choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སྐལ་བཟང་ཚེ་རིང་ལགས་སུ་སྲོག་གི་ཉེན་ཁ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༡།༡༥ཉིན་སྤེལ། ལྷ་ས་སྟོད་ལུང་བདེ་ཆེན་རྫོང་གྱི་བོད་མི་ཆབ་སྲིད་བཙོན་པ་སྐལ་བཟང་ཚེ་རིང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད་འདུག

འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ཆབ་སྲིད་བཙོན་པ་སྐལ་བཟང་ཚེ་རིང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད་འདུག་པ་དང་། ཁོང་ད་ལྟའི་ཆར་་ནག་ཟི་ཁྲོན་གྱི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧ་ཞིས་སྨན་ཁང་དུ་ཡོད་འདུག

སྐལ་བཟང་ཚེ་རིང་ལགས་ནི་དེ་སྔ་ཕྱི་ལོ་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་མཉམ་ཞུགས་པའི་རྐྱེན་ལྷ་ས་སྟོད་ལུང་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་རེད། དེ་ནས་ཁོང་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཉེ་འཁྲིས་ཆུ་ཤུར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་༡༩ ཉིན་བཙོན་གྲོལ་བཏང་ཡོད་རེད། བཙོན་གྲོལ་ཐོབ་རྗེས་ཁོང་ལ་རྡུང་བརྡེག་མནར་གཅོད་ཚད་མད་བཏང་ཡོད་རྐྱེན། སྐེད་པའི་རྒྱབ་ལོག་གི་སྒལ་ཚིག་ཅིག་ལ་སྐྱོན་ཤོར་ཡོད་འདུག

ལྷ་ས་སྤྱི་ཁྱབ་སྨན་ཁང་དུ་སྔ་རྗེས་སུ་བསྟེན་གཏུགས་བྱས་ཀྱང་། ཟླ་འདིའི་ཚེས་༡༢ཉིན་གྱི་ཚོུད་༡༢ཡས་མས་ཤིག་ཏུ། རྒྱ་ནག་ཟི་ཁྲོན་གྱི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧ་ཞིས་སྨན་ཁང་དུ་གནམ་གྲུར་ཁྱེར་ནས་སླེབས་ཞིང་མུ་མཐུད་སྨན་བཅོས་གནང་མུས་ཡིན་ནའང། ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པ་དང་།
སྐལ་བཟང་ཚེ་རིང་གི་ཁྱིམ་དུ་བཟའ་ཟླ་དང་བྱིས་པ་གཉིས་ཡོད་པར་དཀའ་ངལ་ཆེན་པོ་ཡོད་འདུག

གནས་སྐབས་སུ་ཁོང་གི་སྐོར་གྱི་གནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།