choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཀིརྟི་དགོན་པའི་གྲྭ་གཉིས་ལ་ལོ་༣ནས༤བར་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ཟླ་༡༢ཚེས་༣ཉིན་སྤེལ།  འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་གཉིས་ལ་མི་ལོ་༣ནས་༤བར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་ཟླའིཚེས་༣ཉིན་བཏང་བའི་གནས་ཚུལ་ནང་གསུངས་དོན། གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། འདི་ལོའི་ཕྱི་ཟླ་༡༠ཟླ་མཇུག་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས། རང་ལོ་༡༨ཡིན་པ་ཁོང་ལ་རྔ་པ་ཁུལ་ཁོངས་ཀྱི་ལས་རྫོང་ནས་ལོ་༤བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཅེས་བཀོད་འདུག

ཁོང་མི་འགྱང་བར་སི་ཁྲན་ཕྱོགས་ཀྱི་ཆབ་སྲིད་བཙོན་པ་མང་ཆེ་བ་བཙོན་འཇུག་བྱས་ཡོད་པའི་མེན་ཡང་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་པ་ཙམ་ལས་ཁྲིམས་ཐག་ཇི་ལྟར་བཅད་པའི་གོ་རིམ་ཞིབ་ཕྲ་ཤེས་རྟོགས་མ་བྱུང༌། ཞེས་འགྲེལ་བརྗོད་གནང་སོང༌།

དགེ་འདུན་ཕུན་ཚོགས་ལགས་ནི་འདི་ལོའི་ཟླ་༣ཚེས་༨ཉིན་ྋགོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་གིས་ལྕིབས་ཏེ་མགོ་ཐོག་ཏུ་འཕྱར་ནས་རྒྱལ་བ་རིན་པོ་ཆེ་”བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ ཞེས་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་མཁན་དེ་རེད། ཅེས་གསུངས་སོང༌།

ཁོང་ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་འདུག་ལ། ཁོང་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང༌། མ་རིག་གོ་གཉིས་ཀྱི་བུ་ཡིན་པ་དང༌། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག ཅེས་གསལ་བརྗོད་གནང་འདུག

གཞན་ཡང་འདི་ལོའི་ཕྱི་ཟླ་༡༡ཚེས་༢ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་རང་ལོ་༡༩ཡིན་པ་ཁོང་ལ་ལོ་༣དང་ཟླ་༦གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང༌། ཁྲིམས་ཐག་གཅོད་ས་རྔ་པ་ཁུལ་ཁོངས་ཀྱི་ལས་རྫོང་ཡིན་པ་དང་མི་འགྱང་བར་མེན་ཡང་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་པ་ཙམ་ལས་ཁྲིམས་ཐག་ཇི་ལྟར་བཅད་པའི་གོ་རིམ་ཞིབ་ཕྲ་ཤེས་མ་བྱུང༌། ཞེས་གནས་ཚུལ་དེར་ལུང་འདྲེན་གནང་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་གསུངས་དོན། དེ་ཡང་བློ་བཟང་སྐལ་བཟང་ལགས་ནི་འདི་ལོའི་ཟླ་༣ཚེས་༡༧ཉིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་ ལག་པ་གཡོན་པས་ྋགོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང༌། ལག་པ་གཡས་པས་རླུང་རྟ་གཏོར་བཞིན་”བོད་ལ་རང་དབང་དགོས།”ཞེས་སྐད་འབོད་གནང་མཁན་དེ་ཡིན་པ་རེད། ཅེས་གནས་དེའི་ནང་དུ་མུ་མཐུད་འགྲེལ་འདུག

ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་ད་བར་འབྲེལ་ཡོད་རྣམས་ཀྱིས་ཀྱང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་པ་དང༌། ཁོང་གི་ཕ་ཡུལ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ཡིན་ཞིང༌། ཕ་ཚེ་རིང་དང༌། མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་པའི་གཉིས་པ་དེ་ཡིན་འདུག

གོང་གསལ་གྱི་དགེ་འདུན་ཕུན་ཚོགས་དང་ཁོང་གཉིས་ཕ་མ་མིང་སྲིང་གི་སྤུན་ཡིན་པ་དང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་འཛིན་གྲྭ་ཁ་ཏོག་གོང་མ་ཡིན་ལུགས་གསལ་སྟོན་གནང་འདུག་པ་བཅས།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

 




Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།