choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཀར་མཛེས་ལ་བོད་མི་ཞིག་གིས་ཞི་བའི་ཁྲོམས་སྐོར་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༡།༣༠ཉིན་སྤེལ། ཟླ་འདིའི་ཚེས་༢༨ཉིན་གྱི་ཞོགས་པ་དཀར་མཛེས་རྫོང་རྫ་ཁོག་ཤང༌། ཁྲ་དྷབ་གྲོང་ནས་ཡིན་པ། མིང་ལ་སེང་གེ་ཟེར་བ་རང་ལོ་༢༩སོན་པ་ཞིག་གིས༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ཞི་རྒོལ་བྱས་རྗེས་དེ་མ་ཐག་ས་གནས་དེ་གའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་འདུག

དེ་ཡང་གནས་ཚུལ་དེའི་སྐོར་འདི་ག་གསར་ཁང་དུ་ས་གནས་བོད་མི་ཞིག་གིས་ངོ་སྤྲོད་གནང་དོན།  ཟླ་འདིའི་ཚེས་༢༨ཉིན་གྱི་ཞོགས་པ་ཆུ་ཚོད་༡༠པ་ཡས་མས་ཤིག་ལ་སེང་གེ་ལགས་ཀྱིས་ཁམས་དཀར་མཛེས་རྫོང་གི་མི་ཚོགས་འདུ་འཛོམས་བྱེད་སའི་ལམ་ཆེན་ཞིག་ནས་ལག་གཡས་པས་རླུང་རྟ་གཏོར་གྱིན་སྤྲོ་བ་དང་མཉམ་དུ་ཁ་ནས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ཞི་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་པ་གཉིས་རྒྱུག་ཡོང་ནས་དེ་མ་ཐག་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཁོང་གི་ད་ལྟའི་གནས་སྟངས་ཞིབ་ཕྲ་གང་ཡང་ཤེས་རྟོགས་བྱེད་ཐུབ་ཀྱི་མི་འདུག ཅེས་འགྲེལ་བརྗོད་གནང་སོང་།

གནས་ཚུལ་དེ་དང་འབྲེལ་བའི་གློག་བརྙན་ཐུང་ཐུང་ཞིག་བོད་ཕྱི་ཕྱོགས་སུ་བཏང་འབྱོར་བྱུང་ཡོད་པ་དང་དེའི་ནང་ཁོང་གིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་བའི་གོམ་བགྲོད་བྱེད་ཀྱིན་ལག་ནས་རླུང་རྟ་གནམ་ལ་གཏོར་ཞིང་སྐད་འབོད་གནང་སྐབས་སུ་ཉེན་རྟོག་པས་འཛིན་བཟུང་བྱེད་བཞིན་པ་གསལ་པོར་མཐོང་ཐུབ། 

སེང་གེ་ལགས་ནི་ཁམས་དཀར་མཛེས་རྫོང་རྫ་ཁོག་ཤང༌། ཁྲ་དྷབ་གྲོང་ནས་ཡིན་པ་དང་།  ཁོང་གི་ཕའི་མིང་ལ་བློ་དགའ་དང༌། ཨ་མའི་མིང་ལ་བོ་ཅག་ཟེར་གྱི་ཡོད་འདུག   ཁོང་ནི་དུས་རྒྱུན་རྒྱ་དང་མཉམ་དུ་ཚོང་ལས་ཙག་ཙིག་བརྒྱབ་ནས་འཚོ་གནས་བྱེད་མཁན་ཞིག་ཡིན་པ་དང་། དེ་བཞིན་བོད་མི་ནང་ཁུལ་འཆམ་མཐུན་དང་། ཕན་ཚུན་གཅིག་ཕན་གཅིག་རོགས་བྱེད་དགོས་པའི་སྐོར་ལ་བཤད་མཁན། བོད་མི་རིགས་ཀྱི་ལ་རྒྱར་བརྩི་མཁན། ༧གོང་ས་མཆོག་གི་བཀའ་ལ་བརྩི་འཇོག་བྱེད་མཁན་གྱི་བོད་མི་ཞིག་ཡིན་ལུགས་མུ་མཐུད་ནས་འགྲེལ་བརྗོད་གནང་སོང་བ་བཅས།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།