choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་དམར་གྱིས་རྩོམ་པ་པོ་ཞིག་བསྐྱར་འཛིན་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༠༢ཉིན་སྤེལ། བོད་ཀྱི་རྒྱལ་ས་ལྷ་ས་རུ་ཉེན་རྟོག་པས་གསལ་ཁ་མེད་པའི་སྒོ་ནས་གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། བོད་ཀྱི་རྒྱལ་ས་ལྷ་ས་རུ་གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་གནས་ཚུལ་ཁ་གསལ་མེད་པའི་སྒོ་ནས་རྒྱ་གཞུང་ཉེན་རྟོགས་པས་ཡང་བསྐྱར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་རང་འཛིན་བཟུང་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

བལ་ཡུལ་གནས་སྡོད་འཇིག་མེད་ངག་དབང་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ཟླ་ ༢ ཚེས་ ༡༩ ཉིན། བོད་ཀྱི་རྒྱལ་ས་ལྷ་ས་རུ་ཉེན་རྟོག་པས་གསལ་ཁ་མེད་པའི་སྒོ་ནས་གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལམ་སྨྱུག་མིང་གངས་ཅན་པ་གུ་དྲག་ལགས། ཡང་བསྐྱར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་བཀག་ཉར་འོག་ཡོད་པ་དང་ཡང་བསྐྱར་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་སྐོར་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བརྗོད་སོང་།

དེ་ཡང་གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་ཚ་བ་དཔའ་ཤོད་རྫོང་ནས་ཡིན་ཞིང་། དེ་སྔོན་ལ་སྟོད་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་དུ་ཚོང་ལས་གཉེར་ཏེ་བསྡད་ཡོད་ པ་དང་། ཕྱི་ལོ་ ༢༠༠༩ ལོར་གཞིས་ཀ་རྩེ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟླ་ ༩ ལྷག་རིང་ཉ་རི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། ཕྱིས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ངལ་རྩོལ་བསྒྱུར་བཀོད་ཁང་ཞིག་ཏུ་ བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ལོ་སྟོད་ཙམ་ལ་གཞི་ནས་ཀློད་གྲོལ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་ཡང་བསྐྱར་རྒྱ་གཞུང་ཉེན་རྟོག་པས་ཁོང་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་མ་ཟད། མི་རིགས་བར་དཀྲུག་ཤིང་འགལ་ཟླ་སློང་བའི་རྩོམ་ཡིག་བྲིས་པ་དང་། ༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སོགས་ཀྱི་གསུང་བཤད་ཉར་ཚགས་བྱས་པ། ༧གོང་ས་མཆོག་གི་སྐུ་པར་གང་སར་སྤྲད་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་འོག དུས་ཡུན་ཉིན་ ༢༠ རིང་གཞིས་ཀ་རྩེའི་ཉ་རི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པའི་ཁར། རྒྱ་སྒོར་ ༡༥༠༠ ཡིས་ཉེས་ཆད་བཅད་དེ་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པ་དང་ས་གནས་ལས་བྱེད་མི་སྣས་མུ་མཐུད་ལྟ་ཞིབ་ནན་པོ་བྱེད་ཡོད་འདུག

གཞན་ཡང་། སྔོན་ཆད་ཁོང་གིས་བྲིས་པའི་སྙན་ངག་ཅིག་ཏུ། དབྱངས་གསལ་སོ་བཞི་མ་བརྗེད་གངས་ཅན་པ།། ཕ་སྐད་གཙང་མ་མ་བརྗེད་གངས་ཅན་པ།། རང་ཚུགས་རང་གིས་མ་ཤོར་གངས་ཅན་པ།། ཕ་ས་གཞན་ལ་མ་བཙོང་གངས་ཅན་པ།། ཕ་ཡུལ་རྒྱང་ལ་མ་སྐྱུར་གངས་ཅན་པ།། རིགས་རྒྱུད་གཞན་ལ་མ་བསྲེས་གངས་ཅན་པ།། རང་རིགས་ལ་རྒྱ་མ་ཤོར་གངས་ཅན་པ།། ཞེས་བྲིས་ཡོད་པ་སོགས། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་སྐད་ཡིག་རིག་གཞུང་གཅེས་འཛིན་དགོས་པའི་སྐོར་གྱི་རྩོམ་ཡིག་མང་པོ་བྲིས་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།