choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མེ་མདའ་དང་མུན་ནག སྡེ་ཚན་གཉིས་པ། ཁམས་དཀར་མཛེས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

མིང་བརྗོད་འདོད་མེད་པའི་ཐེ་ཝན་གྱི་རྒྱ་རིགས་ཡིན་པ་ཨ་རིའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་སྔར་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོ་དང་པེ་ཅིན་ཨོ་ རྩེད་འགྲན་ཚོགས་ཆེན་མོའི་དབར་ཁམས་དཀར་མཛེས་ཁུལ་དུ་བསྐྱོད་ཡོད་པ་དང༌། ཁོ་མོས་ས་ཁུལ་དེའི་བོད་རིགས་མང་ཚོགས་ལ་རྒྱ་དམར་གྱི་དམག་དཔུང་གིས་ཡ་ང་བའི་དྲག་གནོན་མནར་གཅོད་བཏང་ཚུལ་སྐོར་གྱི་མིག་མཐོང་དངོས་དོན་དག་ཡིག་འབྲུའི་ལམ་དུ་འཁོད་ནས་རྒྱ་དམར་གྱི་མེ་མདའ་དང་བོད་ཁམས་མུན་ནག་ཅེས་པའི་བརྗོད་གཞིར་བྲིས་པའི་རྩོམ་ཡིག་ཅིག་འདི་ག་གསར་ཁང་ལ་བསྐུར་གནང་སོང༌། མེ་མདའ་དང་མུན་ནག་ཅེས་པའི་དུམ་བུ་གཉིས་པའི་ནང་ཁོང་མོས། སྔར་ལོར་བོད་ཀྱི་ཤར་ཕྱོགས་དཀར་མཛེས་ཁུལ་དུ་རྒྱ་དམག་འབོར་ཆེན་དཔུང་འཇུག་བྱས་ཏེ་བོད་མི་ཚོའི་གནས་སྟངས་སྐོར་ཞིབ་ཕྲ་བྲིས་ཡོད་པ་རེད།

མིང་བརྗོད་འདོད་མེད་པའི་ཐེ་ཝན་གྱི་རྒྱ་རིགས་ཡིན་པ་ཨ་རིའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་སྔར་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོ་དང་པེ་ཅིན་ཨོ་ རྩེད་འགྲན་ཚོགས་ཆེན་མོའི་དབར་ཁམས་དཀར་མཛེས་ཁུལ་དུ་བསྐྱོད་ཡོད་པ་དང༌། ཁོ་མོས་ས་ཁུལ་དེའི་བོད་རིགས་མང་ཚོགས་ལ་རྒྱ་དམར་གྱི་དམག་དཔུང་གིས་ཡ་ང་བའི་དྲག་གནོན་མནར་གཅོད་བཏང་ཚུལ་སྐོར་གྱི་མིག་མཐོང་དངོས་དོན་དག་ཡིག་འབྲུའི་ལམ་དུ་འཁོད་ནས་རྒྱ་དམར་གྱི་མེ་མདའ་དང་བོད་ཁམས་མུན་ནག་ཅེས་པའི་བརྗོད་གཞིར་བྲིས་པའི་རྩོམ་ཡིག་འདི་ག་གསར་ཁང་ལ་བསྐུར་གནང་སོང༌། མེ་མདའ་དང་མུན་ནག་ཅེས་པའི་དུམ་བུ་གཉིས་པའི་ནང་ཁོ་མོས། སྔར་ལོར་བོད་ཀྱི་ཤར་ཕྱོགས་དཀར་མཛེས་ཁུལ་དུ་རྒྱ་དམག་འབོར་ཆེན་དཔུང་འཇུག་བྱས་ཏེ་བོད་མི་ཚོའི་གནས་སྟངས་སྐོར་ཞིབ་ཕྲ་བྲིས་ཡོད་པ་རེད།

ཁོང་ཉིད་ལི་ཐང་ཁུལ་དུ་སྐོར་བསྐྱོད་གནང་སྐབས། དམག་མིས་རྟེན་གཞི་བྱས་ཡོད་པའི་ས་ཆ་ཞིག་ཏུ་རྒྱ་དམག་གིས་ཁོ་མོའི་པར་རིས་དག་བཙན་འཕྲོག་བྱས་ཡོད་པ་དང༌། གཞན་ཡང་པར་ཆས་དང་ཁུག་མ། ཟིན་བྲིས་རྣམས་ཞིབ་བཤེར་བྱས་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་ཡོད་འདུག

ཁོ་མོས་བཤད་དོན། ང་རང་དཀར་མཛེས་སུ་སླེབས་སྐབས་ཡ་མཚན་སྐྱེས་བྱུང༌། ད་ལོ་དཔྱིད་ཀར་བོད་དུ་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང༌། ཕྱི་རྒྱལ་བ་རྣམས་སི་ཁྲོན་གྱི་ནུབ་ཕྱོགས་ཁམས་ཀྱི་ས་ཆར་འགྲོ་བསྐྱོད་བྱེད་མི་ཆོག་པ་དང༌། དེ་ནི་ས་ཆར་བཙན་བཟུང་གི་རྣམ་པ་ཞིག་མཐོང་བྱུང༌། ལག་ཏུ་མེ་མདའ་དང་ཕུབ་ཁྱེར་མཁན་གྱི་དམག་མི་མང་པོ་ཚོང་ཁང་གི་མདུན་དང་སྲང་ལམ་གང་སར་ལངས་འདུག་པ་དང༌། ཁོང་ཚོས་གཞུང་ལམ་གྱི་འགྲམ་དུ་དམག་སྒར་རྒྱབ་འདུག་པ་དང༌། དམག་མི་རྣམས་གྲོང་ཁྱེར་གྱི་དཀྱིལ་དུ་རུ་སྒྲིག་ནས་འགྲོ་སྐབས། དེ་ནི་ཞེད་སྣང་སྐྱེ་འོས་པའི་འཐབ་འཛིང་ས་ཁུལ་ཞིག་དང་འདྲ་བོ་འདུག

དེ་ནས་རླངས་འཁོར་གཏོང་མཁན་དེས་ཞིབ་བཤེར་བྱེད་ས་དེ་ལས་གཟུར་ནས་ཕྱིར་འགྲོ་སྐབས་ངས་ལམ་སེང་སྔོན་མ་ཞི་རྒོལ་བ་ཞིག་གི་སྐབས་སུ་སྔོ་ཚལ་ཁྲོམ་རྭའི་འགྲམ་དུ་བུད་མེད་ཅིག་ལ་མེ་མདའ་བརྒྱབ་ནས་བསད་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་བཀླགས་པ་ཡིན།

ཞེད་སྣང་དང་དངངས་སྐྲག་གི་ཁྲོད་དུ་ངས་གང་སར་ཞིབ་ལྟ་ཞིག་བྱ་དུས། དེ་ནི་དངོས་གནས་སྤྱི་ལོ༢༠༠༨རེད་དམ་བསམས་པའི་ཚོར་སྣང་ཞིག་བྱུང་སོང༌། རྒྱལ་གཅེས་ཀྱི་འབོད་ཚིག་བྲིས་པའི་དམར་ཞིང་འཚེར་བའི་སྲིད་གཞུང་གི་འཕྲེད་དར་མང་པོ་གང་སར་སྦྱར་འདུག་པ་དང༌། དེས་ང་ལ་རིག་གནས་གསར་བརྗེ་ཆེན་པོ་སླར་ཡང་དྲན་གསོ་བྱས་བྱུང༌། ང་དཀར་མཛེས་སུ་སླེབས་རྗེས། ངས་རང་ཉིད་ཀྱི་གློག་འཕྲིན་ཁ་ཕྱེས་ནས་བལྟ་དུས་ཡ་མཚན་ཆེ་བའི་འཕྲིན་ཡིག་ཅིག་འབྱོར་འདུག དེ་ནི་དཀར་མཛེས་ཁུལ་དུ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་སྐོར་གྱི་ཉེན་བརྡ་ཞིག་རེད་འདུག ང་ནི་དངངས་སྐྲག་ཅིག་ལངས་བྱུང༌། གང་འདྲ་བྱས་ནས་རྒྱ་ནག་གཞུང་གིས་ངའི་སྐོར་ལ་གནས་ཚུལ་་ཤེས་རྟོགས་བྱུང་བ་ཡིན་ནམ། ངས་དྷ་རམ་ས་ལའི་ཚོགས་པ་ཞིག་ལ་བོད་ཀྱི་རྒྱལ་དར་༦༠༠༠ཙམ་རོགས་རམ་བྱས་པ་དེ་ཁྲིམས་མཐུན་མ་ཡིན་པ་ཤེས་སོང་བ་ཡིན་ནམ། ཡང་ན་ཁོང་ཚོས་ང་ནི་བཙན་བྱོལ་བོད་གཞུང་གི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་ཞིག་ཡིན་པ་ཤེས་སོང་བ་རེད། དེ་ནས་ང་རང་མགྲོན་ཁང་དུ་ཕྱིར་ལོག་རྗེས། བོད་མི་ཞིག་གིས་ངོ་རྒོལ་ལས་འགུལ་སྐོར་གྱི་བརྙན་འཕྲིན་ཞིག་ལ་བལྟས་ནས་བསྡད་འདུག བརྙན་འཕྲིན་ནང་ཟ་ཁང་ཞིག་གི་མདུན་དུ་བོད་མི་ཁྱུ་ཞིག་གིས་བོད་ལ་རང་བཙན་དགོས་ཞེས་སྐད་འབོད་སྒྲོག་བཞིན་ངོ་རྒོལ་གྱི་ཁྲོམ་སྐོར་བྱེད་ཀྱིན་འདུག བརྙན་འཕྲིན་ལྟ་མཁན་བོད་མི་ཞིག་གིས་ང་ལ་བརྗོད་གསལ། ཉིན་ཤས་སྔོན་དུ་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཞིག་གློག་བརྙན་བཟོས་སོང་ཟེར། གློག་བརྙན་བཟོ་སྐྲུན་བྱེད་མཁན་དེ་ངོ་རྒོལ་བ་དེ་ཚོ་ལས་བར་ཐག་རིང་ཙམ་གྱི་སར་བསྡད་འདུག དོན་ངོ་མར་ངོ་རྒོལ་བ་དེ་ཚོ་ནི་རྒྱ་ནག་གཞུང་གི་ཉེན་རྟོག་པ་རེད་ཅེས་བཤད་བྱུང༌། འོན་ཀྱང་རྒྱ་ནག་གཞུང་གིས་རྫུན་བཟོའི་ཁྱབ་བསྒྲགས་དེས་ང་ལ་ནམ་ཡང་ཧང་སང་བཅུག་གི་མ་རེད།

དེ་རྗེས་ང་རང་མགྲོན་ཁང་དུ་ཕྱིར་ལོག་ནས་བརྙན་འཕྲིན་ཐོག་ངའི་དཔར་ཆས་ནང་གི་འདྲ་དཔར་དང་གློག་བརྙན་ཕབ་སྒྱུར་བྱེད་བཞིན་པའི་སྐབས་སུ། ཉེན་རྟོག་པ་གཉིས་ཀྱིས་སྒོ་བརྡུང་ནས་ནང་དུ་འཛུལ་བྱུང་བས་ངས་ལམ་སེང་དཔར་ཆས་ཀྱི་དངོས་པོ་རྣམས་ཕར་བསྡུས་པ་ཡིན། ཁོང་ཚོས་གང་སར་ཞིབ་ལྟ་བྱས་རྗེས་ང་ལ་ཁྱོད་རང་དཀར་མཛེས་སུ་ལས་ཀ་ག་རེ་བྱེད་ཀྱིན་ཡོད་ཅེས་དྲིས་བ་དང༌། ཉེན་རྟོག་པ་གཅིག་གིས་ངའི་ཡིག་ཆ་རྣམས་ལ་ཞིབ་བཤེར་བྱས་པས་མ་ཚད་རྫོང་ནང་དུ་ལས་ཀ་ག་རེ་བྱེད་ཀྱང་གཟབ་གཟབ་བྱེད་དགོས་པ་དང༌། གལ་སྲིད་དོགས་པ་སློང་བའི་ལས་ཀ་རིགས་བྱས་ཚེ་དཀའ་ངལ་འཕྲད་རྒྱུ་ཡིན་ཚུལ་སོགས་འཇིག་སྐུལ་བྱས་བྱུང༌། ཉེན་རྟོག་པ་རྣམས་ཕྱིན་ཚར་རྗེས། ཐ་མག་ཐེངས་གཉིས་ཙམ་འཐེན་ཡང་ད་དུང་ངའི་སྙིང་འཕར་ལྡིང་བྱེད་ཀྱི་འདུག་པས་རྒྱ་གར་ལ་ཕྱིར་ལོག་བྱ་དགོས་བསམ་ནས་ཕྱི་ཉིན་ཞོགས་པར་ཁྲིན་ཏུའུ་དུ་ཕྱི་ལོག་བྱ་རྒྱུའི་སྤྱི་སྤྱོད་རླངས་འཁོར་གྱི་འཛིན་ཤོག་ཉོས་པ་ཡིན།

རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་འཛུལ་དང་མནར་གཅོད། རིག་གཞུང་སོགས་རྩ་མེད་གཏོང་བཞིན་པ་ནི་ང་ལ་དཔང་རྟགས་ཡོད། དེས་ངའི་སེམས་པར་མི་བདེ་བའི་ཚོར་སྣང་ཞིག་སྤྲད་བྱུང༌། ང་ནི་དེ་ལས་ཀྱང་རྒྱ་མི་རིགས་ཤིག་བྱེད་པར་ངོ་ཚ་སྐྱེས་བྱུང༌། ས་ཆ་འདི་ནས་ཐོན་འགྲོ་རྒྱུ་ཡིན། འོན་ཀྱང་ངའི་སེམས་ནང་ཕམ་ཁ་དང་བྱུས་ཉེས་ཀྱི་ཚོར་སྣང་ཞིག་ཀྱང་བྱུང༌། གང་ཡིན་ཟེར་ན། ང་ནི་ཞེད་སྣང་དང་དངངས་སྐྲག་གི་ཁྲོད་དུ་ཕྱིར་ལོག་བྱ་དགོས་པ་དེ་རེད། དེའི་ཕྱིན་ཉིན། ངས་རིའི་སྟེང་དུ་ཡོད་པའི་དཀར་མཛེས་དགོན་པར་འགྲོ་རྒྱུ་ཐག་བཅད་པ་ཡིན། དགོན་པའི་ཐོག་ཁ་ནས་མཐའ་སྐོར་གངས་རིས་བསྐོར་བའི་གྲོང་སྡེ་དང་ཡུལ་ལྗོངས་དེ་དག་མཐོང་དུས། ངས་འདྲ་པར་མང་པོ་ཞིག་བརྒྱབ་པས་མ་ཚད་རྒྱ་མིའི་དམག་སྒར་དེ་ཚོ་ལའང་འདྲ་པར་ཁ་ཤས་བརྒྱབ་པ་ཡིན། ལག་ཁྱེར་ཁ་པར་འཛིན་མཁན་གྱི་མི་ཞིག་གིས་ངའི་ཕྱོགས་སུ་མཛུབ་བཙུགས་བྱེད་བཞིན་འདུག འོན་ཀྱང་ངས་ཅི་ཡིན་མགོ་འཚོས་མ་བྱུང༌། ཁོས་ཉེན་རྟོག་པའི་ཆས་སྤྲས་འདུག་ལ་ངའི་རྗེས་སུ་ཡོང་བཞིན་འདུག ཡུན་ཙམ་ནས་ཁོ་མཐོང་རྒྱུ་མེད་པར་གྱུར་སོང་བས་ང་མགོ་འཐོམ་ཏེ་རང་ཉིད་གང་དུ་སླེབས་པ་རེད་བསམས་བྱུང༌། ཡུན་ཙམ་རིང་ལ་ངལ་གསོས་རྗེས་ཕྱིར་ལོག་སྐབས་གློ་བུར་དུ་ཉེན་རྟོག་པ་དེ་ཡོང་ནས་དོགས་ཟོན་ཆེན་པོའི་ངང་ང་ལ་མུན་མ་རུབ་སྔོན་ཁོ་དང་མཉམ་དུ་ཤོག་ཅེས་བཤད་བྱུང༌། ཁོས་མི་དམངས་དཀྱུས་མའི་ཆས་སྤྲས་འདུག་པ་དང༌། ང་ནི་དངངས་སྐྲག་དང་བཅས་ཏེ་ད་ནི་དངོས་གནས་འཛིན་བཟུང་བྱས་སོང་བསམས་བྱུང༌།

ང་ཉེན་རྟོག་ལས་ཁུངས་སུ་སྒུག་ནས་བསྡད་པ་ཡིན། ཡང་བསྐྱར་ཉེན་རྟོག་པའི་ཆས་སྤྲས་མཁན་མི་གཉིས་ཡོང་ནས་ང་ལ་གློག་བརྙན་བརྒྱབ་སོང༌། ངས་གནས་ཚུལ་ག་རེ་བྱུང་བ་རེད་ཅེས་སྐད་ཆ་དྲིས་ཀྱང་ལན་འདེབས་ཀྱི་མི་འདུག ཁོང་ཚོས་སྒུག་དང་ལྟ་དགོས་ཁོ་ན་ལབ་ཀྱི་འདུག དེའི་སྔོན་ཙམ་ནས་ཉེན་རྟོག་པ་བཞིས་ངའི་སྡོད་སའི་མགྲོན་ཁང་དུ་འཁྲིད་བྱུང༌། ཡང་བསྐྱར་ཁོང་ཚོས་ང་ལ་ཉེན་རྟོག་པ་མང་པོ་ཞིག་མ་སླེབས་བར་དུ་སྒུག་དགོས་ཟེར་གྱི་འདུག ངས་ང་ནི་ཨ་རིའི་མི་སེར་ཞིག་ཡིན་པས་ཨ་རིའི་གཞུང་ཚབ་ཁང་ལ་ཁ་དཔར་རྒྱག་ཆོག་པའི་ཐོབ་ཐང་ཡོད་པ་རེད་ཅེས་རེ་འདུན་ཞུས་ཀྱང་ཕན་ཐོག་གང་ཡང་མི་འདུག ཆུ་ཚོད་ཕྱེད་ཀ་ཙམ་རྗེས་ནས་ཉེན་རྟོག་པ་བཅུ་ཙམ་ངའི་སྡོད་ཁང་དུ་སླེབས་བྱང༌། ཁོང་ཚོས་སྒོ་བརྒྱབ་ནས་གློག་བརྙན་བརྒྱབ་པ་དང་ངའི་ལྕ་དངོས་རྣམས་ལ་ཞིབ་བཤེར་བྱས་སོང༌། ངས་དམག་སྒར་དང་ལི་ཐང་དུ་ཉེན་རྟོག་པས་མི་རྣམས་ལག་པ་བསྡམས་ནས་འཁྲིད་འགྲོ་བཞིན་པའི་གསང་བའི་འདྲ་དཔར་མང་པོ་ཞིག་བརྒྱབ་ཡོད་པ་དྲན་སོས་བྱུང་བས་ང་ནི་ཅི་འདྲའི་མི་གླེན་ལྐུག་ཅིག་རེད་བསམས་བྱུང༌། ངས་ཟུར་དུ་བསྡད་ནས་བལྟས་པས། ཁོང་ཚོས་ལམ་སེང་ངའི་འདྲ་དཔར་དེ་དག་རྙེད་སོང༌།

ངས་ཨ་རིའི་གཞུང་ཚབ་ཁང་ལ་རེ་སྐུལ་ཞུ་བ་དེ་ནི་ཁོང་ཚོ་ལ་རྩོད་གཞི་དང་སུན་་པོ་ཞིག་ཏུ་འགྱུར་ཡོད་པ་དང༌། ཁོང་ཚོས་ང་ལས་ཤེས་རྟོགས་ག་རེ་བྱུང་ཡོད་པ་དེ་ཚོ་བཤད་བྱུང༌། ང་ནི་རྒྱ་ནག་གི་མི་སེར་ཞིག་རྒྱ་ནག་གི་ཡིག་ཆའི་ཐོག་ནས་རྒྱ་ནག་ཏུ་འགྲུལ་བསྐྱོད་བྱེད་བཞིན་ཡོད་པས། ད་ནི་འགྲིག་མ་སོང་རྒྱ་མིའི་ཁྲིམས་ལ་དང་ལེན་མི་བྱེད་ཀ་མེད་རེད་བསམས་བྱུང༌། ལོ་གཉིས་ཀྱི་སྔོན་དུ་ངས་ཐའེ་ཝན་ཨ་རིའི་མི་སེར་ཡིན་པའི་མི་གསུམ་རྒྱ་ནག་ཏུ་བཙོན་འཇུག་བྱས་ཡོད་པ་དེ་ཚོའི་ཆེད་དུ་ལས་ཀ་བྱས་པ་ཡིན། ཐེངས་འདི་ང་ཡང་ཁོང་ཚོའི་རྗེས་ནས་མི་བཞི་པ་དེ་ཆགས་གྲབས་བྱེད་བཞིན་ཡོད་པ་རེད།

ཁོང་ཚོས་ང་ལ་འདྲི་བརྩད་དང་ངའི་གནད་དོན་ལ་གཞུང་འབྲེལ་གྱིས་ཡིག་ཆ་ཕྱོགས་སྒྲིག་བྱེད་བཞིནའདུག ང་ལ་ཁྲིམས་འགལ་གྱིས་གསང་ཉུལ་བྱས་པའི་ཉེས་འཛུགས་བྱས་བྱུང༌། གང་ཡིན་ཟེར་ན་ངས་འདྲ་དཔར་མང་པོ་ཞིག་བརྒྱབ་ཡོད་པས་རེད། ངས་ཁོང་ཚོའི་ཤོག་བུ་སྟེང་དུ་ས་རྟགས་དང་མཛུབ་ཐེལ་བརྒྱབ་པ་ཡིན། དེ་ནས་ཁོང་ཚོས་ང་ལ་ལྕ་ལག་རྣམས་ཁྱེར་ནས་དར་རྩེ་མདོར་ད་དུང་ཞིབ་དཔྱད་བྱེད་པར་འགྲོ་དགོས་པ་རེད་ཅེས་བཤད་བྱུང༌། འདི་ནས་སྤྱི་ལེ་༣༠༠ཙམ་གྱི་མཚམས་སུ་ཡོད་པའི་དར་རྩེ་མདོར་ཁོང་ཚོའི་ཞིང་ཆེན་གྱི་མཐོ་རིམ་ཁྲིམས་ཁང་དེ་ཡོད་པ་རེད།

ངས་ཁོང་ཚོར་སྐད་ཆ་དྲིས་ཀྱང་ལན་འདེབས་ཀྱི་འདུག འོན་ཀྱང་ང་ལ་སྙིང་རྗེའི་ཐོག་ནས་མ་མཐར་ང་ཡང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་ལན་འདེབས་བྱེད་དགོས་ཀྱི་ཡོད། དེ་ནས་ཁོང་ཚོས་ངའི་གནད་དོན་ལ་ཐག་གཅོད་བྱེད་ཆོག་པའི་དབང་ཆ་ཡོད་པ་མ་རེད། ཁྱོད་རང་དར་རྩེ་མདོར་འགྲོ་དགོས་པ་རེད་དེ་དང་མཉམ་དུ་ཁོང་ཚོས་ཁྱོད་རང་གི་གནད་དོན་ལ་ཞིབ་དཔྱད་དང་ནག་ཉེས་ལ་ཐག་གཅོད་བྱེད་ཀྱི་རེད་ཅེས་བཤད་བྱུང༌།

ངས་ཁོང་ཚོར་ཅིག་བྱས་ན་ང་བརྩོན་འཇུག་བྱ་རྒྱུ་རེད་དམ་ཞེས་དྲིས་པས། ཁོང་ཚོས་ངའི་གནས་ཚུལ་ཚང་མར་ཞིབ་དཔྱད་དང་གལ་སྲིད་ཁྱོད་ཀྱི་རྒྱབ་ལྗོངས་སུ་ཕ་རོལ་བའི་སྐུལ་སློང་དེ་འདྲ་ག་ཡང་མེད་པ་གསལ་པོ་མཐོང་ན་གློད་བཀྲོལ་གཏང་གི་རེད་ཅེས་བཤད་བྱུང༌། ངས་ཉེ་འཆར་ཡིག་ཆ་ཞིག་མཐོང་བ་དྲན་སོས་བྱུང༌། ཡིག་ཆ་དེའི་ནང་རྒྱ་ནག་གི་ཁྲིམས་རྩོད་པ་མཐོ་ཤོས་དེས་གནད་དོན་དེ་ཆབ་སྲིད་ནག་ཉེས་ཀྱི་གནད་དོན་དང་འབྲེལ་འདུག་པས་བརྒྱ་ཆ་༩༩ཤོར་སོང་ཞེས་བཤད་འདུག ད་ནི་འགྲིགས་མ་སོང༌། ངའི་གནད་དོན་དེ་ནི་རྡ་རམ་ས་ལ་དང་འབྲེལ་བ་ཡོད་པས་ཁོང་ཚོས་ལམ་སེང་ཤེས་རྟོགས་བྱུང་སོང་བསམས་བྱུང༌།

ངའི་ལག་བཟུང་གློག་ཀླད་དེ་ཁྲི་ཏུང་དུ་བཞག་ཡོད་པ་དང༌། གཞན་ཁྲིམས་མཐུན་མིན་པའི་དངོས་པོ་གང་ཡང་མཉམ་དུ་ཁྱེར་མེད། འོན་ཀྱང་ངས་ནོར་འཁྲུལ་ཆེ་ཤོས་ཅིག་ནི་

ཡ་མཚན་པ་ཞིག་ལ་ཁོང་ཚོས་བོད་སྐད་ཤོད་ཀྱི་འདུག །ངས་དེ་སྔོན་བོད་མི་རྒྱ་མི་དང་ཕྱོགས་མཐུན་ནམ་ཡང་མཐོང་མྱོངས་མེད། འོན་ཀྱངདེ་རིང་ངས་དེ་འདྲ་བ་སྒྲོག་རྩེའི་མཐའ་སྐོར་གང་བ་ཞིག་མཐོང་རྒྱུ་ཡོད་པ་རེད། ངའི་ང་ཅང་རིང་བའི་ངོ་གདོང་དེས་ཁོང་ཚོ་ཁ་ཤས་ལ་མི་བདེའི་ཚོར་བ་ཞིག་བཟོ་བཞིན་ཡོད་པ་རེད། ལས་བྱེད་པ་ཞིག་གིས་ང་ལ་ཁྱོད་རང་ག་རེ་བྱེད་འདོད་ཡོད་ན་བྱེད་ན་འགྲིགས་ཀྱི་རེད་ཟེར། ཁོང་ཚོས་སྨན་ཁང་གསར་པ་དང༌། སློབ་གྲྭ། ལམ་ཁ་སོགས་ཀྱི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད་ཚུལ་བཅས་ཁོང་ཚོའི་ལས་དོན་འགྲུབ་ཆེད་དུ་ཁོང་ཚོ་རང་ཉིད་ལ་བསྟོད་བསྔགས་བྱེད་ཀྱི་འདུག བོད་མི་དེ་ཚོས་རྒྱ་སྐད་ཀྱང་ཕུལ་དུ་བྱུང་བ་རྒྱག་ཐུབ་ཀྱི་འདུག སང་ཉིན་སྤྱི་ལོ་༢༠༠༨ཟླ་༨ཚེས་༡ཉིན་ངའི་གནད་དོན་ལ་ཐག་གཅོད་བྱ་རྒྱུ་ཡིན་པས་ང་ནི་ཁུ་སིམ་དུ་བསྡད་པ་ཡིན། དེ་དང་དུས་མཉམ་དུ་ལོ་སྔོན་མར་སྨན་ཁང་ཞིག་དུ་ངའི་ལུས་ལ་ན་ཚ་སྡུག་ཤོས་ཤིག་གི་རྐྱེན་གྱིས་སྨན་པས་ངའི་ཁོག་པའི་ནང་ཁྲག་འཁོར་སའི་སྦུ་གུ་བཅུག་ཀྱང་ད་དུང་ངས་མགོ་བོ་འགུལ་མི་ཐུབ་པའི་ཉམས་མྱོངས་ཤིག་ཡོད་པ་དང༌།

ཡང་སང་ཉིན། བཙོན་ཁང་ཞིག་གི་ནང་དུ་སེམས་པ་ན་ཚའི་ཉམས་མྱོངས་ཤིག་ཀྱང་བསགས་སྲིད་པ་རེད་བསམས་བྱུང༌། སྤྱིར་ང་ནི་མི་རྣམ་རྟོག་ཅན་ཞིག་མིན་ཡང་་ཁྱད་མཚར་བའི་གནས་ཚུལ་ཐེངས་གཉིས་དུས་མཉམ་དུ་ཁེལ་བ་ནི་ང་ལ་ཡ་མཚན་སྐྱེས་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ཡིས་ཕབ་བསྒྱུར་བྱས།

(80GB external hard drive)ཞེས་པ་ཕྱི་འབྲེལ་བའི་ཡིག་ཆ་བླུགས་སྣོད་ཤོང་ཚད་༨༠ཅན་གྱི་གློག་ཀླད་ཡོ་ཆས་ཤིག་མཉམ་དུ་ཁྱེར་ཡོད་པ་དེ་རེད། ངས་དེའི་ནང་ལ་ཡིག་ཆ་སོགས་ག་རེ་ཡོད་མེད་བསམ་བློ་བཏང་དུས། དེའི་ནང་ལ་༧གོང་ས་མཆོག་གི་སྐུ་དཔར་དང་ང་ཡིས་བོད་ཀྱི་རྒྱལ་དར་འཕྱར་བ་དང༌། བོད་ཀྱི་རྒྱལ་དར་གྱི་མདུན་དུ་གཏམ་བཤད་བྱེད་བཞིན་སོགས་ཀྱི་འདྲ་དཔར་མང་པོ་ཡོད་པ་རེད། ད་དུང་ཡང་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་རུ་ཁག་གི་ནང་དུ་ངའི་མིང་ཡོད་པས་མ་ཚད། དེའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་རུ་ཁག་གི་དྲྭ་རྒྱ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ལ་སྙན་ཞུ་ཞིག་གི་ཐོག་ངའི་མིང་འབྲེལ་བ་བྱེད་མཁན་གཙོ་བོར་འཁོད་ཡོད་པས། ད་ནི་རེ་བ་གང་ཡང་བྱུང་མ་སོང་བསམས་བྱུང༌། ང་ཚོ་དར་རྩེ་མདོའི་ཕྱོགས་སུ་བསྐྱོད་ནས་ཆུ་ཚོད་༡༢ཙམ་ཕྱིན་རྗེས། རྒྱ་མིའི་ཟ་ཁང་ཞིག་གི་ནང་དུ་དགོང་ཟས་ཟོས་པ་ཡིན། གཞན་ཡང་རླངས་འཁོར་ཞིག་གི་ནང་ཉེན་རྟོག་པའི་ཆས་སྤྲས་མཁན་གྱིས་ཁེངས་པ་ཞིག་ཀྱང་ང་ཚོ་དང་མཉམ་དུ་དགོང་ཟས་ཟོས་སོང༌། ཁོང་ཚོས་ང་ལ་སྒོང་ངའི་ཚལ་དང༌། ཕག་ཤའི་ཁུ་བ་སོགས་ཁོང་ཚོ་ནང་བཞིན་འཛེམས་ཟོན་མེད་པར་ཟོས་ཟེར། ག་རེ་འཛེམས་ཟོན་མེད་པ། ང་ནི་གནས་ཚུལ་གང་འདྲ་ཞིག་ཆགས་མིན་ལ་ཞེད་སྣང་དང་བསམ་བློ་གཏང་དགོས་པ་རེད་ལ། འཛིན་བཟུང་བྱ་མི་ཡོང་ངམ་སྙམ་པ་དང༌། བུད་མེད་ཉེན་རྟོག་པ་ཞིག་ངའི་འགྲམ་དུ་བསྡད་བཅུག་ནས་གཅིན་གཏོང་འགྲོ་སྐབས་རྗེས་འདེད་བྱེད་མི་ཡོང་ངམ། ཁོང་ཚོས་ངའི་ལག་བཟུང་ཁ་དཔར་གཞུང་བཞེས་གཏང་ནས་མི་གཞན་ལ་ཁ་དཔར་གཏང་མི་བཅུག་པ་སོགས་བྱེད་མི་ཡོང་ངམ་སྙམ་པའི་དངངས་འཚབ་སྐྱེས་བྱུང༌། 

ཡ་མཚན་པ་ཞིག་ལ་ཁོང་ཚོས་བོད་སྐད་ཤོད་ཀྱི་འདུག །ངས་དེ་སྔོན་བོད་མི་རྒྱ་མི་དང་ཕྱོགས་མཐུན་ནམ་ཡང་མཐོང་མྱོངས་མེད། འོན་ཀྱངདེ་རིང་ངས་དེ་འདྲ་བ་སྒྲོག་རྩེའི་མཐའ་སྐོར་གང་བ་ཞིག་མཐོང་རྒྱུ་ཡོད་པ་རེད། ངའི་ང་ཅང་རིང་བའི་ངོ་གདོང་དེས་ཁོང་ཚོ་ཁ་ཤས་ལ་མི་བདེའི་ཚོར་བ་ཞིག་བཟོ་བཞིན་ཡོད་པ་རེད། ལས་བྱེད་པ་ཞིག་གིས་ང་ལ་ཁྱོད་རང་ག་རེ་བྱེད་འདོད་ཡོད་ན་བྱེད་ན་འགྲིགས་ཀྱི་རེད་ཟེར། ཁོང་ཚོས་སྨན་ཁང་གསར་པ་དང༌། སློབ་གྲྭ། ལམ་ཁ་སོགས་ཀྱི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད་ཚུལ་བཅས་ཁོང་ཚོའི་ལས་དོན་འགྲུབ་ཆེད་དུ་ཁོང་ཚོ་རང་ཉིད་ལ་བསྟོད་བསྔགས་བྱེད་ཀྱི་འདུག བོད་མི་དེ་ཚོས་རྒྱ་སྐད་ཀྱང་ཕུལ་དུ་བྱུང་བ་རྒྱག་ཐུབ་ཀྱི་འདུག སང་ཉིན་སྤྱི་ལོ་༢༠༠༨ཟླ་༨ཚེས་༡ཉིན་ངའི་གནད་དོན་ལ་ཐག་གཅོད་བྱ་རྒྱུ་ཡིན་པས་ང་ནི་ཁུ་སིམ་དུ་བསྡད་པ་ཡིན། དེ་དང་དུས་མཉམ་དུ་ལོ་སྔོན་མར་སྨན་ཁང་ཞིག་དུ་ངའི་ལུས་ལ་ན་ཚ་སྡུག་ཤོས་ཤིག་གི་རྐྱེན་གྱིས་སྨན་པས་ངའི་ཁོག་པའི་ནང་ཁྲག་འཁོར་སའི་སྦུ་གུ་བཅུག་ཀྱང་ད་དུང་ངས་མགོ་བོ་འགུལ་མི་ཐུབ་པའི་ཉམས་མྱོངས་ཤིག་ཡོད་པ་དང༌།

ཡང་སང་ཉིན། བཙོན་ཁང་ཞིག་གི་ནང་དུ་སེམས་པ་ན་ཚའི་ཉམས་མྱོངས་ཤིག་ཀྱང་བསགས་སྲིད་པ་རེད་བསམས་བྱུང༌། སྤྱིར་ང་ནི་མི་རྣམ་རྟོག་ཅན་ཞིག་མིན་ཡང་་ཁྱད་མཚར་བའི་གནས་ཚུལ་ཐེངས་གཉིས་དུས་མཉམ་དུ་ཁེལ་བ་ནི་ང་ལ་ཡ་མཚན་སྐྱེས་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ཡིས་ཕབ་བསྒྱུར་བྱས།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།