choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤིང་ནགས་བཅད་ནས་རི་ཀླུང་གཅེར་བུར་བུད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༢༨ཉིན་སྤེལ། བོད་མདོ་ཁམས་བྲག་མགོ་རྫོང་མཁའ་ཉ་གྲོང་ཚོ་ཡི་གནས་སྟངས་ཧ་ཅང་སྐྱོ་བོ་དང་རྗེས་ལུས། གནས་དེར་ཤིང་ནགས་གཅོད་འབྲེལ་ཚབ་ཆེན་བྱེད་ཀྱིན་པའི་སྐོར་གྱི་གནས་ཚུལ་འདུག

༢༠༠༨ནས་ད་བར་བོད་མདོ་ཁམས་བྲག་མགོ་རྫོང་མཁའ་ཉ་གྲོང་ཚོར་རྒྱ་ནག་གཞུང་གིས་སྐྱོབ་གསོ་དང་འཛུགས་བསྐྲུན་གང་ཡང་མ་བྱས་པའི་རྐྱེན་གྱིས་ས་གནས་དེ་གའི་གནས་སྟངས་ཧ་ཅང་སྐྱོ་བོ་དང་རྗེས་ལུས་ཐེབས་པའི་གནས་སུ་གྱར་ཡོད་པ་དང་། གྲོང་ཚོའི་ནང་གློག་མེད་ལ་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་གྲོང་ཚོའི་ལྟེ་གནས་སློབ་ཆུང་སྟོང་པ་ཆགས་པ་སོགས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། ས་གནས་བོད་མི་རྣམས་ཀྱིས་ཁོ་ཚོའི་གནས་སྟངས་དེ་རྒྱལ་ནག་འབྲེལ་ཡོད་ཚན་པ་དང་ཕྱི་ཕྱོགས་ཀྱི་མི་སྣ་ཁག་གིས་དོ་སྣང་ཐུགས་ཁུར་གྱིས་རོགས་སྐྱོར་ཡོང་བར་འབོད་སྐུལ་ཞུས་ཡོད་པའི་སྐོར་གྱི་གནས་ཚུལ་འདུག
 
ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་ས་གནས་བོད་མི་གསུམ་གྱིས་སོ་སོའི་གྲོང་ཚོའི་གནས་ཚུལ་བརྗོད་པ་དག་འདི་དག་གསར་ཁང་དུ་འགྲེལ་བརྗོད་གནང་དོན། དེ་རིང་ཁ་སང་དཀར་མཛེས་ཁུལ་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་མཁའ་ཉ་གྲོང་ཚོའི་ནང་ཤིང་ནགས་གཅོད་འབྲེག་ཧ་ལས་པ་བྱེད་པ་དང་། ཤིང་ནགས་གཅོད་འབྲེག་བྱས་ཏེ་བཙོང་བ་འདི་ང་ཚོ་རང་ཉིད་ཀྱིས་བེད་སྤྱོ་བྱས་ཆོག་པ་ཡིན་ན་བྲག་མགོ་རྫོང་ཚང་མ་འཛུགས་བསྐྲུན་བྱེད་ཐུབ་པ་ཞིག་ཡོད་རེད།  ས་འདིའི་ལུང་ཁོག་ཕལ་ཆེ་བ་སྟོང་སེང་ངེར་འཕུལ་བཞག་སྟེ་སྒོར་མོ་དུང་ཕྱུར་མང་པོ་ཁུར་ཚར་ཡོད་པ་རེད། ང་ཚོ་ལ་རྒྱ་ནག་ས་གནས་གཞུང་གི་ངོས་ནས་རོགས་སྐྱོར་དང་ཐུགས་ཁུར་བྱེད་མཁན་གཅིག་ཀྱང་མི་འདུག

གཞན་ཡང་མཁའ་ཉ་གྲོང་ཚོའི་ནང་དུ་སྔོན་མ་སློབ་གྲྭ་ཡོད་ཀྱང་ད་ལྟ་དམག་རྒྱབ་བཞག་པ་ལྟ་བུ་ཞིག་མ་གཏོགས་ཡོད་པ་མ་རེད་ལ། དེ་མིན་གློག་དང་ལམ་སོགས་ཀྱི་འཛུགས་བསྐྲུན་རྩ་བ་བྱེད་ཀྱི་མེད་པས། སློབ་ཞུགས་པ་ཉུང་རུ་འགྲོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ཧ་ཅང་གིས་སྐྱོ་བོ་རེད། དགུན་ཁར་ས་འཁེངས་པ་དང་དར་ཆགས་པ་སོགས་བྱས་དུས་མི་ཡར་མར་ལ་ཐར་ཐུབ་ཀྱི་མེད་ལ། དབྱར་ཁར་ཆར་བ་ཤུགས་ཆེན་བཏང་བ་སོགས་བྱས་ན་ལམ་ཁར་འདམ་འབག་གིས་ཐར་གྱི་མེད་པ་དང་བརྡ་རྟགས་ཀྱི་སྐུལ་ལམ་མེད་པ། མི་མང་གི་ངོས་ནས་དང་བླངས་ཀྱིས་ལམ་ཁ་བཟོ་གི་ཡོད་པ་་སོགས་ཀྱི་དཀའ་ངལ་ལ་འཕྲད་ཀྱི་ཡོད་པས་ན། རྒྱལ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནད་དོན་འདི་ཕྱིར་བསྒྲགས་བྱས་ཏེ། རྒྱལ་ཕྱིའི་ཐོག་ནས་དོ་སྣང་དང་། རོགས་རམ་གནང་ཐབས་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།