choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སྤྲུལ་སྐུ་འཚོལ་བཤེར་མ་ལག་ལེགས་འགྲུབ་བྱུང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༡།༡༨ཉིན་སྤེལ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་(http://hf.tibet.cn)ལེགས་གྲུབ་དང་ཤར་གཏོང་བྱུང་བའི་མཛད་སྒོ་དེ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་གནས་གཞི་སྟེ་པེ་ཅིང་ཀོང་ཅིའི་དགོན་དུ་འཚོགས་ཡོད་འདུག

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་གནས་གཞི་པེ་ཅིང་ཀོང་ཅིའི་དགོན་དུ། སྤྱི་ཟླ་༡ཚེས་༡༨ཉིན། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་(http://hf.tibet.cn)ལེགས་གྲུབ་དང་ཤར་གཏོང་བྱུང་བའི་མཛད་སྒོ་དེ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་གནས་གཞི་སྟེ་པེ་ཅིང་ཀོང་ཅིའི་དགོན་དུ་འཚོགས་ཡོད་ཅིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཞེ་ཧྥེང་གིས་མཛད་སྒོ་གཙོ་སྐྱོང་དང་། ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལགས་ནས་མ་ལག་དེ་ལེགས་གྲུབ་དང་ཤར་གཏོང་བྱུང་བར་ཤིས་ཚིག་བསྩལ་པར་བཀོད་འདུག

དེ་ཡང་མ་ལག་དེར་སྐོར་ཁག་དང་པོར་ནང་འཇུག་དང་ཡོངས་བསྒྲགས་བྱས་པའི་སྤྲུལ་སྐུ་༨༧༠ཡོད་ཅིང་།  དེ་རུ་སྤྲུལ་སྐུ་རྣམ་པའི་མཚན་དང་གྲུབ་མཐའ། སྤྲུལ་སྐུའི་ལག་ཁྱེར་ཨང་གྲངས། དགོན་པ་སོགས་གནས་ཚུལ་རིགས་བརྒྱད་ཙམ་བཅུག་འདུག

གཞན་ཡང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལགས་ནས་མ་ལག་འདི་ཤར་གཏོང་བྱུང་བ་ནི་ཆོས་དོན་ཀུན་གྱིས་ཤེས་པར་སྐུལ་འདེད་དང་།  སྤྲུལ་སྐུའི་ལམ་ལུགས་ཚད་ལྡན་ཅན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་སྐོར་བརྗོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།