choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་རེ་བའི་གཟེངས་རྟགས་ཐོབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༠༢ཉིན་སྤེལ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་དམ་པ་བོད་ཀྱི་སློབ་གསོ་བ་ཆེན་མོ་༧རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་རེ་བའི་གསེར་གྱི་གཟེངས་རྟགས་ཐོབ་འདུག

དེ་ཡང་བརྒྱུད་ལམ་དང་ཡུལ་དངོས་ཀྱི་འཕྲིན་སྟེགས་སུ་སྤེལ་བ་ལྟར་ན། གངས་ལྗོངས་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་དང་རེ་བའི་བུ་ཁྱིམ་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པའི་རེ་བའི་ལོ་སར་དགོང་ཚོགས་དེ2016ལོའི་ཟླ2པའི་ཚེས1ཉིན་གནའ་མཁར་ཟི་ལིང་ནས་འཚོགས་ཤིང་། ཚོགས་ཐོག་ཏུ་རེ་བ་གསེར་གྱི་གཟེངས་རྟགས་དངོས་སུ་འབུལ་བའི་བྱ་འགུལ་སྤེལ།
དེ་ཡང་གཟེངས་རྟགས་འདི་ཉིད་འབུལ་རྒྱུར་གྲོས་ཐག་བཅད་རྗེས་སྔ་ཕྱིར་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་རོང་འབྲོག་མང་ཚོགས་དང་ཁེ་ལས་པ། སློབ་གཉེར་བ། མཁས་པ་སོགས་མང་བོ་ཞིག་ལ་བློ་འདྲི་གྲོས་བསྡུར་ཞུས་ཤིང་། བརྟག་དཔྱད་ཡུན་རིང་བྱས་མཐར་གངས་ལྗོངས་ཀྱི་སློབ་གསོ་བ་གྲགས་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་འབུལ་བར་ཐག་བཅད་པ་རེད།

གཟེངས་རྟགས་ལ་གསེར་ཁེ200དང་། གཞན་ད་དུང་བྱ་དགའི་དངུལ་ལ་དམངས་སྒོར་ཁྲི30བཅས་ཕུལ་ཡོད། གྱི་ལིང་འཇིགས་མེད་ཀྱིས།

ཁོང་གིས་གསུང་རྒྱུར། ང་ལ་མཚོན་ན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དགའ་རྟགས་མང་བོ་འཐོབ་མྱོང་མོད། དེ་རིང་ལྟ་བུ་ཞིག་དགའ་མ་མྱོང་། འདི་ནི་བོད་མི་རིགས་རང་གིས་རང་གི་སློབ་གསོ་ལ་མཐོང་ཆེན་བྱས་པའི་རྟགས་ཡིན་པས་ཧ་ཅང་དགའ་བྱུང་གསུངས་ལ། ད་དུང་ཁོང་གིས། དེ་རིང་ང་ལ་བྱ་དགའ་འདི་ལེན་པའི་སྤོབས་པ་ཡོད། རྒྱུ་མཚན་ནི་བྱ་དགའ་འདི་ནི་ང་མི་སྒེར་ལ་འཐོབ་པ་མ་ཡིན་པར་ང་ཚོའི་སློབ་གླིང་ལ་ཐོབ་པ་རེད། འདི་ནི་ང་ཚོའི་སློབ་གསོ་ལ་ཐོབ་པ་རེད། འདི་ནི་བོད་མི་རིགས་ལ་ཐོབ་པ་རེད་ཅེས་གསུངས་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།