choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མུ་ར་སྤྱིན་པ་ལགས་གློད་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༠༤ཉིན་སྤེལ། ཟླ་འདིའི་ཚེས་༠༡ཉིན་རྒྱ་ནག་གིས་ཆབ་སྲིད་ཉེས་བཙུགས་ཀྱིས་མི་ལོ་གསུམ་རིང་བཙོན་འཇུག་བྱས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་མུ་ར་སྤྱིན་པ་ལགས་གློད་གྲོལ་བཏང་འདུག

དེ་ཡང་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་བཞུགས་ན། ཕྱི་ཟླ་༡༢ཚེས་༡ཉིན་མུ་ར་སྦྱིན་པ་ལགས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་ཚང་ནས་གློད་གྲོལ་ཐོབ་འདུག་པ་དང་། ཕྱི་ཚེས་༣ཉིན་ཕ་ཡུལ་ལ་འབྱོར་བའི་སྐབས་དེར་ས་གནས་བོད་མི་དང་དགོན་པའི་དགེ་འདུན་པ་ཚོས་གཞུང་ལམ་གཡས་གཡོན་ནས་ཕེབས་སྒུག་བྱས་ནས་ཁོང་ལ་རྟེན་འབྲེལ་གྱི་ཁ་བཏགས་འཐེན་ཞོར་ཕེབས་བསུ་བྱས་ཡོད་འདུག

སུད་སི་གནས་སྡོད་ལྷ་སའི་བསོད་ནམས་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། མུར་སྦྱིན་ནམ་མུ་ར་སྤྱིན་པ་ལགས་ནི་ད་ལྟ་དགུང་ལོ་༤༣ཡིན་ཞིང་། ཕའི་མིང་ལ་ནོར་ཕུན་དང་མའི་མིང་ལ་འཚོ་མོ་ཟེར་ལ། ཕ་ཡུལ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུར་བྱེག་ཡུལ་ཕྱོགས་མུ་ར་སྡེ་བ་ནས་ཡིན་ཞིང་། སྔ་རྗེས་ལ་དགུན་ཁའི་སློབ་གྲྭའི་གུང་སེང་སྐབས་ས་གནས་ཀྱི་སློབ་གྲྭ་དང་གྲྭ་ བཙུན་རྣམས་ལ་སུམ་རྟགས་སོགས་བོད་ཀྱི་རིག་གནས་ཟབ་སྦྱོང་འཛིན་གྲྭ་ཐེངས་མང་པོར་ སློབ་ཁྲིད་གནང་མྱོང་ཡོད་པར་མ་ཟད། ལོ་རེ་རེ་བཞིན་ཕ་སྐད་དང་ཡིག་རྨོངས་སེལ་བའི་འཛིན་གྲྭ་བསྡུ་རུབ་གནང་རྒྱུ་སོགས་བོད་མི་རིགས་ལ་ཕན་པའི་ཕྱག་གང་མང་གནང་མཁན་ཞིག་ཡིན་འདུག

ས་གནས་བོད་མི་ཞིག་གིས་བརྗོད་དོན། མུ་ར་སྤྱིན་པ་ལགས་དེ་སྔ་སྤྱི་ལོ་༢༠༡༢ལོའི་ཟླ༡༠བའི་ཚེས༢༤ཉིན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཁོང་ལ་ཟླ་བ་ལྔ་ཙམ་རིང་གཅར་རྡུང་དང་འདྲི་གཅོད་ནན་པོ་བྱས་ཤིང་། ཁོང་གིས་༢༠༠༨་ནས་བཟུང་རྒྱ་ནག་ཉེན་རྟོག་པ་དང་དམག་མིས་བོད་ཁུལ་དུ་ཚད་ལས་བརྒལ་ བའི་དྲག་གནོན་དང་མནར་གཅོད་བཏང་བ་དང་། བོད་ནང་གི་བོད་མི་ཚོའི་ཞི་རྒོལ་གནས་ཚུལ་འདྲ་མིན་གྱི་གནས་ཚུལ་དག་ཕྱི་བསྒྲགས་བྱས་ཚུལ། ད་དུང་བདེན་པའི་བསྒྲགས་གཏམ་ཞེས་པའི་ཡི་གེ་ཞིག་བྲིས་ཏེ་རྨ་ཆུ་རྫོང་དུ་བཀྲམ་ པ་སོགས་ཀྱི་ཉེས་བཙུགས་བྱས་ནས་སྤྱི་ལོ་༢༠༡༣ལོའི་ཟླ་༤་བའི་ནང་ཙམ་ལ། མི་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པར་འགྲེལ་བརྗོད་བྱས་སོང་།

གཞན་ཡང་ཁོང་ཉིད་གློད་གྲོལ་མ་ཐོབ་བར་ཀན་སུའུ་པེ་དབྱིན་ཕྱོགས་ཀྱི་པེ་ཝན་གྲོང་རྡལ་གྱི་(甘肃省白银市北湾镇)བཙོན་ཁང་ཞིག་གི་ནང་མི་ལོ་༣ ལྷག་གི་རིང་ལ་ཁྲིམས་ཀྱི་མནར་གཅོད་མྱངས་ཡོད་པ་གསུངས་འདུག 

ཡང་བོད་མི་གཞན་ཞིག་གིས། ཁོང་བཙོན་གྲོལ་བྱུང་བར་དགའ་བོ་བྱུང་མོད་བཙོན་ཁང་དུ་མནར་གཅོད་བཏང་བའི་སྟབས་ ཀྱིས་མགོ་ནས་སྐྲ་ལྷུངས་བ་སོགས་ཕར་བལྟས་ན་སྐུ་གཟུགས་ཀྱི་གནས་སྟངས་དེ་ཙམ་ཡག་པོ་མི་འདུག་པས་སེམས་སྐྱོ་བོ་བྱུང་ཞེས་བརྗོད་སོང་།

དེ་མིན་ཁོང་ཉིད་ནི་རང་ལོ་བཅུའི་སྟེང་ཆོས་སྒོར་ཞུགས་ཤིང༌།ཕྱི་ལོ་༡༩༩༩ལོར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་བྲང་བཀྲིས་འཁྱིལ་གཉིས་སུ་སུམ་རྟགས་དག་གསུམ་དང་སྙན་ངག འདུལ་བ་སོགས་ལ་སློབ་གཉེར་གནང༌། སློབ་གཉེར་རྗེས་མུ་ར་དགོན་རྨ་ཡུལ་བསམ་གཏན་ཆོས་འཁོར་གླིང་གི་དགོན་པའི་དོ་དམ་པ་དང་དགེ་བསྐོས་སོགས་ཀྱི་ལས་འགན་འཁུར་ཡོད་པ་དང་།

ཕྱི་ལོ་༢༠༠༩ ལོར་བོད་སྐད་དང་བོད་ཡིག་ཉམས་ཆག་འགྲོ་བཞིན་པར་དམིགས་ཏེ། ༼བོད་ཨ་མའི་རང་སྐད་སླར་གསོ་ཚོགས་པ༽་ཞེས་པ་གསར་འཛུགས་གནང་བ་དང་། གཞན་རྩོམ་རིག་ལ་དགའ་བའི་ན་གཞོན་ཚོ་བསྐྱེད་བསྲིངས་བྱ་ཆེད་གྲོགས་པོ་འགའ་མཉམ་༼རེ་བའི་རྐང་ལམ་༽ཞེས་པའི་ཚགས་པར་ཞིག་དཔར་འགྲེམས་བྱས་ཀྱང་ས་གནས་རྒྱ་གཞུང་གིས་ཆབ་སྲིད་དོགས་གཞིའི་འོག་ཁོང་ཐེངས་མང་འབོད་འགུག་དང་འདྲི་གཅོད་བྱས་མཐར་ཚགས་པར་དཔར་བསྐྲུན་མི་ཆོག་པའི་བཙན་བཏང༌ཡོད་པ་བཅས།།


གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།