choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

མདོ་སྨད་མཛོད་དགེ་རྫོང་ནས་བཀྲིས་དོན་གྲུབ་རྒྱ་གཞུང་གིས་བཙན་ཁྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༢༤ཉིན་སྤེལ། ཟླ་འདིའི་ཕྱི་ཚེས་༡༧ཉིན་མདོ་སྨད་མཛོད་དགེ་རྫོང་ནས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཞི་རྒོལ་གོམ་བགྲོད་བྱས་པར་བརྟེན། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཁོང་གི་སྤུན་མཆེད་གསུམ་ཉིན་གཅིག་རིང་བཀག་ཉར་བྱས་རྗེས་འཕྲལ་དུ་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེའི་སྐོར་ས་གནས་བོད་མི་ཞིག་གིས་འདི་ག་གསར་ཁང་དུ་ངོ་སྤྲོད་གནང་དོན། བཀྲ་ཤིས་དོན་གྲུབ་ལགས་ནི། མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་དཔོན་སྐྱ་སྡེ་བ་ནས་ཡིན་པ་དང་།  ཟླ་འདིའི་ཚེས་ ༡༧ཉིན་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ལུས་ལ་བོད་ཆས་གྱོན་ཞིང་རྒྱབ་ཏུ་ཆོས་དར་ཆེན་པོ་ཞིག་གྱོན་ཏེ། ྋགོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གོམ་བགྲོད་བྱས་པར་བརྟེན། དེ་མ་ཐག་ས་གནས་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་མཛོད་དགེ་རྫོང་ནས་ཟུང་ཆུ་རྫོང་དུ་ཁྲིད་འདུག

ཁོང་གི་ཨ་ཞང་སློབ་དཔོན་སྐྱབས་དང་། མགོན་པོ་སྐྱབས། ཨ་ཁུ་ཡེ་ཤིས་བཅས་མི་གསུམ་འཛིན་བཟུང་བྱས་ཡོད་མོད། ཁོང་ཚོ་ཐང་སྐོར་ཡུལ་ཚོ་མཛོད་དགེ་རྫོང་དུ་ཁྲིད་དེ་ཉི་མ་གཅིག་རིང་བཀག་ཉར་བྱས་ཡོད་ན་ཡང་བཅར་རྡུང་དང་འདྲི་གཅོད་གང་ཡང་མ་བྱས་པར་ཕྱིར་གློད་གྲོལ་བཏང་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།