choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རོང་བོ་དགོན་ཆེན་གཙང་སེལ་གྱི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༢༨ཉིན་སྤེལ། རོང་བོ་དགོན་པར་དམངས་གཙོ་ཁྲིམས་སྐྱོང་དགོན་པ་འཛུགས་བསྐྲུན་དང་བཅས་སྐྱོང་དག་ཐར་གྱི་བྱ་འགུལ་གཏིང་ཟབ་སྤེལ་བའི་སྐུལ་སློང་ཚོགས་འདུ་ཞིག་སྐོང་འདུག

མི་ག་གེ་མོ་ཞིག་གིས་འདི་ག་གསར་ཁང་དུ་གནས་ཚུལ་བཏང་དོན། རྒྱ་ནག་གཞུང་གིས་བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གཙོས་དམིགས་ཀྱིས་ཁྲིམས་ལུགས་གཙང་སེལ་ཡོང་བའི་ལས་འགུལ་ཞིག་རོང་བོ་གྲོང་བརྡལ་གྱི་རྐང་རྩེད་སྤོ་ལོ་རྩེད་ཐང་དུ་བཙན་གྱིས་སྤེལ་འདུག
 
ཉེ་བའི་ཆར་ཟླ་༡༠ ཚེས་༡༤ ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་༣༠༠ ལྷག་བསྐུང་འགུགས་ཀྱིས་ཀྲུང་དབྱང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱབ་སྤེལ་དང་། གཙོ་བོ་དགོན་པའི་ནང་གཙང་སེལ་ཡོང་བར་ལས་འགུལ་སྤེལ་འདུག
 
འདི་ནི་རོང་བོ་དགོན་པ་ཐེངས་དང་བོ་རྒྱ་ནག་དང་ལྷན་དུ་ཚོགས་འདུ་ལ་ཞུགས་པ་རེད། རོང་བོ་དགོན་པ་ལ་རྒྱ་ནག་གི་ལས་འགུལ་ཞིག་སྤེལ་བ་ནི་རོང་བོ་དགོན་པའི་གྲྭ་བ་ཚང་མ་ལ་རྒྱ་ནག་གི་ལས་བྱེད་པ་སུམ་བརྒྱ་ལྷག་བཀྲམ་དེ་གྲྭ་བ་གསུམ་ལ་ལས་བྱེད་པ་གཅིག་གིས་ཁག་འཁུར་དགོས་པ་དང་། གལ་ཏེ་གྲྭ་བ་གར་ཡོད་དང་གར་སོང་སོགས་ལས་བྱེད་པ་དེ་ཡིས་ངེས་བར་དུ་ཤེས་དགོས་པ། གྲྭ་བ་དེས་མི་ལེགས་པ་ཞིག་བྱས་ཚེ་ལས་བྱེད་པ་དེ་ལས་གནས་ནས་ཕུད་པ་གཏན་འཁེལ་བྱས་འདུག

ཚོགས་འདི་ཚོགས་དགོས་བ་ནི་ཟླ་འགའི་སྔོན་ལ་ཀྲུང་དབྱང་ནས་ཐོན་པའི་ཐོང་ཀྲན་པའུ་ཡི་དཔོན་པོ་ཞིག་རོང་བོ་དགོན་པའི་ནང་ལ་ཐོན་པ་ན། ཁོ་ལ་བསུ་མ་རྒྱ་ཆེར་བྱེད་དགོས་པར་ས་གནས་འབྲེལ་ཡོད་ཚན་པས་བཀའ་བཏང་འདུག འོན་ཀྱང་རོང་བོ་དགོན་པས་བསུ་མ་མ་བྱས་པའི་རྐྱེན་གྱིས་རྨ་ལྷོའི་ཁུལ་དཔོན་ཁོང་ཁྲོ་ལངས་ནས་རོང་བོ་དགོན་པའི་ཁྲིམས་ལུགས་བརྩི་སྲུང་བྱ་བ་ཧ་ཅང་ཞན་པའི་དབང་གིས་ངེས་པར་དུ་ཁྲིམས་ལུགས་དག་ཐར་བྱེད་དགོས་ཞེས་ཁུལ་དཔོན་དང་རྫོང་དཔོན་སོགས་ཀྱིས་དགོན་པའི་དོ་དམ་ཁང་ལ་སྐྱོན་བརྗོད་ནན་མོ་བྱས་འདུག
 
གཅིག  དགོན་པའི་གྲྭ་མང་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་ནན་མོ་བྱེད་དགོས།
གཉིས།  དགོན་པས་ཕྱོགས་གང་ཐད་ནས་རྒྱལ་ཁབ་ཀྱི་བཤད་པ་ལྟར་སྒྲུབ་དགོས།
གསུམ། དགོན་པའི་མ་དངུལ་གྱི་འགྲོ་སོང་ཚང་མ་རྒྱལ་ཁབ་ཀྱིས་ཤེས་དགོས།

ཁྱོད་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་བརྩི་སྲུང་ཡག་པོ་བྱོས་ན་རོང་བོ་དགོན་ཆེན་ལ་རོགས་སྐྱོར་དང་ཞིག་གསོ་རྒྱ་ཆེན་པོ་བྱེད་རྒྱུ་ཡིན་རབས་སོགས་མང་བོ་བཤད་འདུག དགེ་འདུན་པ་ཕལ་ཆེ་བ་ཚོགས་འདུའི་སྟེང་མི་ཞུགས་ཐབས་མེད་བྱུང་འདུག གྲྭ་བ་༢༠༠ ལྷག་ཚོགས་འདུ་དེར་མ་ཞུགས་པར་མ་དགའ་བའི་རྣམས་འགྱུར་ཡང་བསྟན་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།