choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མེ་མདའ་དང་མུན་ནག སྡེ་ཚན་དང་པོ་༼ཁམས་ལི་ཐང༌།༽

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལ་ཕོ་ཉས་སྤྱི་ལོ་༢༠༠༩ཟླ་༡༠ཚེས་༢༩ཉིན་སྤེལ། གསར་འགྱུར་བའི་ཚན་པ་འདི་ནི་ཨ་མི་རི་ཀའི་ཡུལ་སྐོར་སྤྲོ་འཆམ་ཞིག་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་རྒྱ་ནག་དུ་རྩེད་འགྲན་ཆེན་མོ་གཉིས་ཀྱི་དབར་བོད་ཤར་ཕྱོགས་སྟེ། ཁམས་ལི་ཐང་ཁུལ་དུ་བསྐྱོད་སྐབས་སུ་མཁོ་སྒྲུབ་བྱས་པ་ཞིག་ཡིན་པ་དང༌། དེའི་དུས་གཅིག་ནི་་ཁོ་མོ་དེ་སྔོན་དྷ་རམ་ས་ལ་ཕེབས་མྱོངས་ཡོད་པ་དང༌། གཉིས་ནི་ཁམས་ལི་ཐང་ཁུལ་དུ་བོད་མི་མང་ཆེ་བར་རྒྱ་ནག་གཞུང་གི་བཙན་གནོན་བྱེད་བཞིན་ཡོད་པ་སོགས་ཀྱིས་ཞེད་སྣང་ཁྲོད་ཁོ་མོས་གནས་ཚུལ་འདི་བཀོད་པ་ཞིག་རེད།

ཁོ་མོས། གནས་འདི་ནི། བོད་ཤར་ཕྱོགས་ཁམས་ཀྱི་ས་ཆ་ཞིག་སྟེ། ལི་ཐང་ཞེས་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་གནས་འདུག །དངངས་སྐྲག་དང་ཞེད་སྣང་གི་ཁྲོད་དུ་གནས་དགོས་པའི་ས་ཆ་དེ་རུ། ངས་དེ་སྔོན་གྲོང་བརྡར་ཞིག་གི་ནང་དུ་དེ་འདྲ་བའི་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་ཡོད་པ་མཐོང་མྱོངས་མེད།

མདང་དགོང་མཚན་མོ་ཆུ་ཚོད་༡༡དང་སྐར་མ་༤༠ཙམ་དུ། ངས་ཕྱི་ལོག་ནས་ཉེན་རྟོག་པའི་སྐད་ངན་བྱུང༌། དེ་ནས་ཁོང་ཚོ་ངའི་ཁང་པའི་ནང་དུ་འཛུལ་བྱུང་བས། ང་ནི་ཧ་ཅང་གི་ཞེད་སྣང་ཅིག་སྐྱེས་བྱུང༌། གང་ཡིན་ཟེར་ན་གཅིག་ནི་ཕྱི་རྒྱལ་བ་ཚོ་གྲོང་ཚོའི་ནང་བསྡད་ཆོག་པའི་ཆོག་གི་མེད་པ་དང༌། གཉིས་ནི་ཁྲི་ཏུང་དུ་ཨ་རིའི་གཞུང་ཚབ་ཁང་གིས་ཀྱང་དཀའ་ང་ལ་དཀའ་ངལ་འཕྲད་ཀྱི་རེད་ཞེས་དང༌། མ་ཚད་དེའི་སྐབས་སུ་ངས་རང་ཉིད་ཀྱི་གློག་ཀླད་ནང་དུ་གློག་འཕྲིན་ཞིག་གཏོང་བཞིན་པ་ཡིན་ལ། ང་ཡང་དྷ་རམ་ས་ལའི་ཆབ་སྲིད་ནང་དུ་ཚུད་ཡོད་པས་རེད། དེ་འདྲ་ཡིན་དུས། ང་རང་ཏོག་ཙམ་ཞེད་སྣང་གི་ཡི་གེ་འདི་བྲིས་པ་ཡི། ཡང་ན་ངས་རང་ཉིད་ཀྱི་བདེ་འཇགས་ཆེད་དུ་ཡི་གེ་འདི་འབྲི་མཚམས་འཇོག་དགོས་པ་རེད་དམ།

ང་ལ་ཨ་རིའི་ཕྱི་བསྐྱོད་ལག་འཁྱེར་གྱིས་སྐྱོབ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན་ང་ནི་ཐའེ་ཝན་མི་སེར་གྱི་ཡིག་ཆའི་ཐོག་འགྲུལ་བསྐྱོད་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གིས་ཐའེ་ཝན་ནི་ཁོང་ཚོའི་ཞིང་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མིག་ནང་དུ། ཁོང་ཚོས་གང་བྱུང་གི་ངའི་དོགས་སྣང་ལ་བཀག་སྐྱིལ་བྱ་འདོད་ཡོད་པ་རེད། མ་ཚད་ཉེ་ཆར་རྒྱ་ནག་དུ་ལས་འགུལ་བ་དང་རྩོམ་པ་པོ་མང་པོ་ཞིག་ལ་མ་ཉེས་ཁག་གཡོག་བྱས་ཡོད་པ་རེད། ལོ་གཉིས་ཀྱི་སྔོན་དུ། ཐའེ་ཝན་ཨ་རིའི་མི་སེར་གྱི་རྐྱེན་པས་རྒྱ་ནག་ཉེན་རྟོག་པས་མི་གསུམ་བཀག་སྐྱིལ་བྱས་ཡོད་ཀྱང༌། ཨ་རིའི་གཞུང་ཚབ་ཁང་གི་བཀག་སྐྱེལ་དང་ཉེས་འཛུགས་གང་ལ་ཡང་ངོས་ལེན་བྱས་ཡོད་པ་མ་རེད། དགའ་འོས་པ་ཞིག་ཉེན་རྟོག་པས་ངའི་སྐོར་ལ་གནད་དོན་གང་ཡང་མེད་པ་མཐོང་ནས་ལོག་ཕྱིན་སོང༌། གང་ཡིན་ཟེར་ངས་རང་ཉིད་བླུན་རྨོངས་ཀྱི་ཡུལ་སྐོར་བ་ཞིག་ཡིན་ཚུལ་བྱས་པ་ཡིན། དེའི་ཕྱི་ཉིན། ཉེན་རྟོག་པས་རྒྱུན་ཆད་མེད་པར་ས་གནས་མགྲོན་ཁང་ཚང་མར་སྔོག་བཤེར་དང་དོག་ཡོད་མི་སྣ་བརྩད་འཚོལ་བྱེད་བཞིན་འདུག དེ་ནས་བོད་པའི་སྐྱེས་དམན་ཞིག་ངའི་མགྲོན་ཁང་དུ་རྒྱུག་ཡོང་ནས་ཁོང་གིས་སི་ཁྲོན་གྱི་ནུབ་ཕྱོགས་བོད་པའི་ས་ཁུལ་དུ་མགྲོན་ཁང་ཚང་མ་རྒྱ་ནག་རྩེད་འགྲན་གྱི་དུས་ཡུན་ལ་སྒོ་རྒྱག་རྒྱུ་རེད་འདུག་ཅེས་གསུངས་བྱུང༌།

ལི་ཐང་གི་མི་མང་དེ་ཚོས་ཅི་འདྲའི་རྒྱ་ནག་གཞུང་ལ་ཞེད་སྣང་དང་ཅི་གསུང་དྭང་ལེན་བྱེད་དགོས་པ་ཞིག་མ་རེད་དམ། དེ་ནས་གྲོང་བརྡལ་གྱི་མཆོད་རྟེན་འགྲམ་དུ་ཕྱིན་པ་ཡིན། མཆོད་རྟེན་དེར་མང་ཞིང་གྲལ་བསྟར་སྒྲིག་པའི་མ་ཎི་འཁོར་ལོ་དང་རྩིབ་གྱང་དབར་བར་སྟོང་ཆེན་པོ་ཞིག་ཀྱང་འདུག་པས། བལྟས་ཚོད་ལ་དེ་ནི་བརྟག་ཤིང་དཔྱད་དེ་བཟོ་སྐྲུན་བྱས་པ་ཞིག་རེད་འདུག དེའི་བར་ནས་ཁྱོད་ཀྱིས་དམག་མི་དེ་ཚོས་ཁོང་ཚོའི་སྒེར་གྱི་ལྕ་ལག་ཉོ་བར་འགྲོ་བཞིན་པ་མཐོང་ཐུབ།

ཉིན་གཉིས་ཀྱི་སྔོན་དུ། ངས་མཆོད་རྟེན་ལ་སྐོར་བ་ཞིག་བརྒྱབ་དུས་དེ་རུ་མི་ཚོགས་མང་པོ་ཞིག་འདུས་འདུག་པ་དང༌། མཆོད་རྟེན་ལ་མཚོན་རྩི་གཏོང་བཞིན་འདུག་བསམས་བྱུང༌། འོན་ཀྱང་༌། ག་རེ་ཁོང་ཚོའི་ལག་ནང་དུ་མེ་མདའ་འདྲ་པོ་ཞིག་ངས་གསལ་པོ་མཐོང་བྱུང༌། ད་དུང་ཡང༌། གང་སར་དུ་རླངས་་ཀྱི་ས་ཚིགས་དང༌། བྱེ་མའི་དོ་པོ་བརྩིགས་པའི་རྒྱབ་ཏུ་མེ་མདའ་བཟུང་མཁན་གཉིས་ལས་མང་བ་དེ་འདྲ་གང་སར་མཐོང་ཐུབ། ངའི་གྲོགས་མོ་བོད་མི་ཞིག་གིས་འདིར་ཡོད་པའིདམག་མི་འབོར་ཆེན་འདི་ད་ལོ་སྤྱི་ཟླ་གསུམ་པའི་ཞི་རྒོལ་རྗེས་ནས་ཡོང་སྟེ་ཨོ་ལིམ་ཕིང་རྩེད་འགྲན་གྱི་སྔོན་དུ་གནས་ཚུལ་ག་རེ་འབྱུང་མིན་ཤེས་རྟོགས་བྱ་རྒྱུའི་ཆེད་དུ་རེད། ཉེན་རྟོག་པ་དང་དམག་མི་མང་པོས་སྲང་ལམ་གང་སར་སོ་ཉུལ་བྱེད་ཀྱི་ཡོད་པ་རེད་ཟེར། བོད་ཀྱི་ས་ཁུལ་མང་ཆེ་བར་དེ་ལྟར་ལྟ་སྲུང་དང་དོ་དམ་བྱེད་ཀྱི་ཡོད་པས་མ་ཚད་ངའི་མཐོང་ཡུལ་དུ་གྱུར་པས་ལས་བྱེད་ཚང་མ་ནི་རྒྱ་མི་རེད་འདུག་པ་དང༌། ཚོང་ཁང་དང་ཟ་ཁང་མང་ཆེ་བ་ནི་རྒྱ་མི་ཚོས་བདག་བཟུང་བྱས་འདུག་པས་ངས་ད་དུང་ཡང་བོད་པའི་ཟ་ཁང་ཞིག་རྙེད་ཐུབ་མ་བྱུང༌། །

དེ་རིང་ངས་སྤྱི་ལེ་གཅིག་གི་ནང་ཚུད་དུ་ཉེན་རྟོག་པ་དང་ས་གནས་བདེ་སྲུང་མི་སྣའི་ས་ཚིགས་བདུན་ཙམ་ཞིག་གྲངས་ཀ་བརྒྱབ་པ་ཡིན། ཁོང་ཚོས་སྒོའི་འགྲམ་དུ་མེ་མདའ་དང་མཚོན་ཆ་བཟུང་ནས་ཉེན་སྲུང་བྱས་འདུག སྤྱི་སྟངས་རོབ་རྩིས་བྱས་པ་ཡིན་ན་མི་གྲངས་༡༤༠༠༠ཙམ་ལ་ཉེན་རྟོག་པ་གཅིག་དགོས་ཀྱི་ཡོད་རུང༌། བོད་ནང་དུ་བོད་མི་ཉི་ཤུ་ལ་རྒྱ་ནག་གི་ཉེན་རྟོག་པ་རེར་ཡོད་པ་རེད། ལྷག་པར་དུ་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་ཡོད་པའི་བོད་ཤར་ཕྱོགས་ཀྱི་ས་ཆ་ཁག་ཏུ་བོད་མི་རེར་རྒྱ་ནག་གཞུང་གི་ཉེན་རྟོག་པ་རེ་བསྐོ་བཞག་བྱས་ཡོད་པ་རེད།

འོན་ཀྱང་ལི་ཐང་ཁུལ་དུ་བོད་མི་ཚོས་ད་དུང་ཡང་གྱང་སྟེང་དུ་༧གོང་ས་མཆོག་གི་སྐུ་པར་དང་འདྲ་རིས་ཐང་ཀ་དེ་འདྲ་བཀལ་འདུག་པ་ནི་ཅི་འདྲའི་ཡིད་ཆེས་དཀའ་བ་ཞིག་མ་རེད་དམ། ངའི་མགྲོན་ཁང་དུ་རྒྱུག་་ཡོང་མཁན་གྱི་བུད་མེད་དེར་ཉེན་རྟོག་པས་འཇིགས་སྐུལ་བྱས་རྗེས་ཁོང་གིས་འདོད་པ་མེད་བཞིན་དུ་༧གོང་ས་མཆོག་གི་སྐུ་པར་དེའི་ཚབ་ཏུ་པཎ་ཆེན་རིན་པོ་ཆེའི་སྐུ་པར་ཞིག་སྒྲོན་པ་ཡིན་ཞེས་དང༌། ཡང་ཁོ་མོས་གྱང་སྟེང་དུ་༧གོང་ས་མཆོག་གི་སྐུ་པར་ཞིག་མེད་ན་སེམས་པ་བདེ་པོ་རྩ་བ་ནས་མི་འདུག་པས་ཉེན་རྟོག་པའི་འཇིགས་སྐུལ་ལ་མ་བལྟོས་པར་ཡང་བསྐྱར་༧གོང་ས་མཆོག་གི་སྐུ་དཔར་ཞིག་གྱང་ཐོག་ཏུ་སྦྱར་བ་ཡིན་ཞེས་གསུངས་བྱུང༌།

དེ་ནི་གནས་གནད་དོན་ཆུང་ཆུང་ཞིག་ཡིན་རུང་བློ་ཁོག་ཆེན་པོ་རེད། མ་ཚད་ངས་ས་ཆ་དེར་དགོན་པ་གཉིས་ཀྱི་ནང་དུ་༧གོང་ས་མཆོག་གི་སྐུ་པར་མཐོང་བྱུང༌། གནད་དོན་འདི་མ་འོངས་པར་འགྱུར་བ་ཞིག་ཐེབས་ཀྱི་རེད་ལ། རྒྱ་ནག་སྲིད་གཞུང་གི་ངོས་ནས་ཀྱང་གནད་དོན་འདི་གཙང་མ་ཞིག་བཟོ་དགོས་པ་རེད།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།