choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཕྱུགས་ལས་ཐོན་རྫས་རིན་གོང་གཏན་འཇགས་ཆེད་གྲོས་བཏོན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༢༡ཉིན་སྤེལ། རྩེ་ཁོག་སྡེ་བ་བཅུ་ནས་ཕྱུགས་ལས་ཐོན་རྫས་རིན་གོང་གཏན་འཇགས་ཡོང་བའི་ཆེད་དུ་དོན་ཚན་ལྔ་ཅན་གྱི་གྲོས་གཞི་བཏོན་པ་དང་མཛུབ་ཐེལ་རྒྱབ་ནས་ཡོངས་སྒྲགས་བྱས་པའི་གནས་ཚུལ་ཞིག

འདི་ག་གསར་ཁང་དུ་སུད་སི་གནས་སྡོད་ནག་མགོའི་འཇིགས་མེད་ལགས་ཀྱིས་གནས་བཏང་བ་ལྟར་ན། ༢༠༡༥ལོའི་ཟླ་༨་པའི་ཚེས་༡༥ཉིན་རྩེ་ཁོག་སྡེ་བ་བཅུ་ནས་ཕྱུགས་ལས་ཐོན་རྫས་རིན་གོང་གཏན་འཇགས་ཡོང་བའི་ཆེད་དུ་གྲོས་གཞི་བཏོན་པ་གཤམ་གསལ།

 

རང་རྫོང་གི་ཁེ་ལས་ལས་ཁུངས་གཙོ་བྱས་པའི་ཁེ་ལས་པ་དག་གིས་ཕྱུགས་ལས་ཁྱད་ཐོན་དངོས་རྫས་ཀྱི་རིན་གོང་ལ་བཙན་གནོན་བཏང་སྟེ་ས་གནས་དམངས་ཚོགས་ཀྱི་འཚོ་བར་དཀའ་ཁག་ཐེབས་པར་དམིགས་ནས་གྲོས་གཞི་འདི་བཏོན་པ་ཡིན།

༡ ༢༠༡༣ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་རྩེ་ཁོག་རྫོང་གི་ནོར་དང་ཤའི་ཐོན་རྫས་ལ་སྐྱེ་ལྡན་ཐོན་རྫས་ཀྱི་ཆོག་མཆན་ཐོབ་ཡོད་ཀྱང་རིན་གོང་གཏན་འཇགས་ཡོང་མེད་པ་མ་ཟད་རིན་གོང་ལོ་རེ་བཞིན་ལྡབ་འགྱུར་གྱིས་ཇེ་དམའ་རུ་འགྲོ་བཞིན་ཡོད་པས་ཆེད་དུ་གྲོས་གཞི་འདི་བཏོན་པ་ཡིན།

༢ རྒྱལ་ཁབ་ཀྱིས་སྐྱེ་ལྡན་ཐོན་རྫས་ཤ་ཡི་རིན་གོང་ཐག་བཅད་བྱས་པ་ལྟར་མ་འཚོང་ན་ང་ཚོས་ནོར་ལུག་ཤ་རང་རྫོང་གི་ཁྱག་མཛོད་ཁང་ནས་མི་བཙོང་རྒྱུ་རྩེ་ཁོག་རྫོང་གི་སྡེ་བ་དྲུག་བཅུ་རེ་བཞིའི་རྒན་བསམ་ཤེས་དག་དང་རྩ་འཛུགས་འགོ་ཁྲིད་དག་གིས་ཡིད་འཐད་བྱུང་ནས་གྲོས་གཞི་འདི་བཏོན་པ་ཡིན།

༣ གཞན་ཁྱད་ལྡན་ཐོན་རྫས་མར་ཆུར་སོགས་ཁྱད་ལྡན་ཐོན་རྫས་ལ་རྒྱལ་ཁབ་ཀྱི་རིན་གོང་གཏན་འཇགས་བྱས་པ་ལྟར་མ་འཚོང་ན་ཚོང་ར་ནས་མི་བཙོང་རྒྱུ་གྲོས་གཞི་བཏོན་པ་ཡིན།

༤ ད་ནས་བཟུང་རང་རྫོང་གི་ཕྱོགས་སོ་སོ་ནས་སྐམ་ལུག་རྫོང་ཐོག་གི་ཕྱུགས་ཟོག་ཁྲོམ་ར་ནས་མི་བཙོང་བའི་གྲོས་གཞི་འདི་ལ་གཞི་རིམ་རྩ་འཛུགས་དང་མི་སྒེར་སོ་སོའི་རྒྱབ་སྐྱོར་དང་མཐོང་ཆེན་བྱེད་དགོས་ལ། ཕྱུགས་ཟོག་བཙོང་རྒྱུའི་དགོས་མཁོ་ཡོད་ཚེ་ཚོང་བ་རང་གི་སྒོ་ཁར་ཁྲིད་ནས་བཙོང་རྒྱུ་མ་གཏོགས་ཚོང་རར་དེད་ནས་ཡོང་མི་ཆོག
གྲོས་གཞི་འདིར་གཏོར་བརླག་བྱེད་མཁན་ཡོད་ཚེ་རྩེ་ཁོག་སྡེ་བཅུའི་རྒན་བསམ་ཤེས་དང་རྩ་འཛུགས་འགོ་ཁྲིད་རྣམས་སྣང་མེད་དུ་བཞག་པ་ཡིན།

༢༠༡༥ཟླ་༨པའི་ཚེས་༢༥ན་ནས་བཟུང་གྲོས་གཞི་འདི་ལག་ལྟར་བྱེད་རྒྱུ་ཡིན་ཟེར།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།