choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་བ་ཞིག་གིས་སྐུ་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༠༢ཉིན་སྤེལ། དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་རང་དབང་གི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པ་ནས་ཡིན་པའི་དགེ་འདུན་པ་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ག་གསར་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་། ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་ (Retsokha Aryaling Monastery དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས།  བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་གནང་སྐབས། ས་གནས་བོད་མི་ཚོས་མྱུར་ཏུ་ལུས་སྟེང་གི་མེ་བསད་ནས་ཁོང་ཉག་རོང་རྫོང་མི་མང་སྨན་ཁང་དུ་ཁྱེར་ཡོད་ན་ཡང་། སྨན་ཁང་དེར་མྱུར་སྐྱོབ་བྱེད་མ་ཐུབ་པས་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ཏུ་འཁྱེར་སྐབས་ལམ་བར་ནས་སྐུ་གྲོངས་ཡོད་འདུག

ཕྱིས་སུ་ཉག་རོང་རྫོང་གི་བོད་མི་ཞིག་གིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན།  གོང་ཚེས་ཉིན་གྱི་སྔ་དྲོ་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་མཚོ་ཁ་དགོན་པའི་གཤམ་འོག་ཏུ་ཡོད་པའི་གྲོང་པ་ཞིག་གི་ཁྱིམ་ནས་མི་ཞིག་གྲོངས་ཡོད་པར་བརྟེན་དེ་རུ་ཞབས་བརྟན་དུ་ཕེབས་འདུག

ཕྱི་དྲོ་ཆུ་ཚོད་༤པར་རིམ་གྲོ་ཚར་ཏེ་དགོན་པར་འགྲོ་བའི་ལམ་བར་དུ་ཁོང་གི་སྤུན་ཉེ་ཞིག་ཐུག་འདུག སྤུན་ཉེ་དེ་ལ་ཁོང་གི་སྐེ་ལ་འདོགས་བྱེད་ཀྱི་༧རྒྱ་བའི་སྐུ་པར་ཆུང་ཆུང་ཞིག་དང་། ཞལ་འདོན་དཔེ་ཆ་དེ་དང་མཉམ་དུ་ཅ་དངོས་རྩ་རྩེག་འགའ་ཉེ་མི་དེ་ལ་བཅོལ་འདུག དེ་རྗེས་ཅུང་མ་འགོར་བར་ཀི་སྒྲ་ཞིག་རྒྱག་སོང་། དེ་རྗེས་གྲོང་མི་ཁ་ཤས་ཤིག་གིས་་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བར་མཐོང་འདུག

གྲོང་མི་ཚོས་བརྗོད་ན། ཁོང་གིས་སྐད་ཤུགས་ཆེན་པོའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་བཙན་དགོས་ཟེར་ནས་སྐད་རྒྱག་སོང་ཟེར། དེ་རྗེས་གྲོང་མི་མང་པོ་ཞིག་མགྱོགས་ལྟ་རུ་ཕྱིན་འདུག་ཀྱང་ལུས་ཕུང་ཕལ་ཆེ་བ་མེ་ལ་འཚིགས་ཚར་འདུག་ཟེར་གྱི་འདུག  དེ་རྗེས་ཉག་རོང་རྫོང་གི་སྨན་ཁང་ལ་ཁྱེར་འདུག་ཀྱང་སྨན་པས་ནད་པ་ཚབས་ཆེན་ཆགས་འདུག འདི་ནས་སྨན་བཅོས་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད་འདུག དེ་ནས་ཁྲི་ཏུ་སྨན་ཁང་དུ་ཁྱེར་བའི་ལམ་བར་ལེ་བར་ལྔ་བཅུ་ཙམ་སླེབས་མཚམས་སུ་འདས་གྲོངས་ཕྱིན་འདུག

འོན་ཀྱང་གནས་ཚུལ་གསར་རྟོགས་བྱུང་བར་གཞིགས་ན།  རང་ལུས་མེར་བསྲེགས་གནང་མཁན་གྱི་ཕུང་པོ་དེ་གསེར་རྟ་བླ་རུང་ལ་འཁྱེར་རྒྱུ་ཡིན་པ་དང༌། འདས་པོར་ཨ་ཁུ་རྒས་འཁོགས་ཞིག་ཡོད་པ་དེ་ཡང་སེམས་འཁྲལ་གྱིས་རྐྱེན་པས་ས་ལ་དགྱེལ་ཏེ་སྨན་ཁང་ལ་ཁྱེར་ནས་ཧ་ཅང་གིས་ཛ་དྲག་ཡིན་འདུག ད་ལྟའི་ཆར་རྒྱ་གཞུང་ཉེན་རྟོག་པས་ཉག་རོང་རྫོང་ས་གནས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ནང་མི་ལ་འབྲེལ་བ་བྱེད་རྒྱུ་ཁག་པོ་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གྲྭ་སྐལ་བཟང་དབང་འདུས་ལགས་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པ་ནས་ཡིན་ཞིང་། ཁོང་གི་ཨ་ཕའི་མིང་ལ་བསོད་བཀྲ་དང་ཨ་མའི་མིང་ལ་ཨོ་རྒྱན་སྒྲོལ་མ་ཟེར།  ད་ལྟ་ཁོང་རང་ལོ་༡༨ ཡིན་འདུག་ལ། ཁོང་ནི་བོད་ནང་དུ་རང་དབང་གི་ཆེད་རང་ལུས་མེར་སྲེག་གནང་མཁན་༡༤༣ པ་ཡིན་འདུག


གསར་འགོད་པ། ཚེ་བརྟན་བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།