་ལོངས་སུ་སྤྱོད་མཁན་གྱི་ཀློག་པ་པོ་རྣམས་ལ་ཡང་གུས་བརྩི་ཞུ་གི་ཡོད།

སྙན་ངག་གི་ཉིན་མོ་འདི་ལ་དྲན་འོས་པའི་སྙན་ངག་པ་མང་པོ་ཡོད་པ་དང༌།  ལྷག་པར་དུ་རྒྱ་གཞུང་གི་མེ་མདའི་འོག་ན་སེམས་ཀྱི་བདེན་པ་སྙན་ངག་གི་བདེན་པར་བསྟིམས་ནས་ཕྱིར་མངོན་ཐུབ་པའི་སྙན་ངག་པ་དཔའ་སྤོབས་ཅན་ཤིན་ཏུ་མང་པོ་ཡོད། དེ་དག་ལས་དེ་རིང་དམིགས་བསལ་སྙན་ངག་པ་དང་རྩོམ་པ་པོ་ཞོགས་ལྗང་ལགས་དྲན་གསོ་ཞུ་གི་ཡིན། རྒྱུ་མཚན་ཁོང་གིས་རྒྱ་གཞུང་གི་ཆེས་གདུག་རྩུབ་ཆེ་བ་དང༌། ཆེས་མུན་ནག་གི་སྲིད་ཇུས་ལ་མཐའ་གཅིག་ཏུ་གདོང་གཏད་ནས་མི་དང་མིའི་རིགས། ལྷག་པར་བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་ཆེད་དུ་སྙུ་གུ་བཟུང་ནས། བདེན་པ་བྲིས་ནས། དངོས་ཡོད་གནས་ཚུལ་བྲིས་ནས་ཚེ་སྲོག་གིས་འཐབ་རྩོད་བྱས་དང་བྱེད་བཞིན་པ་དང༌། ད་ལྟ་ཁོང་དྲང་བདེན་མ་ཡིན་པ་དང༌། གདུག་རྩུབ་ཆེ་བའི་འཇིག་རྟེན་ནག་ངོགས་སུ་བཅུག་ནས་མནར་གཅོད་ཟད་མི་ཤེས་པ་མྱོང་འཇུག་གི་ཡོད་པས། ཁྲིམས་ཀྱི་འགྲོ་སྟངས་གང་ཡང་མེད་པར་ཉེས་མེད་ལ་ཉེས་འཛུགས་ཀྱིས་རྒྱ་གཞུང་གིས་ཁོང་བཙོན་ཁང་ནག་པོའི་ནང་དུ་བཅུག་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པས་ཡིན།

ཞོགས་ལྗང་ཁོང་གིས་ག་རེ་བྱས་ནས་བདེན་པ་བདེན་རྐྱང་གི་རྩོམ་འབྲི་དགོས་བྱུང་བ་རེད། ག་རེ་བྱས་ནས་རྒྱ་གཞུང་གིས་ཁོང་བཙོན་ལ་བཅུག་པ་རེད། ག་རེ་བྱས་ནས་ཁོང་གིས་སྙུ་གུ་བཟུང་ནས་བདེན་པའི་འཐབ་རྩོད་བྱས་པ་རེད། དྲང་བདེན་མ་ཡིན་པ་ཁྲིམས་དང་སྲིད་ཇུས་ལ་མ་དགའ་བ་རེད། གཡོ་དང་སྒྱུ། དྲག་མནོན་དང་དམར་གསོད་ལ་མ་དགའ་བ་རེད། མི་ལ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་མ་སྤྲད་པས་མ་དགའ་བ་རེད། སྨྲ་བརྗོད་རང་དབང་འགྲོ་འདུག་རང་དབང༌། བསམ་བློའི་རང་དབང་དང་རྩོམ་འབྲིའི་རང་དབང་སོགས་མ་སྤྲད་པས་མ་དགའ་བ་རེད། འདོད་པ་མ་འཚིམ་པ་རེད། ཁོང་གཅིག་པོ་ལ་རང་དབང་དང་ཐོབ་ཐང་དེ་དག་མ་ཐོབ་པ་གཅིག་པོས་ཁོང་མ་དགའ་བ་མ་རེད། ཁོང་གི་ཤ་ཁྲག་རུས་གསུམ་གཅིག་པའི་བོད་མི་ཡོངས་ལ་ཐོབ་ཐང་དང་རང་དབང་དེ་དག་མ་སྤྲད་པ་དང་འཕྲོག་སོང་བས་ཁོང་མ་དགའ་བ་རེད། འདུག་མ་ཐུབ་པ་རེད། འདུག་བཟོད་མེད་སོང་བས་རེད།

དེ་བས་དེ་རིང་ངས་ཁོང་ལ་དམིགས་བསལ་དྲན་གསོ་ཞུ་གི་ཡོད། དེ་བས་ཞོགས་ལྗང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་ནི་དྲང་བདེན་མ་རེད། དེ་ནི་བཙན་མནོན་དང་ཁྲིམས་འགལ་རེད། སྒེར་གཅོད་སྲིད་གཞུང་གིས་མིའི་གཞི་རྩིའི་ཐོབ་ཐང་བཙན་འཕྲོག་བྱས་པ་ཡིན་པས། ཁྲིམས་གཅོད་དེ་ལ་ངོས་ལེན་རྩ་བ་ནས་མེད་ལ། ཉེས་མེད་ལ་ཉེས་འགེལ་བྱས་པ་ཡིན་པས་སྒེར་གཅོད་སྲིད་གཞུང་གི་ཁྲིམས་འགལ་བྱས་པའི་ནག་ཉེས་ཆེན་པོ་དེ་ངས་དེ་རིང་མིའི་རིགས་ལ་ཤེས་བཅུག་པ་ཡིན།

མིའི་རིགས་ཀྱི་རང་དབང་དང་ཐོབ་ཐང་འཐབ་རྩོད་པ་ཞོགས་ལྗང་ངམ་འབྲུག་ལོ་ལགས་ནི། སྤྱི་ལོ་༡༩༨༦ལོར་བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ཞིང་ཁ་རྒྱ་སྡེ་བ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་དཔའ་སྤོབས་པ་དང་བློ་རིག་པ་ལྡན་པའི་བཙན་པོའི་གདུང་རྒྱུད་ཅིག་ཡིན། ཁོང་གིས་ས་གནས་སློབ་ཆུང་དང་བསང་ཆུ་རྫོང་སློབ་འབྲིང༌། ནུབ་བྱང་མི་རིགས་སློབ་ཆེན་བཅས་སུ་སློབ་སྦྱོང་གནང༌། རིམ་གྱིས་ཁོང་གིས་དྲ་ཚིགས་དང་དུས་དེབ་བཅས་སུ་སྙུ་གུའི་སྟོབས་ལ་བརྟེན་ནས་རྩོམ་ཡིག་གང་མང་སྤེལ། སྤྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་པོ་བྱུང་སྐབས་ནུབ་བྱང་མི་རིགས་སློབ་ཆེན་དུ་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་ལས་འགུལ་སྤེལ་བའི་སྣེ་ཁྲིད་པའི་གྲས་ཡིན་པ་དང༌། སྤྱི་ལོ་༢༠༡༠ལོའི་ཟླ་༤ཚེས་༦འཐབ་གྲོགས་ཐེའུ་རང་དང་ཁོང་གཉིས་རྒྱ་གཞུང་གིས་ཕྱི་ལོགས་ལ་འབྲེལ་བ་འདུག་ཟེར་ནས་འཛིན་བཟུང་བྱས། ལན་ཀྲུ་ཁྲིམས་ཁང་དུ་ཟླ་གཅིག་རིང་ཚ་འདྲི་དང་མནར་གཅོད་བཏང་མཐར་ཀློད་གྲོལ་བཏང་ཡང་དྲན་པ་གསལ་བོ་མེད་པའི་ཚད་དུ་བསྐྱལ།

ཁོང་སློབ་ཆེན་ཐོན་སྐབས་རྒྱ་གཞུང་གིས་མཐར་ཕྱིར་རྒྱུགས་འགྲན་དུ་ཞུགས་མ་བཅུག་པ་མ་ཟད། མུ་མཐུད་དུ་དང་དུས་རྒྱུན་དུ་ཁོང་གི་འགུལ་སྐྱོད་ལྟ་རྟོག་དང་ལས་ཀའི་ཐད་ལ་དཀའ་རྙོག་རིམ་པར་བཟོས། དཔེར་ན། ཁོང་སློབ་མཐར་ཕྱིན་རྗེས་ཟི་ལིང་དུ་སོང་ནས་གྲོགས་པོ་གདོན་དང་ལྷན་དུ་དཔེ་གཟིགས་ཁང་ཞིག་སྒོ་ཕྱེས་ཀྱང་ཞྭ་བར་ཆད་བདུད་ཀྱི་རླུང་འཚུབ་དུས་མིན་དུ་ལྡང་བས། ཟླ་ངོ་འགའ་ལས་ཚོང་གཉེར་བྱིད་མ་ཐུབ་པར་གཞན་ལ་བཙོང་ས་ཟྭ་དགོས་བྱུང་འདུག ཁོང་གིས་སློབ་ཞོར་དང་ལས་ཞོར་དུ་མཚམས་མ་བཞག་པར་མུ་མཐུད་དུ་རང་དབང་གི་ཆེད་དུ་རྩོམ་བྲིས་ནས་འཇིགས་སྣང་མེད་པར་གང་སར་སྤེལ་བ་དང༌།༼ལམ་གྱི་སྙིང་སྟོབས་༽ཞེས་པའི་དེབ་ཅིག་པར་སྐྲུན་བྱས་ཀྱང་རྒྱ་གཞུང་གིས་བདེན་པའི་རྒྱུ་མཚན་གང་ཡང་མེད་པར་བཀག་སྡོམ་གཞུང་བཞེས་བཏང༌། ཁོང་གིས་ད་དུང་མུ་མཐུད་དུ་སྤོབས་པ་ཆེན་པོས་༼རང་གྲོལ་སྙིང་སྟོབས་༽དང་༼རང་དབང་གི་ཆེད་དུ། ༼ང་ལ་བློ་འགྱོད་མེད།༽༼སྙུ་གུའི་སྟོབས་༽བཅས་དཔེ་དེབ་འགའ་པར་བསྐྲུན་དང་འགྲེམ་སྤེལ་བྱས། ད་དུང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝང་ལི་ཞོན་དང་ཡུ་ཅེ་སོགས་ཀྱི་རྩོམ་ཡིག་མང་པོ་བོད་བསྒྱུར་བྱས། རང་དབང་ཏིལ་འབྲུ་ཙམ་ཡང་མེད་ས་དང༌། ཐོབ་ཐང་སྤུ་ཉག་ཙམ་མེད་ས། མེ་མདའ་དང་ལྕགས་སྒྲོག བཙོན་ཁང་དང་བཙོན་ལས་ཀྱིས་གཉའ་མནོན་དང་གདུག་རྩུབ་ཆེ་ས་ན། རང་དབང་དང་བདེན་པ་གཞི་ལ་བཞག་ནས་རྩོམ་ཡིག་འབྲི་བ་ལས་སླ་བོ་ཞིག་གཏན་ནས་མ་རེད། ཡིན་ནའང་བཙན་པོའི་གདུང་རྒྱུད་རྒོད་པོ་འདིས་རང་དབང་དང་ཐོབ་ཐབ་ཀྱི་དོན་དུ་འདི་འདྲའི་རྩོམ་མང་པོ་བྲིས་པ་ནི་ཚེ་དང་སྲོག་གི་བློས་གཏོང་ཡིན་པ་ང་ཚོས་གསལ་བོ་རྟོགས་ཐུབ། དཔའ་དང་སྤོབས་པའི་འགུལ་སྐྱོད་ཡིན་པ་ང་ཚོས་གསལ་བོ་མཐོང་ཐུབ།

སྤྱི་ལོ་༢༠༡༥ལོའི་ཟླ་༣ཚེས་༡༩ཉིན་རེབ་ཀོང་དུ་རྒྱ་གཞུང་གིས་ཞོགས་ལྗང་སླར་འཛིན་བཟུང་བྱས་འདུག ཟླ་དེའི་ཚེས་༡༦ཉིན་ཁོང་གིས་ཉིན་ཐོ་ཞིག་བྲིས་པ་ལས།“རེབ་གོང་ནས་མེ་མདའ་བཟུང་བའི་དམག་མི་སྐོར་དང་སྐོར་བྱས་ནས་མང་ཚོགས་དག་ལ་སྔོག་བཤེར་བྱེད་ཀྱི་འདུག འདི་ནི་མང་ཚོགས་སྤྱི་བའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་ཡིན་ནམ། བསམ་བཞིན་དུ་དམངས་སེམས་ལ་ཟིང་ཆ་བསླངས་པ་ཡིན་ནམ། སྤྱི་ཚོགས་བརྟན་བརླིང་ཟེར་བ་ནི་འདི་ལྟའི་བྱེད་ལས་ཤིག་ཡིན་ཚེ་ཤིན་ཏུ་འཇིགས་སུ་རུང་བ་ལ། མང་ཚོགས་ཀྱི་སྟེང་དུ་མེ་མདའ་བཟུང་བའི་ཉེན་རྟོག་པ་འདི་དག་ནི་སུ་ཞིག་གི་ལག་ཆ་ཡིན་ནམ། ཁོ་ཚོས་ཅིའི་ཕྱིར་འདི་ལྟར་བྱེད་དགོས་པ་ཡིན་ནམ། ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི་འདི་ལྟར་འགན་སྲུང་བྱས་པ་ཡིན་ནམ། ཁྲིམས་སྐྱོང་རྒྱལ་ཁབ་ཅེས་པ་ནི་འདི་ལྟ་བུ་ཞིག་ཡིན་ནམ། བསམས་ཤིང་བསམ་ན་འཇིགས་དངངས་སྐྱེས་པའི་བྱེད་ལས་འདི་དག་ནི་ཟིང་འཁྲུག་གི་རྒྱུ་འབའ་ཞིག་ལས་མ་འདས་སོ།།

ཟྭ་ཞེས་བཀོད་པ་འདི་ལས་ང་ཚོས་ཅི་ཞིག་མཐོང་ཐུབ བདེན་པ་བདེན་རྐྱང་དང་དངོས་ཡོད་གནས་ཚུལ་མཐོང་ཐུབ་ཡིན་ནའང་བསད་པ་དང་རྡུང་བ། འཛིན་པ་དང་བཙོན་དུ་འཇུག་པ་ལ་ཐེ་ཚོམ་གང་མེད་པའི་དྲག་པོའི་སྲིད་གཞུང་ཞིག་གིས་འཇོག་སྲིད་དམ། མ་གཞི་རྒྱ་གཞུང་ནི་སྒེར་གཅོད་སྲིད་གཞུང་དང༌། རུལ་སུངས་སྲིད་གཞུང༌། མིའི་རང་དབང་དང་ཐོབ་ཐང་རྡོག་རོལ་ཏུ་གཏོང་བའི་སྲིད་གཞུང་འཇིགས་སུ་རུང་བ་དང་གདུག་རྩུབ་ཅན་རེད་ཅེས་བཤད་དོན་ཡང་འདི་ན་ཡོད། གོང་གི་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་བྲིས་པའི་ཉིན་ཐོ་འདིས་སྒེར་གཅོད་གཞུང་ངོ་ཚ་རུ་བཅུག་ཡོད་པ་དང༌། འདུག་མི་བཟོད་པ་བཟོས་པ་ཡོད་པ་གསལ་བོ་རེད། སྤྱི་ལོ་༢༠༡༦ལོའི་ཟླ་༣པའི་ཚེས་༡༧ཉིན་ཁྲིམས་རྩོད་ཀྱི་གོ་རིམ་གང་མེད་པར་ཁོང་ལ་༢༠༠༨ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསློངས་པ། ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ཐེངས་མང་པོར་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ཀྱི་ནག་ཉེས་བགྲང་སྟེ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
 མེ་མདའ་དང་ལྕགས་སྒྲོག་གི་གདུག་རྩུབ་འོག་ཏུ་འཚོ་བའི་མི་ཞིག་ལ་འདི་ལྟར་ཉེས་མེད་ཉེས་འགེལ་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི། འཇིག་རྟེན་ལ་མི་ཤོངས་པའི་ནག་ཉེས་ཡིན་ལ། སྒེར་གཅོད་སྲིད་གཞུང་གི་ཆེས་ཆེ་བའི་ནག་ཉེས་དང་གདུག་རྩུབ་ཁོ་ན་ཡིན། ཞོགས་ལྗང་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་འདིས་རྒྱ་གཞུང་གིས་མི་མང་གཞི་རྩའི་ཐོབ་ཐང་དང་རང་དབང་བཙན་གྱིས་འཕྲོག་གི་ཡོད་པའི་འཇིགས་རུང་གི་སྲིད་ཇུས་དམར་རྗེན་དུ་བསྟན་པ་ཡིན་ལ། བོད་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་དང་རང་དབང་གང་ཡང་མེད་པར་མེ་མདའ་དང་ལྕགས་སྒྲོག་བཙོན་ཁང་དང་བཙོན་ལས་བཅས་ཀྱི་གདུག་རྩུབ་དང་དྲག་མནོན་འོག་ཏུ་ཡོད་པ་ར་སྤྲོད་གསལ་བོ་བྱས་པ་རེད།

ད་ལྟ་ང་ཚོའི་དཔའ་རྒོད་ཞོགས་ལྗང་བཙོན་ཁང་དུ་ཡོད། སྤྱིར་བཙོན་ཁང་གི་དཀའ་སྡུག་གི་རྣམ་པ་ནི་བཟོད་དཀའ་བ་ཞིག་ཡིན་མོད། ལྷག་པར་རྒྱ་གཞུང་གི་བཙོན་ཁང་གི་རྣམ་པ་དམྱལ་བའི་ཁམས་ལྟ་བའི་འཇིགས་སུ་རུང་བ་དང་ཡ་ང་བ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ད་ལྟ་ཞོགས་ལྗང་གིས་མི་དང་མིའི་རིགས། བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་དོན་དུ་བཙོན་ཁང་གི་བཟོད་དཀའ་བའི་མནར་གཅོད་དེ་མྱོང་བཞིན་ཡོད།

སྔ་ཕྱི་ཙམ་མ་གཏོགས་བདེན་པ་ནི་རྒྱལ་ངེས་པ་ཡིན། ད་ལྟ་གོ་ལ་ཆེན་པོ་འདིར་ཞོགས་ལྗང་གི་དཔའ་སྤོབས་ཀྱི་གཟི་བརྗིད་དང༌། བདེན་པ་དང་རང་དབང་ལ་དགའ་བའི་བསམ་བློ་དང་སྙིང་སྟོབས། བདེན་པ་དང་གནས་ལུགས་ཀྱི་ཆེད་དུ་འཐབ་རྩོད་གནང་བའི་ཆེས་ཡང་དག་པའི་ཀུན་སྤྱོད་དེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང༌། འཛམ་གླིང་རྒྱལ་ཁབ་༡༤༠ལྷག་གིས་གྲུབ་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་བཅས་བརྒྱུད་ནས་འབྲུག་སྒྲ་བཞིན་གྲགས་བཞིན་ཡོད་ལ། དྲང་བདེན་ལ་གནས་ལུགས་ལ་དགའ་བའི་མི་དང་ཁོང་ལྟ་བུའི་སྙུག་ཐོགས་པ་ཡོངས་ཀྱིས་མཆོག་ཏུ་བཀུར་ཞིང་རྒྱབ་ནས་ལང་བཞིན་ཡོད།

ད་ལྟ་ད་དུང་ཚོར་བའི་རླབས་འཕྱོ་ཞིང་ངག་གི་རྒྱུན་མཚམས་མི་ཆད་པར་ཞོགས་ལྗང་གི་དཔའ་བའི་སྟོབས་དང་བདེན་པའི་སྟོབས། སྙུ་གུའི་སྟོབས་བཅས་ཀྱི་ཐད་ནས་མང་དུ་བགྲོ་བ་ཡོད་ཀྱང༌། དུས་་བཅུ་བ་སོགས་ཀྱི་ཞལ་ཆེམས་དྲོན་མོ་བོད་མི་རིགས་ཀྱི་སྙིང་ལ་བཅངས་ཡོད་པ་ཤེས་བཅུག་སོང༌། ཁ་དྲོ ཚོད་ཀྱིས་དབང་གིས་བཙན་གྱིས་མཚམས་འཇོག་གི་ཡིན། ད་ལྟ་ཁོང་གི་ཤུལ་དུ། བརྩེ་བ་ཟབ་པའི་སྐྱེས་སྨན་ཞིག་ཡོད་ལ། འབྲལ་དཀའ་བའི་གཅེས་ཕྲུག་ཤིག་ཀྱང་ཡོད། ཁོང་གི་གཅེས་ཕྲུག་གི་མིང་ལ་ཞྭརང་དབང་ལ་དགའ་བ་ཟྭཞེས་འབོད་པ་ཡིན། ཁ་དྲོ། སྙན་ངག ཁྱོད་ཀྱིས་ཞོགས་ལྗང་ལྟ་བུའི་མི་རུས་པ་ཅན་རྣམས་ལ་བདེན་པ་བཤད་ཅིང་གྱེར་བའི་སྨྲ་ལྕེའི་སྟོབས་བསྩལ་སོང༌། ཁ་དྲོ ཞོགས་ལྗང༌། ཁྱོད་ཀྱིས་བཙན་པོའི་དཔའ་སྤོབས་དང་བློ་རིག་ད་དུང་བོད་མི་རིགས་ཀྱི་ཤ་གསེང་རུས་གསེང་ན་ཡོད་པ་མཐོང་བཅུག་སོང༌། པཎ་ཆེན … … སྤྱི་ལོ་༢༠༡༦ ཟླ་༣ ཚེས་ ༢༡ ལ་མེ་འོད་ཀྱིས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་གུས་ཕུལ།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།