choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༡༠།༢༡ཉིན་སྤེལ། རྒྱ་ནག་གིས་ཡུལ་ཤུལ་ནང་ཆེན་གྱི་བཀའ་རྒྱུད་དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་ དབང་ལགས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་གསང་བའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ནི་བོད་ཤར་ཕྱོགས་མདོ་སྨད་ཆམ་མདོ་ནས་ཡིན་འདུག

ཉེ་ལམ་བརྒྱུད་ལམ་ཁག་ཏུ་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་ཡུལ་ཤུལ་ནང་ཆེན་གྱི་བཀའ་རྒྱུད་དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་གསང་བའི་ཁྲིམས་ཐག་བཅད་ཡོད་པ་དང་། མཁན་པོ་དཀར་ཚེ་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་དགོན་པའི་ཡུལ་མི་གྲྭ་དོན་འགྲུབ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བཏང་བ་ལྟར་ན།
༢༠༡༣ཟླ་༡༢ནང་འཛིན་བཟུང་བྱས་ཤིང་ལོ་གཅིག་ལྷག་གི་རྗེས་སུ་རྒྱ་ནག་གིས་ཡུལ་ཤུལ་ནང་ཆེན་གྱི་བཀའ་རྒྱུད་དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལོ་གཅིག་དང་ཕྱེད་ལྷག་གི་གསང་བའི་ཁྲིམས་ཐག་བཅད་པ་ཡིན་པར་བརྗོད།

ས་གནས་འབྲེལ་ཡོད་ཞིག་གིས་བརྗོད་དོན། ཉེ་ལམ་ཟླ་གཉིས་གསུམ་ཞིག་གི་སྔོན་དུ་ཁོང་རང་ས་གནས་ཁྲིམས་ཁང་ནས་གསང་བའི་ཁྲིམས་ཆད་བཅད་ཡོད་པར་བརྗོད།

མཁན་པོ་ཀརྨ་ཚེ་དབང་ལགས་ཆབ་མདོའི་ལྟ་སྲུང་ཁང་ནང་བཙོན་པ་གཞན་བདུན་དང་མཉམ་དུ་ཉི་འོད་མེད་པའི་ཁང་མིག་ཅིག་གི་ནང་བཅུག་ཡོད་པ་དང་། ༢༠༡༤་ཟླ་ ༢ཚེས་༢༥ཉིན་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་ཁྲིམས་རྩོད་པ་ཐང་ཐེན་ཧའོ་སླར་ཡང་ཆབ་མདོར་འབྱོར་ཞིང་། ཁྲིམས་ཐོག་ནས་ཞུ་གཏུག་ས་བྱས་པ་བརྒྱུད་ཕྱི་ཟླ་༢ཚེས་༢༦ཉིན་ཉེན་རྟོག་པའི་ཆོག་མཆན་ཐོབ་ཏེ་ཁོང་མཁན་པོ་ཀརྨ་ཚེ་དབང་ལགས་དང་ཐུག་འཕྲད་བྱུང་འདུག གནས་ཚུལ་ལྟར་ན།

མཁན་པོ་ཀརྨ་ཚེ་དབང་ལགས་འཇུ་བཟུང་མ་བྱས་པའི་སྔོན་ནས་ཁོང་ལ་མཆིན་ཚད་དང་། གློ་བའི་ནད་གཞི་སོགས་ཡོད་པས་ཟླ་དྲུག་རེ་མཚམས་སུ་བརྟག་དཔྱད་དགོས་པ་ལྟར་བཙོན་ཁང་ལ་སྨན་བཅོས་དང་བརྟག་དཔྱད་མུ་མཐུད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ལ་ད་ལྟ་མཁན་པོའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་དང་། ཁོང་ཆབ་མདོ་ལྟ་སྲུང་ཁང་ཨང་D2 ཟེར་བའི་ནང་བཅུག་ཡོད་པ་རེད་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་ཆ་མདོ་ཉེན་རྟོག་པས་ཁྲིན་ཏུའུ་རུ་འཇུ་བཟུང་བྱས་རྗེས། བདུན་ཕྲག་གཅིག་རིང་མཁན་པོ་ཁོང་གར་སོང་ཡོད་ཆ་མེད་ཀྱི་གནས་སྟངས་ཆགས་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༡༤ ཉིན་མཁན་པོ་ཁོང་ཆབ་མདོ་རུ་བཙན་འཁྲིད་བྱས་པ་ནས་བཟུང་ཕྱི་ཚེས་ ༢༥ བར། ཆབ་མདོ་ཉེན་རྟོག་སྡེ་ཁག་གིས་ཁོང་གི་ནང་མིར་མཁན་པོ་ཀརྨ་ཚེ་དབང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་སོགས་གང་ཡང་གསལ་བཤད་བྱས་མེད་པ་རེད།  དེ་ལྟར་ཉིན་ ༡༨ རིང་གསང་བའི་ཐོག་འཇུ་བཟུང་བཀག་ཉར་བྱས་པའི་རིང་། རྒྱ་གཞུང་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་ལ་གཅར་རྡུང་འདྲི་གཅོད་དྲག་པོ་དང་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན་ནས། མཁན་པོ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།