choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བོད་མི་བོད་ནང་ཁུལ་དུ་འགྲོ་བར་བཀག་བསྡོམས་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༢༤ཉིན་སྤེལ། བོད་ནང་བཞུགས་ཡོད་པའི་བོད་རིགས་ལྷ་སར་མཆོད་མཇལ་འགྲོ་མཁན་ཚོར་རྒྱ་ནག་གཞུང་གིས་བཀག་བསྡོམས་དང་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག

དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ཟླ་༣པའི་ཚེས་༡ནས། ཕྱི་ཟླ་༤ཚེས་༡༢བར་དུ་མདོ་སྟོད་སྨད་ནས་ཡིན་པའི་བོད་རིགས་ལྷ་སར་མཆོད་མཇལ་འགྲོ་མཁན་ཚོར་བཀག་བསྡོམས་དང་དམ་དྲགས་ཤུགས་ཆེན་བྱས་ཏེ། མཚོ་སྔོན་ནས་ལྷ་སར་མཆོད་མཇལ་ཡོང་མཁན་གྱི་བོད་མི་རྣམས་ལ་མེ་འཁོར་གྱི་འཛིན་བྱང་བཙོང་མེད་པ་དང་། བོད་རིགས་འགྲུལ་པ་ཚོ་ཟི་ལིང་མེ་འཁོར་འབབ་ཚུགས་ནས་བདུན་ཕྲག་གཅིག་རིང་སྒུག་ན་ཡང་ད་དུང་ལྷ་སར་འགྲོ་བསྐྱོད་བྱེད་དུ་བཅུག་མེད་པ་རེད་འདུག 

འདི་ག་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན།  ཕྱི་ཟླ་༣པའི་ཚེས་༡༠ཉིན་བོད་ས་ཡོངས་ལ་རྒྱ་ནག་གཞུང་གིས་དམ་དྲགས་ཤུགས་ཆེན་བྱས་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་མདོ་སྨད་མགོ་ལོག་ས་ཁུལ་ལྷག་པར་དར་ལག་རྫོང་དུ་རྒྱ་གཞུང་ཉེན་རྟོག་པ་དང་། དམག་མི་འབོར་ཆེན་བཀྲམས་ཏེ། དེ་དག་གི་ལག་ཏུ་མེ་མདའ་བཟུང་ནས་སྔར་ལས་ལྷག་པའི་དྲག་གནོན་བྱེད་པ་དང་བསྡིགས་ར་གཏོང་གི་ཡོད་འདུག དེ་ཡང་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་དང་། རྒྱ་ནག་གི་གསུམ་གཅིག་དོན་རྐྱེན་དང་འབྲེལ་དམ་དྲགས་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

གཞན་ཡང་མཚོ་སྔོན་ནས་ལྷ་སར་མཆོད་མཇལ་ཡོང་མཁན་གྱི་བོད་མི་རྣམས་ལ་མེ་འཁོར་གྱི་འཛིན་བྱང་བཙོང་གི་མེད་པ་དང་། ཟི་ལིང་མེ་འཁོར་འབབ་ཚུགས་ནས་བདུན་ཕྲག་གཅིག་རིང་སྒུག་ན་ཡང་ད་དུང་ལྷ་སར་འགྲོ་བསྐྱོད་བྱེད་དུ་བཅུག་མེད་འདུག  དེ་ཡང་བོད་རིགས་གཅུག་པུ་མ་གཏོགས་རྒྱ་མི་རིགས་དང་། མི་རིགས་གཞན་དག་ཚང་མ་ལྷ་སར་འགྲོ་བསྐྱོད་ཆོག་གི་ཡོད་པའི་ཛ་དྲག་གི་གནས་ཚུལ་བྱུང་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།