choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བཀྲ་ཤིས་ལགས་ཀྱིས་ཞི་འབོད་བྱེད་སྐབས་བཙན་འཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༣༠ཉིན་སྤེལ། རྒྱ་ནག་གཞུང་གིས་ཞི་བའི་གོམ་བགྲོད་གནང་མཁན་ལ་ཉེས་མེད་སྐྱོན་འཛུགས་བྱས་ཏེ་བཙོན་ཁང་དུ་བཅུག་འདུག

འདི་ཟླའི་ཚེས་༢༦ཉིན་མདོ་སྨད་རྔ་བ་རྫོང་ནས་མི་སྐྱ་རང་ལོ་༣༡ཅན་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་ཕྱག་ཏུ་བཟུང་ནས་ཞི་བའི་གོམ་བགྲོད་གནང་སྐབས་རྒྱ་ནག་ཉེན་རྟོགས་པས་བཙན་འཁྲིད་བྱས་ཏེ་བཙོན་ཁང་དུ་བཅུག་ཡོད་འདུག

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བརྗོད་གནས་ཚུལ་དེའི་སྐོར་བརྗོད་དོན། ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༣༠ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཚེས་༢༦ ཉིན་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་མི་སྐྱ་བཀྲ་ཤིས། རང་ལོ་༣༡ ཡིན་པ་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སྐད་འབོད་གནང་བཞིན་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ས་གནས་སུ་ཡོད་པའི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག

ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཐག་བཀྲ་ཚང་གི་མག་པ་ཡིན་ཞིང་།  བཟའ་ཟླ་སྐལ་པེ་དང་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་བཅས་ཕྲུ་གུ་བཞི་ཡོད་ཅིང་ཕྲུ་གུ་གཉིས་རྨེའུ་རུ་མ་ཡུལ་ཚོའི་སློབ་གྲྭར་འགྲོ་བཞིན་ཡོད་འདུག

དེ་མིན་ཕྱི་ཟླ་༩ ཚེས་༡༠ ནས་རྔ་པ་རྫོང་གི་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ད་ལྟ་ཡང་དྲ་སྒོ་ཕྱེས་མེད་པ་དང་། རྫོང་མཁར་ཡོངས་ལ་ཉེན་རྟོག་པས་དུས་རྟག་ཏུ་བྱ་ར་བྱེད་མུས་ཡིན་འདུག་པར་བརྗོད་སོང་།

དེ་མིན་ཁོང་གི་སྐོར་གྱི་གནས་ཚུལ་གཞན་དང་འདྲ་པར་སོགས་ས་གནས་དམ་དྲག་ཆེ་བའི་དབང་གིས་ལག་སོན་བྱུང་མ་སོང་བ་དང་། འབྲེལ་ཡོད་ཀྱི་གནས་ཚུལ་རིམ་གྱིས་ཇེ་རྒྱས་སུ་གཏོང་ངེས་ཡིན།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།