choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་སྐད་བཤད་མི་ཆོག་པའི་ཟ་ཁང་ཞིག་སྒོ་རྒྱབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༡།༠༨ཉིན་སྤེལ། དེ་རིང་སྔ་དྲོ་མདོ་སྨད་མཚོ་སྔོན་རེབ་གོང་རོང་བོ་གྲོལ་རྡལ་གྱི་ཟ་ཁང་ཞིག་གི་ནང་དུ། བོད་སྐད་བཤད་མི་ཆོག་པའི་སྒྲིག་གཞི་བཟོས་ཡོད་པ་དེ་ནི་རྫོང་ཉེན་རྟོག་ཚན་པས་ཞིབ་བཤེར་བྱས་ཏེ་སྒོ་རྒྱབ་ཡོད་འདུག

ཕྱི་ཚེས་ ༧ ཉིན་སྤྱི་ཚོགས་བརྒྱུད་ལམ་དུ་ཤུགས་ཆེར་ཁྱབ་བརྡལ་དུ་འགྲོ་བཞིན་པའི་གནས་ཚུལ་ལ་གཞིགས་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་ཡོད་པའི་ཞང་ཡོན་གསོལ་མགྲོན་ཁང་祥云饭店གིས་ཟ་ཁང་གི་ལས་ཀ་བར་བཟོས་པའི་སྒྲིག་གཞི་དོན་ཚན་ལྔ་ཅན་ཞིག་ཏུ། དོན་ཚན་དང་པོ་ནི་ལས་གཡོགས་བྱེད་མཁན་ཕན་ཚུན་ལ་བོད་སྐད་བཤད་ཚེ་སྒོར་ ༥༠༠ ཉེས་ཆད་ཡོད་པར་འདུག

དེ་ཡང་ས་གནས་ཡུལ་མི་མང་པོས་མ་འདོད་པའི་རྣམ་འགྱུར་བསྟན་པ་དང་འབྲེལ་བོད་མི་རྣམས་ཀྱིས་སྐད་འཕྲིན་དང་། པོད་འཕྲིན་སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ངོ་རྒོལ་གྱི་བསྒྲགས་གཏམ་མང་དུ་སྤེལ་ཅིང་། རིག་འབྱུང་གླིང་སྐད་འཕྲིན་ཚོགས་པས་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་སྤེལ་བ་སོགས་ངོ་རྒོལ་རིམ་པར་བྱས་མཐར་ཚེས་༨ ཉིན་ཐུན་རིན་རྫོང་སྲིད་གཞུང་གིས་གསོལ་མགྲོན་ཁང་དངོས་སུ་སྒོ་རྒྱག་ཏུ་བཅུག་འདུག

འདི་འབྲེལ་གྱིས་ས་གནས་མི་མང་གི་དྲ་ཐོག་ཏུ་སྤེལ་དོན། རིག་འབྱུང་གླིང་སྐད་འཕྲིན་ཚོགས་པས་༼བོད་སྐད་ཀྱིས་ཁ་བརྡ་བྱས་པ་མཛེས་ནད་དུ་ངོས་འཛིན་པ།༽ཞེས་པའི་བསྒྲག་གཏམ་སྤེལ་བ་ལས། གནད་དོན་འདི་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟར་གནད་དོན་སེལ་དགོས་པའི་རེ་བ་ཞུས་ཏེ། དོན་ཚན་བཞི་ཡི་སྒོ་ནས་༼མི་རིགས་རང་སྐྱོང་ཁུལ་གྱི་སྲོལ་ཡིག༽དང་༼མི་རིགས་སྐད་ཡིག་གི་ཁྲིམས་སྲོལ༽གཞིར་བཟུང་ནས་ཟ་ཁང་འདིའི་སྒོ་བྱང་བོད་ཡིག་ངོས་གཙང་འཇོག་དགོས་པ་དང་། གཞན་ཡང་མཚོ་བྱང་དང་མཚོ་ལྷོ་ཁུལ་གཉིས་ཀྱིས་སྒོ་བྱང་ཡོངས་སུ་སྐད་གཉིས་ཐོག་སྤུས་དག་བཟོས་ཚར་ཡོད་མོད། འོན་ཀྱང་རྨ་ལྷོ་ཁུལ་དུ། ལན་ཐེན་ཏ་ཧྲ། ཧྲི་ཏེ་ཏ་ཧྲ། རིག་གོང་ཏ་ཆོ་སོགས་ཚབ་མཚོན་གྱི་འཛུགས་བསྐྲུན་ལ་བོད་ཡིག་བཞག་མེད་པ་དེས་ས་གནས་ཡུལ་མི་དང་ཕྱོགས་ཐོན་མགྲོན་པོའི་སེམས་སུ་མི་སྐྱིད་པ་བཟོས་པ་ཡོད་སོགས་བརྗོད་འདུག

གཞན་ཡང་ལན་གྲུ་ནས་ཉྭ་སྲིན་པོས་༼གཞན་གྱི་འགྲིག་དང་རང་གི་གོ་བརྡ།༽ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་པ་ལས། གནད་དོན་ཆེན་པོ་གཉིས་ལ་འཕྲད་ཡོང་སྟེ། གཅིག་ནི་དེ་འདྲའི་ས་གནས་གསོལ་ཁང་ཞིག་ལ་འགྲིག(ཁྲིམས)འདི་འདྲ་བཙན་པོ་བཟོ་བའི་སྤོབས་པ་གང་ནས་བྱུང་བ་རེད་དམ། དེ་མིན་་་་་་བོད་ས་བོད་ཡུལ་་་་མང་པོ་ཞིག་དགྱ་དང་མགོ་དཀར་གྱིས་བཟུང་དང་ཟིན་ཚར་གྱིན་པ་རྟོགས་ཤིང་། དེ་བས་ལས་བཟོ་བ་དག་ལ་གཏམ་ཆེན་པོ་བཤད་པའི་སྤོབས་པ་བྱུང་བ་རེད། གཉིས་པ་ནི། བོད་སྐད་ཀྱི་ཁྱབ་རྒྱ་ཆེ་རུ་མ་བཏང་བའི་གནད་དོན་ཡིན་པ་བཅས་བྲིས་འདུག

རྒྱ་ཡིག་སྟེང་གི་རེབ་གོང་སྤྱི་སྟེགས་སུ་གོང་གི་གནས་ཚུལ་དང་འབྲེལ་བའི་སྐོར་བཀོད་པ་ལྟར་ན།
ཐུན་རིན་རྫོང་སྲིད་གཞུང་གིས་མགྱོགས་མྱུར་ངང་ཞང་ཡུན་ཟ་ཁང་དང་འབྲེལ་བའི་དོན་རྐྱེན་ཐག་གཅོད་བྱེད་པ།
ཚེས་༧ཉིན་གྱི་དགོང་དྲོར། སྤྱིར་ཚོགས་བརྒྱུད་ལམ་དུ་ཐུན་རིན་རྫོང་ཞང་ཡུན་ཟ་ཁང་དུ་ཞབས་ཞུ་པ་སྟངས་འཛིན་བྱེད་ཕྱོགས་དེ། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་ཁྱབ་བརྡལ་དུ་གཏོང་བའི་སྲིད་ཇུས་དང་འགལ་སྟེ། དྲ་ལམ་དུ་མི་མང་གིས་དོན་རྐྱེན་འདིར་དོ་སྣང་དང་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན་གྱི་ཐུན་རིན་རྫོང་སྲིད་གཞུང་གིས་མགྱོག་མྱུར་ངང་དོན་རྐྱེན་ཐག་གཅོད་བྱེད་འགོ་བཙུགས་འདུག

དང་པོ། ཞང་ཡུན་ཟ་ཁང་གིས་མི་མང་ལ་བསམ་པ་རྣམ་དག་གིས་དགོངས་དག་ཞུ་དགོས།
གཉིས། མྱུར་དུ་དོན་རྐྱེན་འདིའི་ཆེད་དུ་ཞིབ་བཤེར་གྱི་ཚོགས་ཆུང་འཛུགས་པ་དང་། ཞང་ཡུན་ཟ་ཁང་དུ་གནས་སྡོད་བྱས་ཏེ་གནས་ཚུལ་གསལ་བོ་བཟོ་བ།
གསུམ། འབྲེལ་ཡོད་ལས་ཁུངས་དག་གིས་ཞང་ཡུན་ཟ་ཁང་སྒོ་རྒྱག་ཏུ་བཅུག་དགོས་པའི་འགན་ཡོད།
བཞི། རྫོང་གི་འབྲེལ་ཡོད་ལས་ཁུངས་དག་གིས་རྫོང་དུ་ཡོད་པའི་ཟ་ཁང། མགྲོན་ཁང་། ཇ་ཁང་ལ་སོགས་པ། གཞན་མིང་མང་འདུ་འཛོམས་བྱ་སའི་བྱ་བར་སྟངས་འཛིན་བྱེད་ཕྱོགས་ལ་ཞིབ་འཇུག་རྒྱས་པོར་བྱེད་དགོས།
ཉེ་ཆར། ལས་ཁུངས་ཁག་གིས་ཞིབ་འཇུག་བྱེད་དང་བྱེད་མུས་རེད་འདུག
སྤྱི་སྟེགས་འདིའི་ཀློག་གྲངས་༣༢༢༡༥རེད་འདུག

གོང་གི་གནད་དོན་དང་འབྲེལ་བར༼དར་སྲོལ་གསར་མའི་སྤྱི་སྟེགས༽སུ་དྲ་ཐོག་འོས་འདེམས་བྱས་པའི་མཇུག་འབྲས་སུ། ངོ་རྒོལ་ཤུགས་དྲག་བྱེད་མཁན་བརྒྱ་ཆའི་བདུན་བཅུ་ལྷག་བྱུང་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།