choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་བཙོན་པ་ཞིག་ནད་པ་བཟོས་ནས་ཀློད་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༣ཚེས་༢༤ཉིན་སྤེལ། འདི་ག་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། བོད་མདོ་ཁམས་དཀར་མཛེས་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཞིག་༢༠༠༨ལོར་རྒྱ་གཞུང་གིས་ལོ་༨བཙོན་འཇུག་ཁྲིམས་ཐག་བཅད་རྗེས་༢༠༡༦ལོའི་ཟླ་༣ཚེས་༢༠ཉིན་རྒྱའི་བཙོན་ཁང་ནས་དངོས་སུ་ཀློད་གྲོལ་ཐོབ་ཡོད་ཀྱང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས་པདྨ་དབང་རྒྱལ་ལགས་ཀྱིས་གསུངས་གནང་དོན། ཆུ་ཁ་ཚང་དངོས་དགའ་ནི་ཁམས་དཀར་མཛེས་ནས་ཡིན་ཞིང༌། སྤྱི་ལོ་༢༠༠༨ལོའི་བོད་ས་ཡོངས་ཀྱི་ཞི་རྒོལ་སྐབས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་མཁན་དང་པོ་དེ་ཡིན་འདུག་ལ། སྐབས་དེར་ཁུལ་དེར་ཡོད་པའི་རྒྱ་གཞུང་གི་ཉེན་རྟོགས་པས་འཛིན་བཟུང་བཀག་ཉར་རྗེས་དཀར་མཛེས་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་ཆད་ལོ་༨ ལ་བཅད་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་ལོ་༨་ཀྱི་ཁྲིམས་ཆད་དུས་བཀག་མཇུག་རྫོགས་ནས་ཕྱིར་རང་ཁྱིམ་དུ་སླེབས་ཡོད་ལུགས་དབང་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌། སྤྱིར་བཏང་ཁོང་གི་ཁྲིམས་ཆད་དུས་བཀག་མཇུག་རྫོགས་པའི་ཉིན་ལོ་ནི་ཟླ་འདིའི་ཚེས་༡༨ཉིན་ཡིན་ཡང་ཉིན་གཉིས་འཕར་འགྱངས་བྱས་པའི་དམིགས་ཡུལ་ནི། ཁོང་ཁུལ་དེའི་ས་གནས་གཞུང་ནས་ཀློད་གྲོལ་བྱེད་དུས་ཟླ་འདིའི་ཚེས་༢༠ཡི་ས་གནས་ཀྱི་མཚན་མོའི་ཆུ་ཚོད་༡༡ཙམ་རེད་འདུག ཅེས་མུ་མཐུད་གསུངས་སོང༌།

དེང་སྐབས་ཆབ་སྲིད་བཙོན་མ་ཚོ་ཀློད་གྲོལ་ཐོབ་དུས་ས་གནས་མི་དམངས་ཚོས་ཕྱག་ལ་ཁ་བཏགས་བཟུང་ནས་ཕེབས་བསུ་གཟབ་རྒྱས་བྱེད་བཞིན་ཡོད་པར་བརྟེན་ཕེབས་བསུ་སྣེ་ལེན་དེ་དག་གཡོལ་ཆེད་དུ་མཚན་མོར་བཙོན་པའི་རང་ཁྱིམ་དུ་བཏང་གི་ཡོད་ལུགས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གསལ་སྟོན་གནང་སོང༌།

སྤྱི་ལོ་༢༠༠༨ལོའི་བོད་ས་ཡོངས་ཀྱི་ཞི་རྒོལ་སྐབས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་སྐབས་དེར་རྒྱ་ནག་ཉེན་རྟོག་པ་དང་དྲག་ཆས་དམག་མིས་མེ་མདའ་སོགས་བརྒྱབས་ནས་རྨས་སྐྱོན་ཕོག་ཁར་འཛིན་བཟུང་གིས་ཟླ་ཤས་རིང་དཀར་མཛེས་རྫོང་ཐོག་གི་མཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་རྗེས་དར་རྩེ་མདོའི་བཙོན་ཁང་ཞིག་ཏུ་སྐྱེལ་ཡོད་པ་རེད།

སྤྱི་ཟླ་ ༡༠ བའི་ཚེས ༣༠ ཉིན་གྱི་ཆུ་ཚོད་༩ ཡས་མས་སུ་ཁོང་དཀར་མཛེས་རྫོང་མི་དམངས་ཁྲིམས་ཁང་དུ་འཁྲིད་ནས་ཁྲིམས་དཔོན་སོགས་ལྟ་རྟོག་བྱེད་མཁན་མི་སྣ་༣༠ འཛོམས་ཁུལ་བྱས་ཏེ་བོད་པ་སྐད་བསྒྱུར་བ་གཅིག་མ་གཏོགས་གཞན་རྣམ་ཚང་མ་རྒྱ་མི་ཡིན་འདུག

སྐབས་དེར་ཁྲིམས་ཁང་དུ་དངོས་དགའ་ལ་དེ་སྔོན་རྒྱ་ཁབ་ལ་ངོ་རྒོལ་བྱེད་དགོས་དོན་དམིགས་ཡུལ་ཇི་ཡིན་འདྲི་སྐབས། དེའི་ལན་དུ་དངོས་དགའ་ནས་གསུངས་དོན། «ང་ཚོའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་གྲོལ་དགོས་པ་དང༌། ༧རྒྱལ་བ་རིན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་མ་ཟད། སེམས་ཅན་དབུགས་ཡོད་ཚང་མར་ཞི་བདེ་རང་དབང་དགོས་པ་དང་བོད་པའི་རྩ་དོན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་མ་གཏོགས།  ངས་ཅ་དངོས་མེར་བསྲེགས་དང་སྤྱི་ཚོགས་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་གང་ཡང་བསགས་མེད་ཅེས་དང༌། འོན་ཀྱང་ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་རྡུང་རྡེག་དང་དྲག་གནོན་བཏང་བར་བརྟེན། ང་བཙོན་ཁང་དུ་སླེབས་ནས་དུས་ཚོད་རིང་པོ་སོང་རྗེས་མ་གཏོགས་ཤི་གསོན་གྱི་ཚོར་བ་ཡང་མེད་པ་གྱུར་སོང༌། ཞེས་བཤད་ཡོད་འདུག  སྐབས་དེར་དཀར་མཛེས་མི་དམངས་ཁྲིམས་ཁང་གིས་ཁོང་ལ་དུས་བཀག་བཙོན་འཇུག་ལོ༨དང་ཆབ་སྲིད་ཀྱི་ཁེ་དབང་ལོ༤འཕྲོག་རྒྱུའི་ཡོངས་ཁྱབ་དྲིལ་བསྒྲགས་བྱས་ཡོད་པ་རེད།

ཁོང་ཀློད་གྲོལ་ཐོབ་རྗེས་དཀར་མཛེས་ཀྱི་ས་ཕྱོགས་གང་སར་རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོགས་པ་སོགས་བོད་མི་ཚོའི་སྡོད་ཁྱིམ་དུ་སླེབསཏེ་ཁུལ་དེ་དག་གི་ཡུལ་མི་ཚོས་ཕེབས་བསུ་དང་མཆོད་བཤམས་མཆོད་འབུལ་བྱེད་ཀྱི་ཡོད་མེད་ཐོག་ལ་ལྟ་རྟོག་བྱེད་བྱས་དང་བྱེད་མུས་རེད་འདུག

དངོས་དགའ་ལགས་ཀྱི་ད་ལྟའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག་ལ། བཙོན་ཁང་དུ་ཁོང་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་མནར་གཅོད་ཚད་བསམ་ཡུལ་ལས་འདས་པ་བཏང་བར་བརྟེན་ཁོང་ཕར་ཚུར་འགྲོ་བསྐྱོད་བྱེད་སྐབས་རོགས་རམ་བྱེད་མཁན་མི་གཅིག་མེད་ན་འགྲོ་མི་ཐུབ་པ་བཟོས་ཡོད་པ་དང༌། ཕར་བལྟས་ཚོད་ཀྱིས་སྐེད་པ་བེད་མེད་དུ་གྱུར་ཚར་ཡོད་ཚོད་འདུག དབང་རྒྱལ་ལགས་ཀྱིས་དེ་དག་ནི་ཁོང་བཙོན་གྲོལ་ཐོབ་རྗེས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཙམ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང་བ་བཅས།

གསར་འགོད་པ་འཇམ་དབྱངས་ཤེས་རབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།