choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཀླུ་དཀོན་མཆོག་རྒྱ་མཚོ་གློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༡།༡༤ཉིན་སྤེལ། སྔར་ལོ་༢༠༡༥ཟླ་༡༢པའི་ཚེས་༡༨ཉིན་གྱི་ཞོགས་པ་ཚོུད་༧དང་སྐར་མ་༢༠ཡས་མས་འཛིན་བཟུང་བྱས་པའི་ཀླུ་དཀོན་མཆོག་རྒྱ་མཚོ་གློད་གྲོལ་བྱུང་ཡོད་འདུག

དེ་ཡང་འདི་ག་གསར་ཁང་དུ་འབྲས་སྤུངས་སྒོ་མང་ཀླུ་འབུམ་ཁང་ཚན་གྱི་སྐུ་ཞབས་ཉི་མ་ལགས་ཀྱིས་འགྲེལ་བརྗོད་གནང་དོན།  སྔར་ལོ་༢༠༡༥ཟླ་༡༢པའི་ཚེས་༡༨ཉིན་གྱི་ཞོགས་པ་ཚོུད་༧།༢༠ཡི་ཐོག་ཀླུ་དཀོན་མཆོག་རྒྱ་མཚོ་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་རྗེས་ཁ་པར་དང་། ipadཨེ་བྷེཀྲི། གློག་ཀླད་བཅས་ཆ་ཚང་རྒྱ་གཞུང་ཉེན་རྟོག་པས་འཕྲོག་ཡོད་འདུག་ལ། དེ་རྗེས་རྫོང་ལ་ཁྲིད་ནས་ཉིན་གྲངས་བདུན་རིང་འདྲི་གཅོད་བཀག་ཉར་བྱས་འདུག 

འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དེ། ཉིན་གཞག་ང་བཞི་(བོད་ནས་རྒྱ་གར་བར་དུ་ཡོང་བའི་དུས་ཚོད་)ཡི་མཐོང་ཐོས་མྱོང་གསུམ་གྱི་སྐོར་ལ་བྲིས་པའི་དཔེ་དེབ་ཞིག་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་འདུག གཞན་ཡང་གློད་གྲོལ་ཐོབ་རྗེས་དམིགས་བསལ་གྱིས་ཁོང་ལ་དམ་དྲག་གང་ཡང་བྱེད་ཀྱི་མེད་པ་རེད་འདུག ད་དུང་ད་ལྟའི་ཆར་ནང་མི་ཚོ་ལ་ཡང་ཉེན་བརྡ་གཏོང་བ་ལ་སོགས་པའི་གནས་ཚུལ་གང་ཡང་བྱུང་གི་མེད་པ་རེད་འདུག འོན་ཀྱང་ཀླུ་དཀོན་མཆོག་རྒྱ་ཚོའི་ཁ་པར་དང་། Ipadཨེ་བྷེཀྲི། གློག་ཀླད་བཅས་ད་དུང་ཚུར་སྤྲོད་བྱས་མེད་པ་དང་།  ཉིན་ཤས་སྔོན་ཚུར་ལེན་དུ་ཕྱིན་ན་ཡང་ཚུར་སྤྲོད་བྱས་མ་བྱུང་ཅེས་འགྲེལ་བརྗོད་གནང་སོང་།

ཀླུ་དཀོན་མཆོག་རྒྱ་མཚོ་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཅན་ཚ་རྫོང་ལྷ་མོ་བདེ་ཆེན་དགོན་པའི་ནང་གི་གྲྭ་པ་ཡིན་པ་དང་།  རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ལོ་དྲུག་རིང་སློབ་གཉེར་གནང་མྱོང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།