choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མི་མང་གི་སྡོད་ཁང་གཏོར་བཅོམས་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༢༧ཉིན་སྤེལ། ཉེ་ལམ་ཨ་མདོ་མཚོ་སྔོན་པོའི་འགྲམ་དུ་མིང་མང་གི་སྡོད་ཁང་རྒྱུ་མཚན་དང་གནས་ལུགས་མེད་པར་གཏོར་བཅོམས་བྱས་པས། ཡུལ་མི་མང་ཚོགས་ཀྱིས་ཀུར་ཕུབ་ནས་བསྡད་ཡོད་འདུག

རྒྱ་གར་དུ་ཡོད་པའི་ཡུལ་མི་སྒྲོལ་མ་མཚོ་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། མཚོ་སྔོན་ཆབ་ཆ་ཁུལ་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་ཚོའི་དཀར་ལ་་སྡེ་བའི་ནང་དུ། ཕྱི་ཟླ་༡༠ཚེས་༢༢ཉིན་ལ་རྒྱ་མིའི་དམག་མི་མང་པོ་ཞིག་སླེབས་ཏེ། མང་ཚོགས་ཀྱི་སྡོད་ཁང་༢༤༠ལྷག་གཏོར་བཤིགས་བྱས་པས་མི་མང་༩༦༠ལྷག་སྡོད་ས་མེད་པར་དགུན་གྱི་གནམ་གཤིས་གྲང་མོའི་ནང་དུ་ཀུར་ཕུབ་སྟེ་བསྡད་ཡོད་འདུག

ས་དེར་འབྲོག་པ་མང་པོས་རྟ་ནོར་ལུག་གསུམ་འཚོས་ནས་ཡོད་པ་རེད། རྗེས་སུ་རྒྱ་ནག་གིས་ནོར་ལུག་འཚོ་ཡ་མེད་པར་བཏང་བས་ན། མཚོ་ཁའི་འགྲམ་དུ་ལྟ་སྐོར་དང་གནས་སྐོར་ལ་ཡོང་མཁན་རྣམས་སུ་ཚོང་ཙག་ཙིག་རྒྱབ་ནས་ཁ་གསོ་ཐབས་ཙམ་བྱས་ནས་བསྡད་ཡོད་པ་རེད།
འཚོ་བ་ཧ་ཅང་སྐྱོ་བོ་ཡོད་པ་དང་། མི་ཁ་ཤས་ཀྱིས་སོ་སོའི་བྱིས་པ་དག་ལྟ་སྐོར་བ་མཉམ་དུ་པར་རྒྱབ་ཏེ་སྒོར་མོ་ཅུང་ཙམ་བསགས་ནས་ཁ་གསོ་ཐབས་ཙམ་བྱས་ནས་བསྡད་ཡོད་ཀྱང་། ད་རེས་རྒྱ་མིས་ལམ་སང་སྡོད་ཁང་གཏོར་བཅོམ་བྱས་པས་ན། མི་མང་གིས་ག་རེ་བྱེད་དགོས་པ་ཡང་ཤེས་ཀྱི་མི་འདུག

སྡེ་བ་དེའི་འཚོ་བའི་ཡོངས་ཁུངས་ནི་ཕྱུགས་ཟོག་ཡིན་པ་དང་། དེ་གའི་དུད་ཁྱིམ་ཚང་མས་ནོར་ལུག་ཕྱེད་ཀ་བཙོང་བའི་སྟེང་རྒྱལ་ཁབ་ལ་སྒོར་མོ་གཡར་ནས་མཚོ་མཐའ་རུ་ཁང་པ་གསར་རྒྱག་བྱས་ཏེ། ད་ལོ་ནི་མཚོ་སྔོན་པོའི་གནས་འདུས་ཡིན་པས་ན་མཚོ་སྐོར་བ་ཧ་ཅང་གིས་མང་བས། ཁྱིམ་ཚང་གི་ཁ་གསོ་ཕྱིར་སྒོར་མོ་ཁ་ཤས་བཙལ་བ་ཡིན་མོད། རྒྱལ་ཁབ་ཀྱི་མི་སྣ་ཡོང་ནས་ཁྱོད་ཚོས་སྒོར་མོ་བཙལ་མི་ཆོག མཚོ་སྔོན་པོའི་མཐའ་འཁོར་གལ་སྙིགས་བྱེད་ཀྱིན་འདུག་ཟེར་ནས་དམག་མི་འགྲེམས་འཇོག་གིས་སྡོད་ཁང་གཏོར་བཅོམས་བྱས་ཡོད་འདུག

མི་མང་འཁྲིས་སུ་ཡོང་དུ་མི་འཇུག་པར་མ་ཟད། མི་མང་གི་གདོང་ལ་མེ་མདའ་བཙུགས་པ་དང་གནམ་ལ་མེ་མདའ་རྒྱག་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་པས། ས་གནས་མི་མང་གིས་ཡང་བསྐྱར་༥༨་ཐོན་འདུག་ཟེར་ནས་སྡུག་སྨྲོས་འདོན་གྱིན་ཡོད་འདུག

རྒྱ་ནག་མི་སྣས་ས་འདིའི་ས་བདག་ཆུ་བདག་རྒྱ་ནག་གཞུང་ཡིན་པས་གཞུང་གིས་མི་ཆོག་ཟེར་ན་མི་ཆོག་པ་རེད་དང་། ཁྱེད་ཚོས་གང་འདོད་ལྟར་ཁང་པ་བཟོས་ན་ཁྲིམས་འགུལ་ཡིན་པར་བཤད་འདུག

འོན་ཀྱང་སྡེ་བ་འདི་ནི་མཚོ་སྔོན་པོའི་མཐའ་རུ་མི་རབས་དུ་མའི་རིང་འཚོ་སྡོད་བྱས་པ་རེད། ཡིན་ཡང་རྒྱ་ནག་གཞུང་ལ་གནས་ལུགས་བཤད་ས་མེད་པ་མ་ཟད། གཞུང་གི་ལས་བྱེད་ཚོ་དམངས་ཚོགས་གཉོམ་ཆུང་གི་སྟེང་ལ་རྫིག་རྫིག་བྱེད་ཀྱིན་པ་སོགས་ཀྱིས་མང་ཚོགས་སྨྱོ་གྲུབ་བྱེད་ཀྱིན་འདུག་ལ། ཁ་ཤས་སུ་གཅར་རྡུང་ཡང་བྱས་ཡོད་འདུག་པ་བཅས།།


གསར་འགོད་པ། ཆོས་ཉིད།





Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།