choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྩོམ་པ་པོ་གཉིས་ལ་ལོ་ལྔ་ནས་བཅོ་ལྔ་བར་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༡༦ཉིན་སྤེལ། དེ་རིང་ཞོགས་པར་ངེད་དྲ་ཚིགས་ནས་བོད་ནང་ལ་འབྲེལ་བ་བྱས་ཏེ་ཁུངས་ལྡན་གནས་ཚུལ་ཐོན་པ་ལྟར་ན། གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན་གངས་ཉི་འམ་ཀུན་དགའ་ཚང་དབྱངས་མཆོག་ཉེ་བའི་ཉིན་གཉིས་ཀྱི་སྔོན་དུ། ཀན་ལྷོ་གཙོས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཉེས་པ་གསུམ་བགྲང་ནས་དུས་ཡུན་ལོ་ལྔའི་ཁྲིམས་ཐག་བཅད་འདུག

ཉེས་པ་གསུམ་ནི།   དང་པོ་རྩོམ་ཡིག་གི་ནུས་པས་མི་རིགས་ཁ་བྲལ་ལ་གཏོང་བའི་བྱ་བཞག་སྤེལ་བ་མངོན་སུམ་ཡིན་པ།    གཉིས་པ་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་ཡོད་པ།  གསུམ་པ་ཁ་བྲལ་བ་ཤིང་བཟའ་རིན་པོ་ཆེ་ལ་འབྲེལ་བ་བྱས་ཡོད་པ་གསུམ་གྱི་ཉེས་མིང་འོག་ཏུ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད། སྐུ་ཞབས་ཀུན་དགའ་ཚང་དབྱངས་ལགས་ནི་མདོ་སྨད་མགོ་ལོག་ནས་འཚར་ལོངས་བྱུང་ཞིང་ལུང་དཀར་དགོན་ནས་རབ་ཏུ་བྱུང༌།   ཉེ་བའི་ལོ་འགའི་ནང་བླ་བྲང་བཀྲ་ཤིས་འཁྱིལ་ན་སློབ་གཉེར་བྱེད་ཀྱིན་ཡོད་པ་དང༌།  དེ་སྔོན་པེ་ཅིན་སློབ་ཆེན་ནས་སློབ་སྦྱོང་གནང་ཡོད་འདུག་ལ།  མགོ་ལོག་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ནང་ཕྱག་ལས་གནང་བཞིན་ཡོད་འདུག 

ལྷག་པར་འདས་པའི་ལོ་འགའི་ནང་ཁོང་གིས་ཟིན་བྲིས་ནང་རང་ཉིད་ཀྱི་རྩོམ་ཡིག་དང་དེ་ བཞིན་ཁོང་གིས་སྒྲོན་པའི་པར་རིས་སོགས་ལ་བོད་རྒྱ་ཆེ་མི་དམངས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད།   ཁོང་གི་རྩོམ་ཡིག་དང་སྒྱུ་རྩལ་གྱི་པར་རིས་དེ་དག་གིས་བོད་ཀྱི་ཟིན་བྲིས་རིག་གནས་མདུན་བསྐྱོད་ལ་བླ་ན་མེད་པའི་གཟི་ བརྗིད་བཞག་ཡོད་པར་ཀུན་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད།  ལོ་འདིའི་ཟླ་འགའི་སྔོན་ལ་མགོ་ལོག་འཇིགས་མེད་དང་མཉམ་དུ་བླ་བྲང་དགོན་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ།  ད་ལྟའི་བར་ཟླ་ངོ་དགུ་ལྷག་ལ་གར་སོང་ཆ་མེད་ཀྱི་གནས་སུ་ལྷག་ཡོད།

 དེ་དང་མཉམ་དུ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་ཡིན་པའི་སྐུ་ཞབས་ཚེ་འཕེལ་མཆོག་ལ་ཡང་དུས་ཡུན་ལོ་བཅོ་ལྔའི་ཁྲིམས་ཆད་བཅད་ཡོད་འདུག   ཉེས་པ་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་ཡོད་པའི་ཉེས་མིང་བཏགས་ཡོད་པའི་གནས་ཚུལ་ཐོན་འདུག འོད་དཀར་དྲ་ཚིགས་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།