choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གཡང་མོ་སྐྱིད་གློད་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༠༨ཉིན་སྤེལ། འདས་ཟླའི་ཚེ་༡༨ཉིན་གསང་སྟབས་ཀྱིས་གཡང་མོ་སྐྱིད་ལགས་ལོ་གསུམ་གྱི་ཁྲིམས་དུས་རྫོགས་ཏེ་གློལ་གྲོལ་བཏང་འདུག

འདི་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་བཞུགས་ན། ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་མདོ་སྨད་བླ་བྲང་རྒྱབ་ཡོར་སྡེ་བའི་གཡང་མོ་སྐྱིད་གློད་གྲོལ་བཏང་འདུག ༢༠༡༢ ཟླ་ ༡༡ ཚེས་ ༡༨ ཉིན། རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དུས་སྐུ་ཕུང་དམག་མིའི་ལག་ཏུ་མི་ཤོར་བར་བཀག་འགོག་བྱས་པའི་ཉེ་མིང་འོག་འཛིན་བཟུང་བྱས་པ་ཞིག་དང་།  སྐབས་དེར་མོ་དང་མཉམ་དུ་འཛིན་བཟུང་བྱས་པའི་གྲོང་མི་ཁ་ཤས་ཡོད་པའི་ནང་གི་ཁྲིམས་ཐག་བཅད་པའི་ལོ་ཉུང་ཤོས་ནི་མོ་རང་ཡིན་འདུག

རྒྱ་གར་ལ་ཡོད་པའི་ཕ་ཡུལ་བླ་བྲང་ནས་ཡིན་པའི་ཚེ་ཐར་ལགས་ཀྱི་འདི་ག་གསར་ཁང་དུ་ངོ་སྤྲོད་གནང་དོན། ཁོང་མོ་དེ་སྔོན་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༢༣ ཉིན་བླ་བྲང་བསང་ཆུ་རྫོང་གི་སྲང་ལམ་དུ། བླ་བྲང་ལྷ་སྡེ་ཤོག་པ་བཞིའི་ནང་ཚུན་ཟ་ཡུ་སྡེ་བའི་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས། མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་མི་ཤོར་ཐབས་ལ་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་བཀག་འགོག་བྱས་པའི་ཉེས་མིང་འོག་ ༢༠༡༢ ཟླ་ ༡༡ ཚེས་ ༡༨ ཉིན་འཛིན་བཟུང་བྱས་པ་ཞིག་རེད་བརྗོད་པ་དང་།
 
གཞན་ཡང་ཐེངས་འདིར་ཁོང་མོའི་བཙོན་འཇུག་གི་དུས་ཡུན་རྫོགས་ལ་ཉེ་སྐབས། ལྷ་སར་ཡོད་པའི་མོ་རང་གི་གཉེན་ཉེ་དག་གནམ་གྲུར་བསྡད་དེ་ལན་གྲི་ལ་འབྱོར་ཡོད་པ་དང་། མོ་རང་གི་གྲོང་པ་ཁྱིམ་མཚེས་དང་གཉེན་ཉེ་ཚོས་ཀྱང་མོ་རང་བཙོན་གྲོལ་ཐོབ་པར་དགའ་བསུ་གྲ་རྒྱས་པོ་བྱེད་འཆར་ཡོད་ཀྱང་། བཙོན་ཁང་གིས་ཚེས་ ༡༨ ཉིན་གྱི་མཚན་མོར་གསང་སྟབས་ཀྱིས་མོ་རང་ཁྱིམ་དུ་བསྐྱལ་ཡོད་པ་མ་ཟད། མོ་རང་བཙོན་གྲོལ་བཏང་བའི་གནས་ཚུལ་དང་པར་སོགས་ཕྱི་ཕྱོགས་སུ་བསྒྲགས་མི་ཆོག་པ་དང་། མ་འོངས་པའི་ཟླ་ ༣ རིང་ཁ་པར་ཡང་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་པར་བརྗོད་པ་དང་།

འགྲེལ་ཡོད་མི་སྣས་མུ་མཐུད་བརྗོད་དོན། རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཉིན་དེར། བླ་བྲང་རྫོང་ཐོག་གི་བོད་མི་བཞི་སྟོང་ལྔ་སྟོང་འདུ་འཛོམས་བྱས་ཏེ། རང་ལུས་མེར་བསྲེགས་གནང་མཁན་དེར་གདུང་སེམས་མཉམ་སྐྱེ་དང་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་ཚོའི་ཐོག་རྣམ་འགྱུར་མི་ལེགས་པས་བསྟན་ཡོད་ཀྱང་། སྐབས་དེར་འཛིན་བཟུང་སོགས་ཀྱི་གནས་ཚུལ་བྱུང་མེད་ཀྱང་། རྗེས་སུ་ཀྲུང་དབྱང་གིས་རང་ལུས་མེར་བསྲེགས་སྐོར་ལ་དམ་དྲག་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་བཀའ་རྒྱ་འབྱོར་སོང་ཟེར་ནས་ནག་ཉེས་ཡོད་མེད་ལ་མ་ལྟོས་པར། གོང་རིམ་གྱིས་མངགས་པའི་ལས་འགན་སྒྲུབ་ཐབས་ལ། རང་ལུས་མེར་བསྲེགས་གནང་ས་དེའི་ཉེ་འཁོར་གྱི་ཚོང་ཁང་མགྲོན་ཁང་གི་བདག་པོ་ཉམས་ཆུང་འགའ་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་པ་ཡོད་པ་ཅེས་དང་།
 
དེ་མིན་སྐབས་དེར་མི་ ༡༡ འཛིན་བཟུང་བྱས་ཡོད་ཀྱང་རྗེས་སུ་ངོ་སོ་དང་རྒྱབ་རྩ་ཡོད་མཁན་དག་ཀློད་གྲོལ་བཏང་སྟེ། ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་ཁོང་ཚོའི་ཁྲོད་ཀྱི་མི་ ༦ ལ་ཁྲིམས་ཐག་བཅད་ཡོད་ཅིང་། དེ་དག་ནི་གདུགས་དཀར་རྒྱལ་ལགས་སུ་ལོ་ ༤ དང་། ལྷ་མོ་དོན་གྲུབ་ལགས་སུ་ལོ་ ༧ ། སྐལ་བཟང་རྒྱ་མཚོ་ལགས་སུ་ལོ་ ༡༡ ། རྒྱབ་ཡོར་སྡེ་བའི་གཡང་མོ་སྐྱིད་ལགས་སུ་ལོ་ ༣ དང་། རང་ལོ་ ༤༩ ཡིན་པའི་པདྨ་མཚོ་ལགས་སུ་ལོ་ ༨ དང་མོའི་ཁྱོ་ག་རང་ལོ་ ༥༢ ཡིན་པ་པདྨ་དོན་གྲུབ་ལགས་སུ་ལོ་ ༡༢ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཉེ་ཆར་ཀློད་གྲོལ་བཏང་ཟིན་པའི་གཡང་མོ་སྐྱིད་ཚང་གིས་རྫོང་གྲོང་ཁྱེར་དུ་རྒྱ་སྒོར་ཁྲི་ ༥༠༠ ལྷག་གི་མགྲོན་ཁང་ཞིག་ཕྱེ་ཡོད་པ་དང་། མོ་དང་གཉེན་ཉེའི་འབྲེལ་བ་ཡོད་པའི་པདྨ་དོན་གྲུབ་བཟའ་མི་གཉིས་ཀྱིས་ཀྱང་འཚེམ་ཁང་ཞིག་ཕྱེ་ཡོད་པ་རེད། གཅིག་བྱས་ན་རྒྱ་གཞུང་གིས་དེ་སྣང་བར་འགྲོ་གི་མེད་པ་མིན་ན། དེ་མ་གཏོགས་ཁོ་རང་ཚོར་དེ་ལྟ་བུའི་ཉེས་ཆད་ཅིག་གཅོད་དགོས་དོན་ཡོད་སྲོལ་མི་འདུག་ལ། ཉིན་དེར་མི་བཞི་སྟོང་ལྔ་སྟོང་འཛོམས་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།