choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རེབ་གོང་ནས་གྲྭ་བ་ཞིག་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༢༢ཉིན་སྤེལ། ཕྱི་ཚེས་ ༡༧ ཉིན་བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་བ་སྒོ་དམར་ཆོས་འཕེལ་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ལོ་ ༢ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་དེའི་སྐོར་ས་གནས་བོད་མི་ཞིག་གིས་འདི་ག་གསར་ཁང་དུ་འགྲེལ་བརྗོད་གནང་དོན། ཕྱི་ཚེས་ ༡༧ ཉིན་བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་བ་སྒོ་དམར་ཆོས་འཕེལ་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ལོ་ ༢ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ལོ་སྔོན་མའི་ཟླ་ ༧ པའི་ཚེས་ ༡༠ ཡས་མས་སུ་རྒྱ་གཞུང་གིས་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རང་ལོ་ ༤༧ སོན་པའི་གེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ཐུན་རིན་རྫོང་གི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་ཁྲིམས་འགལ་དུ་རྩིས་ནས་ཟླ་འདི་ཚེས་ ༡༧  ཉིན་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། འཛིན་བཟུང་བཙན་ཁྲིད་བྱས་སྟེ་ད་ལྟའི་བར་ཟླ་ངོ་ ༧ ལྷག་སོང་ཡོད་པ་རྩིས་ནས་ལོ་ངོ་ ༢ ཀྱི་ཁྲིམས་ཐག་བཅད་པ་དང་ཁྲིམས་ཐག་བཅད་རྗེས་ཀྱི་ཉིན་བཅུའི་རྗེས་སུ་ནང་མི་བལྟ་རུ་ཡོང་ཆོག་པར་འགྲེལ་བརྗོད་གནང་སོང་།

དེ་བཞིན་ཡོ་རོབ་ནས་བསྟན་འཛིན་ལགས་ཀྱིས་གནས་ཚུལ་དེའི་སྐོར་འདི་ག་གསར་ཁང་དུ་འགྲེལ་བརྗོད་གནང་དོན། རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་བརྟན་བརླིང་གཏོར་བཅོམ་དང་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་དགེ་འདུན་པ་ཁོང་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་དེ་ད་ལྟ་རེབ་གོང་རྫོང་བྲག་དམར་བཙོན་ཁང་དུ་བཅུག་ཡོད་པ་དང་། འཛིན་བཟུང་བཙན་ཁྲིད་བྱས་སྟེ་ད་ལྟའི་ཟླ་ངོ་ ༧ ལྷག་སོང་ཡོད་པ་རྩིས་ནས་ལོ་ངོ་ ༢ ཀྱི་ཁྲིམས་ཐག་བཅད་པ་དང་ཁྲིམས་ཐག་བཅད་རྗེས་ཀྱི་ཉིན་བཅུའི་རྗེས་སུ་ནང་མི་བལྟ་རུ་ཡོང་ཆོག་པའི་ཆོག་མཆན་ཐོབ་ཡོད་འདུག་ཅེས་དང་།

དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ཀྱི་སྐྱེས་ཡུལ་ནི་རེབ་གོང་སྒོ་དམར་སྡེ་བ་ཡིན་ལ། ཁོང་གི་ཕའི་མིང་ཀླུ་བྱམས་ཟེར། ཁོང་ཆུང་དུས་ནས་རེབ་གོང་རོང་པོ་དགོན་ཆེན་ལ་ཚོགས་ཞུགས་བྱས་པ་ཞིག་ཡིན་ལ། ད་ལྟ་བསླབ་པ་སློབ་གཉེར་ཡོངས་རྫོགས་མཐར་སོན་པའི་གྲྭ་པ་རྒན་གྲས་ཤིག་ཡིན། རྒྱུན་དུ་ཁོང་ཡ་རབས་ཚུལ་མཐུན་དང་སློབ་སྦྱོང་ལ་བརྩོན་པའི་གྲྭ་བ་སྤྱོད་བཟང་ཞིག་ཡིན་པ་རེད་ཅེས་བརྗོད་སོང་།

གསར་འགོད་པ། ཚེ་བརྟན་བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།