choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


༸གོང་ས་མཆོག་གི་སྐུ་པར་བཤམ་ན་དགོན་པ་ལས་ཕྱིར་ཕུད་གཏོང་རྒྱུ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 ༢༠༡༦།༠༣།༢༨ཉིན་སྤེལ། མདོ་སྨད་རེབ་གོང་དུ་རོང་བོ་དགོན་པའི་འདུ་ཁང་དང་ལྷ་ཁང་དོ་དམ་བྱེད་པའི་མི་སྣ་དོ་དམ་བྱེད་ཐབས་ཞེས་པའི་དོན་ཚན་བདུན་ཅན་ཞིག་ལས། ༧གོང་ས་མཆོག་གི་པར་སྒྲིག་གཤོམ་མི་ཆོག་པའི་སྒྲིག་གཞི་བཟོས་འདུག

འདི་གསར་ཁང་དུ་ཡོ་རོབ་བསྟན་འཛིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། རྒྱ་ནག་གཞུང་གིས་མདོ་སྨད་རེབ་གོང་དུ་ཕྱི་ཟླ་༣་ནང་དུ། དམ་དྲག་སྔར་ལས་བྱས་ཡོད་པ་དང་བསྟུན་དམིགས་བསལ་དགོན་པའི་འདུ་ཁང་ལྷ་ཁང་སོགས་ཀྱི་གནས་སུ། ༧གོང་ས་མཆོག་གི་སྐུ་འདྲ་འགལ་མཁན་ཡོད་ན་འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་དགོན་པ་ནས་ཕྱིར་ཕུད་དགོས་པ་མ་ཟད། སྤྱི་བདེ་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་པ་དང་། འདུ་ཁང་ལྷ་ཁང་སྒོ་བརྒྱབ་ནས་དག་ཐེར་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པར་འགྲེལ་བརྗོད་གནང་སོང་།

གཞན་ཡང་། ཡིག་ཆ་དེའི་ངོ་བཤུས་གཤམ་དུ་གསལ་བོར་བཀོད་ན། རོང་བོ་དགོན་པའི་འདུ་ཁང་དང་ལྷ་ཁང་དོ་དམ་བྱེད་པའི་མི་སྣ་དོ་དམ་བྱེད་ཐབས།
 དོན་ཚན་དང་པོ། དོ་དམ་མི་སྣས་དགོན་པའི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་དབུ་ཁྲིད་བྱས་པའི་འོག་བྱ་བ་སྤེལ་བ་དང་། སྒྲིག་སྲོལ་ལམ་ལུགས་སོ་སོས་བརྩི་སྲུང་ནན་མོ་བྱེད་དགོས།
 
དོན་ཚན་གཉིས་པ།  དོ་དམ་མི་སྣ་བརྗེ་དུས། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ཞུས་ཏེ་ཡིག་ཚགས་སུ་འགོད་བྱེད་དུ་འཇུག་དགོས་པ་མ་ཟད། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དོ་དམ་མི་སྣ་ཡིས་འདུ་ཁང་དང་ལྷ་ཁང་དོ་དམ་གྱིོ་འགན་འཁྲིའི་ཡི་གེའི་སྟེང་མིང་རྟགས་བཀོད་རྗེས། ད་བཟོད་དོ་དམ་གྱི་བྱ་བ་བསྒྲུབ་ཆོག
 
དོན་ཚན་གསུམ་པ། དོ་དམ་མི་སྣས་འདུ་ཁང་དང་ལྷ་ཁང་གི་མེ་འགོག་དང་རྐུན་འགོག ཆུ་འགོག་སོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་བྱ་བ་སོ་སོ་དུས་རྒྱུན་ལེགས་པར་བསྒྲུབས་ཏེ། གྲྭ་བ་རེ་འགས་འདུ་ཁང་དང་ལྷ་ཁང་ནང་དུ་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ནས། རོང་བོ་དགོན་པའི་སྤྱིའི་སྣང་བརྙན་རྫོད་པར་བཀག་འགོག་བྱེད་དགོས།
 
དོན་ཚན་བཞི་བ། དགོན་པའི་འདུ་ཁང་ལྷ་ཁང་སོགས་ཀྱི་གནས་སུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སྐུ་འདྲ་གཏན་འགོག་བྱེད་དགོས་པ་དང་། གལ་ཏེ་འགལ་མཁན་ཡོད་ན་འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་དགོན་པ་ནས་ཕྱིར་ཕུད་དགོས་པ་མ་ཟད། སྤྱི་བདེ་སྡེ་ཁག་ལ་སྤད་དེ་ཐག་གཅོད་བྱེད་པ་དང་། བྱུང་རིམ་ཚབ་ཆེ་ན་འདུ་ཁང་ལྷ་ཁང་སྒོ་རྒྱབ་ནས་དག་ཐེར་བྱེད་དགོས།
 
གོང་གི་གནས་ཚུལ་དེ་ནི་གློ་བུར་དུ་གཏན་འཁེལ་བ་ཞིག་མ་ཡིན་པའི་ལོ་སྔོན་མའི་འཆར་གཞི་བཟོས་ཏེ་རྒྱ་གཞུང་གིས་རེབ་གོང་རོང་བོ་དགོན་ཆེན་གཙང་སེལ་གྱི་ཆབ་སྲིད་ལས་གུལ་སྤེལ་འདུག་པ་དེ་ད་ལྟའི་ཆར་ལག་ལེན་དངོས་སུ་བསྟར་བཞིན་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།