choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བླ་བྲང་འཇིཊ་མེད་མགོ་རིལ་སྨན་ཁང་ནང་བཀག་ཉར་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༠༨ཉིན་སྤེལ། རྒྱ་ནག་གཞུང་གི་མཁྲེགས་འཛིན་མི་སྣས་བླ་བྲང་འཇིགས་མེད་མགོ་རིལ་ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་ཟིན་ན་ཡང་གློད་གྲོལ་མ་བྱས་པར་མུ་མཐུད་སྨན་ཁང་ནང་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་ཁུ་འཇིགས་མེད་ནི་ཕྱི་ལོ་༢༠༡༡ཟླ་༨པའི་ཚེས་༢༠ཉིན་འཛིན་བཟུང་བྱས་པ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཐག་མ་བཅད་པར་སྨན་ཁང་དུ་གསང་བའི་སྒོ་ནས་བཀག་སྡོམ་བྱས་པ་དང༌། ༢༠༡༤ཕྱི་ཟླ་༨པའི་ནང་དངོས་སུ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད།  དེ་ནི་ཁོང་བཙོན་འཇུག་བྱེད་ཐེངས་བཞི་བ་དེ་ཡིན་འདུག

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་འཇིགས་མེད་མགོ་རིལ་ལགས་སུ་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་བརྒྱུད་མ་བཅུག་པར་ལོ་ལྔའི་ཁྲིམས་ཆད་བཅད་ཡོད་པ་ནི་ཡོངས་གྲགས་ཡིན་པ་དང་། ཁྲིམས་ཐག་བཅད་རྗེས་ཟླ་རེ་ལ་ཐེངས་རེར་ནང་མི་ཐུག་འཕྲད་དུ་འགྲོ་ཆོག་ནའང༌། ཐུག་འཕྲད་སྐབས་ཟ་མ་བསྐྱལ་འཇུག་གི་མེད་པ་མ་ཟད། ཁ་པར་བརྒྱུད་སྐར་ཆ་ཉི་ཤུ་རེ་མ་གཏོགས་སྐད་ཆའང་བཤད་འཇུག་གི་མེད།  ཕྱི་ལོ༢༠༡༦ཕྱི་ཟླ་༢པའི་ནང་ནང་མི་ཐུག་འཕྲད་བྱེད་བཅུག་མེད་པ་དང་། ༢༠༡༦ཕྱི་ཟླ༡པོའི་ཚེས༢༥ཉིན་ནང་མི་ཐུག་འཕྲད་མཐའ་མ་དེ་རེད།

༢༠༡༦ཕྱི་ཟླ་༣པའི་ཟླ་མགོར་ཁྲིམས་ཁང་མི་སྣས་ཨ་ཁུ་འཇིགས་མེད་ད་ལྟ་སྨན་ཁང་ནང་( 兰州市大砂坪监狱医院)ཁྲིད་ཡོད་པའི་གནས་ཚུལ་ཞིག་ནང་མི་ལ་ཁ་པར་བརྒྱུད་ནས་བརྡ་འབྱོར་ཡོད་པ་དང་། སྨན་ཁང་དེ་ནི་བཙོན་མའི་སྨན་ཁང་ཞིག་ཡིན་པ་རེད། ནང་མིས་ཁོང་ལ་ན་ཚ་ཅི་ཡོད་དྲིས་པས། གནས་སྟངས་ཛ་དྲག་མིན་པས་སེམས་འཁྲལ་མི་དགོས་ཚུལ་བཤད་འདུག ཡིན་ནའང༌། ཕྱི་ཟླ་༡པོའི་ཟླ་མཇུག་ལ་ནང་མི་ཐུག་འཕྲད་སྐབས་ཨ་ཁུ་འཇིགས་མེད་རང་གིས། ང་སྨན་ཁང་ལ་ཁྲིད་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག་པས་དེ་ལ་དོ་སྣང་གྱིས་ཤིག་ཟེར་ནས་དངོས་སུ་གསུངས་འདུག དེ་དུས་ན་ཚ་འདི་ཡོད་ཟེར་ནས་བཤད་རྒྱུ་མེད་པས་ནང་མི་ཚོས་ཁོང་བཙོན་གྲོལ་ཐོབ་ལ་ཉེ་བའི་སྐབས་འདིར་སྨན་ཁང་ལ་ཁྲིད་པར་བློ་དོགས་དང་སེམས་འཁྲལ་འཕར་མ་བྱེད་ཀྱི་འདུག
 
སྤྱིར་བཏང་ངལ་རྩོལ་བའི་ལས་ཀའི་སྐར་མ་བསགས་ནས་བཙོན་འཇུག་གི་དུས་ཡུན་ཉུང་དུ་གཏོང་ལུགས་ཤིག་ཡོད་པ་ལྟར། ལག་ལེན་དགོས་ལུགས་ཞེས་ཨ་ཁུ་འཇིགས་མེད་ཀྱིས་ཁྲིམས་ཁང་མི་སྣར་ཞུས་ཀྱང་དེ་ལ་ཉན་འཇོག་བྱས་མི་འདུག  གལ་སྲིད་དེ་ལག་ལེན་བྱས་ཚེ༢༠༡༦ཕྱི་ཟླ༢པའི་ནང་བཙོན་གྲོལ་ཐོབ་ཡོད་པ་དང༌། དེ་ལྟར་མ་བྱུང་ནའང་ཕྱི་ལོ༢༠༡༦ཕྱི་ཟླ་༩བའི་ནང་ལོ་ལྔའི་ཁྲིམས་ཆད་ཀྱི་དུས་ཡུན་ཡོངས་སུ་རྫོགས་ཡོད་འདུག  གནས་ཚུལ་འདི་ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་ཕྲན་དགེ་འདུན་ཕུན་ཚོགས་ཀྱིས་ཕྱི་ལོ༢༠༡༦ཟླ་༣པའི་ཚེས་༨ཉིན་སྤེལ་འདུག

གསར་འགོད་པ། ཟླ་བ་པུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།