choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སོག་རྫོང་གི་ན་གཞོན་གསུམ་འཛིན་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༦ཉིན་སྤེལ། ཟླ་འདིའི་ཚེས་༡ ཉིན་ཏེ། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ཁམས་སོག་རྫོང་ར་རྟ་གྲོང་ཚོའི་ལོ་ན་༢༥ ཡིན་པ་རྒྱལ་སེང་དང། ལོ་༢༤ ཡིན་པ་ཉི་མ་དབང་ཕྱུག ལོ་༢༥ཡིན་པ་ཡེ་ཤེས་ནམ་མཁའ་བཅས་ན་གཞོན་གསུམ་རྒྱ་གཞུང་གི་འཛིན་བཟུང་གིས་ནག་ཆུ་ས་ཁུལ་དུ་ཁྲིད་ནས་གར་སོང་ཆ་མེད་དུ་གྱུར་པ་དང། ཁོང་གསུམ་གྱི་ནང་མི་སྤུན་མཆེད་རྣམས་ཀྱིས་ཐུག་འཕྲད་བྱེད་ས་རག་མེད་པ་རེད།

ཁོང་གསུམ་ནི་རྒྱུན་དུ་དྲ་རྒྱ་བལྟ་ཀློག་བྱེད་མཁན་ཡིན་སྟབས་ཁོང་གསུམ་གྱི་ཟིན་བྲིས་དང༌། རྒྱ་ནག་གིས་བཟོས་པའི་QQཞེས་པའི་དྲ་གནས་ནང་དུ་ྋགོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་ཁ་ཤས་ཡོད་པ་དང༌། དེ་བཞིན་ཕྱི་རྒྱལ་ཁབ་ཁག་ཏུ་འབྲེལ་བ་འདུག་ཚུལ་གྱི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་ཡོད་འདུག ད་དུང་དེང་སྐབས་སོག་རྫོང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་ཟེར་བ་ཤུགས་ཆེ་རུ་བཏང་ནས། གྲོང་གསེབ་ཁག་ལ་ཉིན་ལྟར་ཚོགས་འདུར་ཡོང་དགོས་པའི་བཙན་བཀའ་བཏང་ནས་ཞིང་འབྲོག་གི་ལས་ཀ་འཐུས་ཤོར་ཡོང་གི་ཡོད་པ་མ་ཟད། ཡར་མར་རྫོང་ཐོག་ཏུ་འགྲོ་སྐབས་བཅས་སུ་ངོ་སྤྲོད་ལག་འཁྱེར་ཡོད་མེད་ལྟ་བ་སོགས་སུན་བཙིར་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང། ལྷག་པར་དུ་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་དང་སྟངས་འཛིན་ནན་པོས་སྐོར་གཡེང་བྱེད་ཀྱི་ཡོད་འདུག  དེ་བཞིན་སོག་ཙནྡན་དགོན་པའི་གྲྭ་མང་རྣམས་དབྱར་གནས་གྲོལ་རྗེས་སུ་སྤྲོ་སེང་གཏོང་བའི་ལུགས་སྲོལ་སྔར་ནས་ཡོད་ཀྱང་ད་ལོ་སྤྲོ་གསེང་དེ་གཏོང་བཅུག་མེད་པ་མ་ཟད། གུང་གསེང་དུའང་མ་བཏང་བར་ཉིན་ལྟར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཚོགས་འདུ་འཚོག་བཅུག་གི་འདུག་ཅེས་མིང་ཤོད་འདོད་མེད་པའི་མི་སྣ་ཞིག་གིས་བོད་ནས་འགྲེལ་བརྗོད་བྱས་བྱུང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།