choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྩོམ་པ་པོ་ཞོགས་ལྗང་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༡༩ ཉིན་སྤེལ། ཟླ་འདིའི་ཚེས་༡༧ཉིན་གྱི་ཞོགས་པ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་རྩོམ་པ་པོ་འམ་རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་དེའི་སྐོར་དྷ་སར་གནས་བཞུགས་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་དོན།  རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་ཞོགས་ལྗང་གི་ནང་མིར་བརྡ་ལན་འབྱོར་དོན། ཟླ་འདིའི་ཚེས་༡༥ཉིན་ཞོགས་ལྗང་ལ་ཁྲིམས་ཐག་གཅོད་ཀྱི་ཡིན། ཁྱེད་རང་ཚོ་ཕེབས་རོགས་གནང་ཞེས་བརྗོད་འདུག

ཚེས་༡༧ཉིན་ཁོང་གི་ནང་མི་དང་། སྡེ་བ། སྤུན་མཆེད་དེ་བཞིན་རྩོམ་པ་པོ་ཁོ་རང་གི་སྐྱེ་དམན་གྱི་ནང་མི་བཅས་མང་པོ་ཞིག་ཁྲིམས་ཐག་གཅོད་སར་ཕྱིན་ཡོད་འདུག སྐབས་དེར་ཕལ་ཆེར་མི་༤༠ཙམ་འདུ་འཛོམས་བྱུང་ཡོད་འདུག ཁྲིམས་ཁང་ནང་ཁྲིམས་བཤེར་བྱེད་པ་དང་། ཁྲིམས་རྩོད་པའི་གོ་རིམ་བཅས་གང་ཡང་མེད་པ་དང་། ད་དུང་མི་དམངས་ཚང་མ་ཁྲིམས་ཁང་ལ་འདུ་འཛོམས་བྱུང་སྐབས་ལུས་བཤེར་བཏང་སྟེ། པར་ཆས་དང་། ཁ་པར་བཅས་ཅ་དངོས་གང་ཡང་ནང་ལ་ཁྱེར་བཅུག་མི་འདུག

ཁྲིམས་ཁང་ནང་དུ་སླེབས་སྐབས་ཁྲིམས་དཔོན་ཞིག་གིས་ཡིག་ཐོག་ནས་ཀློག་འདོན་བྱས་དོན། ཞོགས་ལྗང་གིས་༢༠༠༨ནས་བཟུང་ད་ལྟ་བར་དུ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྣེ་ཁྲིད་བྱས་ཡོད་པ་དང་། རྩོམ་ཡིག་འགྲེམས་སྤེལ་བྱེད་པ་བཅས་ཀྱི་ནག་ཉེས་གཞིར་བཞག་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་ཡིན་ཞེས་བརྗོད་འདུག དེ་རྗེས་ཁྲིམས་ཁང་ནས་ཞོགས་ལྗང་ལ་ཡིག་ཆ་ཞིག་སྤྲད་དེ། འདི་ལ་ཁྱེད་རང་གིས་མཚན་རྟགས་བཀོད་དགོས་རེད། ཁྱེད་རང་གིས་གཏུགས་བཤེར་བྱེད་རྒྱུ་ཡིན་དང་མིན། དེ་རིང་གི་ཁྲིམས་ཐག་དེ་ལ་ཁྱེད་རང་གིས་མོས་མཐུན་བྱེད་ཀྱི་ཡོད་པ་རེད་དམ་མ་རེད་ཅེས་ཉིན་མ་བཅུ་ཡི་ནང་ཚུད་ཁྱེད་རང་ཉིད་ཀྱི་ངོས་ནས་ཐག་བཅད་ནས་ཡོང་དགོས་རེད་ཅེས་བརྗོད་འདུག དེ་མ་ཐག་ཞོགས་ལྗང་རང་ཉིད་ཀྱིས་ཡིག་ཆ་དེའི་ཐོག་མཚན་རྟགས་བཀོད་ནས་ཡང་བསྐྱར་ཁྲིམས་ཐག་གཅོད་ཀྱི་ཡིན་དེ་ལ་དང་ལེན་བྱེད་ཐུབ་མ་སོང་ཞེས་བརྗོད་འདུག

སྤྱིར་ཞོགས་ལྗང་ལགས་ནི་ཕྱི་ལོ་༢༠༡༥ཟླ་༣ཚེས་༡༩ཉིན་འཇུ་བཟུང་བྱས་འདུག སྐབས་དེར་འཇུ་བཟུང་བྱས་མ་ཐག་ཁོ་རང་གིས་རྒྱུ་མཚན་གང་གི་ཐོག་ནས་འཇུ་བཟུང་བྱས་པ་ཡིན་ཤེས་ཀྱི་ཡོད་མ་རེད། ཁོང་གི་གྲོགས་པོ་དང་སྐྱེ་དམན་རབ་གོང་ལ་འགྲོ་ནས་མགྲོན་ཁང་ཞིག་གི་ནང་གནས་སྡོད་བྱེད་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་མ་ཐག་ལག་ཐོག་ཁ་པར་ཕྲོག་ནས་ཁྱེར་སོང་ཡོད་འདུག དེ་ཡང་འཇུ་བཟུང་མ་བྱས་པའི་ཉིན་གཉིས་སྔོན་ནས་རེབ་གོང་དུ་རྒྱ་དམག་གིས་དམ་དྲག་བྱེད་ཀྱི་ཡོད་པའི་གནས་སྟངས་དེ་མཐོང་ནས་ཟིན་བྲིས་ནང་ཕབ་སྟེ་གཞུང་ལམ་ཁག་ཏུ་འགྲེམས་སྤེལ་བྱས་ཡོད་པ་དེའི་རྐྱེན་གྱིས་ཕལ་ཆེར་འཇུ་བཟུང་བྱས་པ་ཡིན་གྱི་རེད་ཅེས་ཚོད་དཔག་བྱས་འདུག

དེ་ནས་བཟུང་ཁོང་གི་ནང་མི་དང་སྐྱེ་དམན་བཅས་ཀྱིས་ཁ་ལག་དང་གྱོན་གོས་བཅས་དུས་ཚོད་རྒྱུན་རིང་བསྐྱལ་བཅུག་མེད་པ་དང་། དེ་རྗེས་ཕྱི་ཟླ་༦པ་ཡས་མས་ཤིག་ནས་ཁ་ལག་དང་གྱོན་གོས་བསྐྱལ་བཅུག་གི་ཡོད་ན་ཡང་ཐུག་འཕྲད་བྱེད་དུ་བཅུག་མེད་འདུག ལོ་སྔོན་མའི་ཟླ་བ་༡༢ ནས་བཟུང་ཁ་ལག་དང་གྱོན་གོས་བཅས་གང་ཡང་ལེན་དུ་བཅུག་གི་མེད་པ་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།