choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


༧གོང་ས་མཆོག་གི་སྐུ་པར་བཀག་བསྡོམས་རྩིས་ལེན་གྱི་བརྡ་ཐོ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༠༢ཉིན་སྤེལ། རྒྱ་ནག་གི་འབྲེལ་ཡོད་ཚན་པས་བྲག་མགོར་༧གོང་ས་མཆོག་གི་སྐུ་པར་བཀག་བསྡོམས་རྩིས་ལེན་བྱེད་རྒྱུའི་བརྡ་ཐོ་ཞིག་མི་མང་ནང་དུ་ཁྱབ་བརྡལ་བཏང་འདུག

འདི་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། སྔོན་ཟླའི་ཕྱི་ཚེས་༤ཉིན། བྲག་མགོ་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་། བྲག་མགོ་རྫོང་སྤྱི་བདེ་ལས་ཁུངས། དེ་བཞིན་རྫོང་མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་མཉམ་དུ་བརྡ་ཐོ་ཞིག་སྤེལ་བའི་ནང་། རྫོང་ཡོངས་ཀྱི་ཚོང་ཁང་ཆེ་ཆུང་ཚང་མས། འབྲེལ་ཡོད་ཀྱི་རྩ་ཁྲིམས་དང་ཆོས་ལུགས་དོ་དམ་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཏཱ་ལའི་བླ་མའི་འདྲ་པར་དེ་བཞིན་བཀག་བསྡོམས་ལས་འགུལ་བའི་ངོ་རྒོལ་གྱི་དྲིལ་བསྒྲགས་ཐོན་རྫས་ཞིག་ཡིན་པས་ཚོང་ཁང་ལ་འཕྱངས་མི་ཆོག་པ་དང་། སྤྱི་པའི་ཚོང་རའི་ནང་དུ་འཇོག་མི་ཆོག་པའི་བརྡ་ཐོ་ཁྱབ་སྤེལ་བྱས་འདུག

གཞན་ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་དགོན་གྱི་ཕ་ཡུལ་བྲག་མགོ་ནས་ཡིན་པའི་གྲྭ་ངག་དབང་མཁྱེན་རབ་ལགས་ཀྱིས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་གནང་དོན། ཡུལ་དངོས་ཀྱི་གནས་ཚུལ་གསལ་བོ་ཞིག་ཤེས་ཀྱི་མི་འདུག་མོད། ཕྱི་ཟླ་༠༡ཚེས་༤ཉིན་བྲག་རྫོང་གི་རྒྱ་ནག་འབྲེལ་ཡོད་ཚན་པ་སྤྱི་བདེ་ཆོས་ལུགས་ཅིའུ་ཡིས་བརྡ་ཁྱབ་བཏང་སྟེ། ༧གོང་ས་མཆོག་གི་སྐུ་པར་ཚོང་ཁང་ཆེ་ཆུང་དང་པར་སྒྲོམ་དུ་ཡོད་པ་སོགས་སོ་སོ་རང་ངོས་ནས་ཡར་གཞུང་ལ་ཕྱི་ཟླ་༢བའི་ཚུན་ཆད་སྤྲོད་དགོས་པ་དང་། དེ་ལས་འགྱངས་ན་རྡུང་བརྡེག་དྲག་པོའི་ལས་ཀ་བྱེད་ཀྱི་ཡིན་པའི་ཉེན་བརྡ་ནི་ཐམ་ཀ་བཞི་ཡི་ཐོག་བརྡ་ཁྱབ་བཏང་ཡོད་འདུག

ནམ་རྒྱུན་ཡིན་ན། ཁ་ནས་ལབ་པ་ཙམ་མ་གཏོགས། ཟ་ཁང་དང་ཚོང་ཁང་ཆེ་མ་ཆུང་གསུམ་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པར་འདི་འདྲའི་བརྡ་ལན་དྲག་པོ་གཏོང་གི་ཡོད་པ་མ་རེད། དེ་ལབ་མིན་ལ་མ་ལྟོས་པར་ཚོང་ཁང་དང་ཟ་ཁང་སོགས་སུ་ཧ་ལམ་མེད་ནི་མེད་པ་འདྲ་བ་ཞིག་རེད།

ཉེ་ཆར་བྲག་མགོའི་ཇོ་རི་དགོན་དུ་༧སྐུ་མདུན་གྱི་སྐུ་ཚེ་ཚེ་སྒྲུབ་ཀྱི་ཞབས་རིམ་སྒྲུབ་ནས་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་པ་སོགས་བྱས་ཏེ་དཀའ་ངལ་བྱུང་ཡོད་ས་རེད། ཚོད་དཔག་བྱས་ན། དེའི་རྗེས་སུ་གོང་རིམ་ནས་བརྡ་ཁྱབ་དེ་འདྲ་བཏང་བ་མིན་འགྲོ་བསམ་བྱུང་། རྒྱུ་མཚན་བྲག་མགོ་རྫོང་གིས་ཐད་ཀར་འདི་འདྲའི་བརྡ་ཁྱབ་གཏོང་བའི་དབང་ཚད་ཡོད་ན་མེད་ན་བསམ་གྱི་འདུག

བོད་ནང་གི་བོད་མི་རྣམས་༧གོང་ས་མཆོག་ལ་དད་པ་དམ་ཚིག་གཙང་མ་ཡོད་པ་བཤད་མ་དགོས་པ་ཞིག་རེད། དེ་འདྲ་ཡིན་དུས་རང་ངོས་ནས་ཉེས་སྐྱོན་ཞིག་ཏུ་ངོས་བཟུང་ནས་༧གོང་ས་མཆོག་གི་སྐུ་པར་བཤམས་མ་ཆོག་པར་གཞུང་ལ་རྩིས་འབུལ་བྱེད་དགོས་པ་ནི་ཧ་ཅང་གིས་ཐབ་སྐྱོ་བོ་ཞིག་རེད་དྲན་སོང་།

ཉེ་ཆར་ལོ་གཅིག་རིང་བྲག་མགོ་རྫོང་གི་མི་མང་ཁུ་སིམ་པོར་གནས་ཡོད་དུས། ཡང་བསྐྱར་གོང་རིམ་ནས་འདི་འདྲའི་བརྡ་ཁྱབ་ཞིག་མིང་མང་ནང་བཏང་ཡོད་པ་རེད། ཁ་ནས་མཐུན་སྒྲིལ་དང་ཆ་འཐུན་སྤྱི་ཚོགས་ལབ་བསྡད་ཡོད་ཀྱང་། དངོས་ཤུགས་བརྒྱུད་གསུམ་ནས་མི་མང་ནང་དུ་མ་འོས་པའི་ལས་འགུལ་འདི་འདྲ་སྤེལ་ཡོང་དུས་དཀྲུགས་ཤིང་རྒྱག་མཁན་གཙོ་བོ་ཞིག་རེད་བསམ་གྱི་ཡོད་པར་འགྲེལ་བརྗོད་གནང་སོང་།

དེ་ཡང་བརྡ་ཐོ་དེའི་ཤོག་ངོས་སུ། ཟླ་༡་ཚེས་༤ཉིན།  དེ་ལྟར་ཏཱ་ལའི་བླ་མའི་འདྲ་པར་ཡོད་པའི་ཚོང་ཁང་ཆེ་ཆུང་ཚང་མས་ཟླ་བ་གཉིས་པའི་ཚེས་༢་ཀྱི་སྔོན་དུ་བཀག་བསྡོམས་ལས་འགུལ་བའི་ཏཱ་ལའི་བླ་མའི་འདྲ་པར་དེ་རང་འགུལ་ངང་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་སྤྲོད་དགོས་བ་དང་། རང་འགུལ་ངང་སྤྲོད་མཁན་ལ་བདའ་འདེད་མི་བྱེད། དུས་ཚོད་ཕྱིར་འགྱངས་བྱེད་པ་དང་གཏན་ནས་མི་སྤྲོད་མཁན་ཚོ་ལ་རྫོང་རིག་གནས་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱིས་ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་བྱེད་པ་དང་། དོ་བདག་གི་མི་ལ་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཅེས་བརྡ་ཐོ་བཏང་ཡོད་པ་བཅས།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།