choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གཞུང་གིས་ལྷ་ས་རུ་བོད་མི་བཞི་ལ་སྲོག་ཁྲིམས་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༠ཚེས་༢༢ཉིན་སྤེལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱི་ལོ་༢༠༠༩ཟླ་༡༠ཚེས་༢༠ཉིན་གྱི་ཆུ་ཚོད་༡༡ཐོག་བོད་མི་བཞི་ལྷ་སའི་ཉེ་འགྲམ་དུ་ཡོད་པའི་སྟོད་ལུང་ཁུལ་དུ་དམར་བསད་བཏང་ཡོད་འདུག དེ་ཚོ་ནི་ལྷ་ས་ཀླུ་སྦུག་ནས་ཡིན་པའི་བློ་བཟང་རྒྱལ་མཚན་ལགས་དང༌། སྟག་རྩེ་རྫོང་བདེ་ཆེན་ཤང་ནས་ཡིན་པའི་ལོ་ཡག དེ་བཞིན་བུད་མེད་པད་སྐྱིད་ཟེར་བ་ཞིག་དང༌། གཞན་མིང་ཤེས་རྟོགས་བྱུང་མེད་པའི་མི་གཅིག་བཅས་ཡིན་འདུག ཁོ་ཚོར་ན་ནིང་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཞི་བའི་ངོ་རྒོལ་ནང་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག ཁོང་ཚོ་སྲོག་ཐོག་བཏང་རྗེས་ཕུང་པོར་ནང་མིར་ཕྱིར་སྤྲད་བྱས་ཡོད་འདུག་ཀྱང༌། བློ་བཟང་རྒྱལ་མཚན་ལགས་ཀྱི་ཕུང་པོ་དེ་ཁོང་གིས་སྐྱེས་དམན་གྱི་ལྷ་ས་སྐྱིད་ཆུའི་ནང་གཡུག་དགོས་ཐུག་ཡོད་འདུག གང་ཡིན་ཟེར་ན། བློ་བཟང་རྒྱལ་མཚན་ལགས་ཀྱི་ནང་མིའི་འཚོ་བ་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་འདུག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། བློ་བཟང་རྒྱལ་མཚན་ལགས་ལ་ལྷ་ས་མི་དམངས་ཁྲིམས་ཁང་གིས་ན་ནིང་སྤྱི་ཟླ་༣ཚེས་༡༤ཉིན་རྒྱ་མིའི་གྱོན་གོས་ཚོང་ཁང་གཉིས་མེ་བསྲེགས་བཏང་ནས་ཚོང་ཁང་གི་བདག་པོ་བསད་པའི་ཉེས་འཛུགས་དང༌།  ལོ་ཡག་ལགས་ལ་ན་ནིང་སྤྱི་ཟླ་༣པའི་ནང་ཞི་བའི་ངོ་རྒོལ་སྐབས་སྦག་སྦག་ཚོང་ཁང་ཞིག་མེ་བསྲེགས་བཏང་ནས་ཚོང་ཁང་གི་བདག་པོ་དང༌། ཁོང་གི་སྐྱེས་དམན། བུ་ཕྲུག དེ་བཞིན་ལས་གཡོག་མི་གཉིས་བཅས་བསད་པའི་ཉེས་འཛུགས་ཀྱིས་ན་ནིང་སྤྱི་ཟླ་༣པ་ཚེས་༡༥ཉིན་འཛིན་བཟུང་བྱས་ཡོད་འདུག ཁོང་ནི་ལྷ་ས་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་སྟག་རྩེ་རྫོང་བདེ་ཆེན་གྲོང་བརྡལ་ནས་ཡིན་འདུག་པ་དང༌། ལོ་ན་༢༢ཡིན་འདུག གཞན་གཉིས་ཀྱི་གནས་ཚུལ་ད་དུང་ཡང་གསལ་པོ་ཤེས་རྟོགས་བྱུང་ཡོད་མི་འདུག

དེ་རིང་དགོང་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང༌། བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་བུད་མེད་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་བཞུགས་སྒར་རྡ་རམ་ས་ལ་འདས་པོ་དེ་དག་གི་ཆེད་དུ་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་བཀོད་སྒྲིག་གནང་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།