choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་རྙིད་སྟོད་ཡུལ་ཚོ་ནས་མགོ་ཟས་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༡༠།༢༤ཉིན་སྤེལ། ཁམས་རྙིད་སྟོད་ཡུལ་ཚོའི་འདུས་སྡོད་ཁང་པའི་རྒྱུ་ཆ་སྤུས་དག་མིན་པ་མ་ཟད། ཁྲི་གཉིས་ཀྱི་བུ་ལོན་དེ་གོང་རིམ་ནས་ལོ་རེར་རྩྭ་རིན་ལ་རྒྱ་སྒོར་སྟོང་ལྷག་ སྤྲད་ཀྱི་ཡོད་པ་དེ་ལས་ཕྱིར་འཐེན་བྱེད་ཀྱི་ཡིན་པའི་གནས་ཚུལ་འདུག

ས་གནས་འབྲེལ་ཡོད་མི་སྣས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་ལྟར་ན།
༢༠༠༩ལོ་ནས་ཞིང་ཆེན་རིམ་པར་འདུས་སྡོད་ཁང་པ་གསར་རྒྱགས་ཀྱི་ལས་འཆར་མགོ་འཛུགས་བྱས་ཡོད་པ་བཞིན།   དཀར་མཛེས་ཁུལ་གསེར་རྟ་རྫོང་རྙིད་སྟོད་ཡུལ་ཚོར་གཞི་རིམ་མང་ཚོགས་ཀྱི་འདུས་སྡོད་ཁང་པ་རྒྱགས་པར་གོང་རིམ་ནས་རྒྱ་སྒོར་ཁྲི༣སྤྲད་ཀྱི་ཡོད་པ་དང་། ཁྲི་གཉིས་བུ་ལོན་བཏང་ཡོད་འདུག

དེ་ཡང་རྙིད་སྟོད་ཡུལ་ཚོའི་འགོ་བ་དཀར་སྒོང་གཙོས་འཚོ་དཔོན་གཞི་དགའ་གཉིས་ཀྱིས་འདུས་སྡོད་ཁང་པ་གསར་རྒྱགས་བྱེད་པའི་འགན་ལེན་བྱས་ཡོད་ཀྱང་། ཁོང་གཉིས་ཀྱིས་གོང་རིམ་གྱིས་སྤྲད་པའི་ཁྱོན་བསྡོམས་རྒྱ་སྒོར་ཁྲི་ལྔ་སྤྲད་པ་དེའི་སྒང་ལ་མང་ཚོགས་ལག་ནས་རྒྱ་སྒོར་སྟོང་ཁ་ཤས་ཤིག་ཡང་བསྡུས་ཡོད་འདུག

ཁ་སང་དེ་རིང་རྙིད་སྟོད་ཡུལ་ཚོའི་འདུས་སྡོད་ཁང་པ་བཟོ་བསྐྲུན་བྱས་ཚར་ཡོད་ཀྱང་། ཨར་ལས་དང་ཤིང་ལས་སོགས་ཀྱི་རྒྱུ་ཆའི་ཐད་སྤུས་ཚད་ཧ་ཅང་ཞན་པོི་ཡོད་པ་མ་ཟད། རྙིད་སྟོད་ཡུལ་ཚོ་ནས་བུ་ལོན་བཏང་ཡོད་པའི་སྒོར་ཁྲི་གཉིས་དེ་ནི། འབྲོག་པ་མང་ཚོགས་ཀྱིས་འདུས་སྡོད་ཁང་པ་རག་ཡོད་མེད་ལ་མ་བལྟས་པར་གོང་རིམ་གྱི་ལས་འཆར་ནང་གི་ཁྱིམ་ཚང་རེར་རྒྱ་སྒོར་ཁྲི་གཉིས་ཀྱིས་བུ་ལོན་བཏང་ཡོད་པ་དེ་ནི་ལོ་རེར་མར་མང་ཚོགས་ལ་རྩྭ་རིན་དུ་སྤྲད་ཀྱི་ཡོད་པའི་སྒོར་སྟོང་ལྷག་དེ་འཐེན་རྒྱུ་ཡིན་པ་གཞི་རིམ་ནས་གསལ་བསྒྲགས་བྱས་ཡོད་འདུག

ཁོ་ཚོའི་བཟང་ས་རྒྱན་ས་རྣམས་སུ་འདུས་སྡོད་ཁང་པ་གཉིས་གསུམ་རེ་རག་ཡོད་ཀྱང་། ང་ཚོ་ཁང་པ་རག་མེད་པ་དེ་ཚོས་གྱོང་རག་གི་ཡོད་པ་མ་ཟད། ཁོ་ཚོའི་རྒྱབ་རྩ་ནི་གོང་སྲིད་གཞུང་སོགས་ཡིན་པས་ང་ཚོས་ཞུ་གཏུགས་བྱེད་ས་མི་འདུག་པའི་སྐོར་གྱི་གནས་ཚུལ་འབྱོར་སོང་།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གནམ་མཐའ་དང་འབྲེལ་བའི་རྒྱང་རིང་བོའི་རི་བོ་དང་རི་ཕྲན་དག་ནི། གཤོངས་པ་ཆེན་པོ་འདིའི་མཐའ་སྐྱོར་ལྟ་བུ། སྐབས་རེར་སྨུག་ཤར་རེ་བ་དང་སྐབས་རེར་སྐྱ་ཤར་རེ་བར་མངོན་ཞིང་། ལོ་ངོ་བརྒྱ་སྟོང་མང་བོའི་ཡར་སྔོན་དུ་བྱུང་བའི་མེ་རི་འབར་གས་ལས་གྲུབ་པའི་བྲག་ཞུན་ནག་པོ་རྗེས་ཤུལ།
This e-mail address is being protected from spambots, you need JavaScript enabled to view it



བརྗོད་གཞི་གཞན་ཁག་ལ་གཟིགས།