choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་ཁམས་ལི་ཐིང་མགོ་ལོག་ཏུ་སྨོན་ལམ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༡༠།༡༤ཉིན་སྤེལ། ཉེ་ལམ་མདོ་ཁམས་ལི་ཐང་མགོ་ལོག་ཏུ་ས་གནས་མི་མང་ཕོན་ཆེན་གྱིས་སྤྲུལ་སྐུ་བསྟན་ འཛིན་བདེ་ལེགས་ཀྱི་སྐུ་འདྲར་ཁ་བཏགས་བསྒྲོན་འབུལ་དང་ཕྱག་མཆོད་བྱས་ཏེ་ཀྲིག་ ཡོང་ཁང་ལ་ཁ་ཉེས་ལོག་སྨྲོད་བྱས་ཡོད་འདུག

སེར་སྨད་དགེ་བཤེས་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་ལྟར།
ད་ལོའི་ཕྱི་ཟླ་༡༠ཚེས་༡༢ཉིན། མདོ་ཁམས་ལི་ཐང་མགོ་ལོག་ཏུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་བཀའ་དྲིན་རྗེས་དྲན་དང་འབྲེལ་སྟེ། ས་གནས་མི་མང་ཕོན་ཆེན་འདུ་འཛོམས་ཀྱིས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡིན་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཉམ་བཤམས་ནས། ས་གནས་མང་ཚོགས་པང་བསྒྲིགས་ཀྱིས་ཁ་བཏགས་བསྒྲོན་འབུལ་དང་ཕྱག་མཆོད་གཟབ་རྒྱས་བྱས་ཡོད་འདུག

ལྷག་པར་དུ་མི་མང་གིས་རིན་པོ་ཆེ་མཆོག་གི་གསེར་ཞལ་མྱུར་དུ་མཇལ་བའི་སྨོན་ལམ་དང་ཞབས་བསྟན་བསྐྱོར་པ། ཁོང་གི་མཛད་རྣམ་དག་ཡང་ནས་ཡང་དུ་རྗེས་དྲན་བྱེད་པ།  མི་མང་གིས་སེམས་སྐྱོ་བའི་མིག་ཆུ་བཞུར་བ། ཟི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་བྱས་པའི་ཀྲིག་ཡོང་ཁང་ལ་མི་མང་གིས་ཁ་སྨད་དམ་སྨད་པ་བཏང་སྟེ། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཚུད་བསྡད་ཡོད་པ་དེ་ནི། ཁོ་རང་ལ་ལས་རྒྱུ་འབྲས་འཁོར་གྱི་ཡོད་པ་དང་། དེ་ལས་ལྷག་པ་ཞིག་ནི། སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཧ་ཅང་ནག་པོ་བྱེད་མཁན་ཀྲིག་ཡོང་ཁང་དང་ཁོ་རང་གི་རོགས་པ་སོགས་གང་ལྟར་མི་གསུམ་ཞིག་ཡོད་པ་ཚང་མར་ལམ་འགྲོ་མ་རྒྱུགས་པའི་གནས་སྟངས་མང་པོ་ཞིག་བྱུང་ཡོད་པ་སོགས་བཤད་བསྡད་ཀྱི་འདུག

དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་བཀའ་དྲིན་རྗེ་དྲན་གྱི་སྲུང་བརྩི་བྱེད་པ་ནི་ད་ལོ་གཅིག་པུ་མ་ཡིན་པར་ལོ་ནས་ལོ་མཐུད་དེ་སྲུང་བརྩི་བྱེད་ཀྱིན་པ་དང་། དེ་ཡང་མདོ་ཁམས་ལི་ཐང་མགོ་ལོག་གི་ཁྱབ་ཁོངས་ཡོད་པའི་མི་ཕོན་ཆེན་པོ་ཞིག་བྱུང་ཡོད་པའི་གནས་སྟངས་ཤིག་རེད། སྔོན་མ་ཡིན་ན་རྒྱ་མིས་ས་གནས་འདིར་ཧ་ཅང་དམ་དྲག་བྱེད་ཀྱིན་ཡོད་པ་རེད། ད་ལོ་ཡིན་ན། ལོ་ནས་ལོ་མཐུད་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱིས་སྲུང་རྩི་ཤུགས་ཆེན་ཞུ་གི་ཡོད་པའི་རྣམ་པའི་ཐོག་ཏུ་ལག་པ་འཆང་བ་སོགས་བྱས་ན་ཏག་ཏག་བསྡད་ཀྱིན་མེད་པའི་ཚོད་དཔག་ཅིག་བྱེད་ཀྱིན་འདུག་པས་ན་རྒྱ་མིས་དེར་ལག་པ་འཆང་བ་སོགས་ཀྱི་གནས་ཚུལ་བྱུང་མི་འདུག

རིན་པོ་ཆེ་དང་འབྲེལ་བའི་སྐོར་ནས་ང་ཚོས་ཞུ་གཏུགས་མང་པོ་ཞུས་ཤིང་དེ་ལས་ལྷག་ཅིག་ཞུ་ཡ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ད་ལྟ་ང་ཚོའི་འགན་ཆེ་ཤོས་དེ་ནི་རིན་པོ་ཆེ་དང་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་བར་ལོག་གི་དམ་ཚིག་དེ་ནི་གལ་ཆེན་ཡིན་པས། དེའི་ཐོག་ནས་ང་ཚོས་སྨོན་ལམ་རྒྱག་དགོས་པ་གལ་ཆེན་རེད་ལ། དཀོན་མཆོག་གསུམ་དང་རྒྱལ་བ་ཡིད་བཞིན་ནོར་བུ་ལགས་སུ་གསོལ་བ་འདེབས་པ་སོགས་བྱེད་དགོས་པ་དང་། ཁ་སང་དེ་རིང་མགོ་ལོག་ཙམ་མ་ཡིན་པར་ཉེ་མཁྲིས་ཀྱི་ལུང་པ་མང་པོ་ཞིག་གི་ནང་དུ། ང་ཚོར་ཆོས་ཕྱོགས་དང་རིག་གནས་སོགས་ཕྱོགས་གང་ཅིའི་ཐད་གང་འཚམ་ཞིག་ཡོད་པ་དེ་ནི་རིན་པོ་ཆེ་བཀའ་དྲིན་ཡིན་པས་ན་ང་ཚོས་སྨོན་ལམ་རྒྱག་དགོས་པ་གལ་ཆེན་པོ་ཡིན་པར་བསམ་བློ་བཏང་ནས་བསྡད་འདུག

ལི་ཐང་མགོ་ལོག་ཟེར་བ་ཡིན་ན། ང་ཚོའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ནང་དུ། ལི་ཐང་མངའ་རིས་ཞིང་ཁམས་ཟེར་བའི་ནང་གི་ལུང་པ་ཞིག་གི་ཁྱབ་ཁོངས་ཡིན་པ་དང་། བོད་པའི་ལོ་རྒྱུས་གཞིར་བཟུང་བྱས་པ་ཡིན་ན། ལི་ཐང་གི་ཁྱབ་ཁོངས་ཆགས་བསྡད་ཡོད་ཀྱང་། ད་ལྟའི་རྒྱ་ནག་གི་ས་བགོས་ལྟར་ན་ལི་ཐང་གི་ཁྱབ་ཁོངས་མིན་པར། ཉག་ཆུ་རྫོང་གི་ཁོངས་གཏོགས་ཡིན་པ། ཡིན་ནའང་། རྒྱ་མིས་བགོ་བཤའ་རྒྱབ་སྟེ་ལི་ཐང་མང་པོ་གང་སར་གཏོར་བཞག་ཡོད་རུང་། རྒྱུན་ལྡན་གྱི་འཚོ་བའི་ནང་ལོག་ཏུ་ལི་ཐང་ཚང་མས་བརྩི་བཀུར་དང་། བསམ་བློ། ཡུལ་སྲོལ་གོམ་གཤིས་སྔར་བཞིན་འཇགས་ཡོད་རེད། 

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༦༢༠༡༤༡༦༢༢
གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཞུ། འོན་ཀྱང་ལི་ཐང་འགོ་ལོག་ཟེར་བ་ནི་གནའ་བའི་དུས་ལི་ཐང་གི་ཁྱབ་ཁོངས་ཡིན་ཀྱང་ད་ལྟའི་ས་བགོས་ཀྱིས་ཉག་ཆུ་རྫོང་ཁོངས་ཡིན་ཟེར་བ་ནི་་མི་ཤེས་ཤེས་མདོག་གི་དབུ་ཁྱོན་ནས་མ་ཚོས་པ་རང་རེད།་ད་ལྟའི་ཉག་ཆུ་རྫོང་གི་ཁྱབ་ཁོངས་ཚང་མ་ལི་ཐང་གི་མངའ་ཁོངས་མིན་ཀྱང་ཉག་ཆུ་ནི་ལི་ཐང་གི་ཁོངས་ཡིན་པ་ལོ་རྒྱུས་མང་པོ་ལས་གསལ།ཉག་ཆུ་ཁ་ནི་ལི་ཐང་དང་མི་ཉག་གི་ས་མཚམས་ལྟ་བུ་ཡིན།ད་ལྟའི་རྫོང་གི་ལྟེ་གནས་ཉག་ཆུ་ཁ་ཡན་ཆད་ཀྱི་ས་གནས་མང་ཆེ་བ་བེ་རི་ཨོ་ཐོག་དཔོན་གྱི་མངའ་ཞབས་ཡིན། ཡུལ་སྡེ་གང་གཏོགས་ལ་ཚོར་བ་རྐྱེན་པོ་ཡོད་ན་ལོ་རྒྱུས་ལ་རྒྱུས་ལོན་ཡང་དག་པ་བྱེད་དགོས་རེད།ཁ་ཙང་དུས་བབས་སུ་ལི་ཐང་རྫོང་ཁོངས་ཀྱིས་འགོ་ལོག ཅེས་བཀོད་འདུག དེ་ཙམ་ལ་ཡང་ནོར་འཁྲུལ་ཡོད་ན་གསར་འགྱུར་ལ་དོག་གཞི་ཟ་བ་ཆགས་སྲིད། རྒྱ་གཞུང་གི་སྲིད་འཛིན་ས་ཁུལ་ལ་ངོས་མེད་མདོག་གིས་ཡུལ་ལུང་འདྲ་མིན་གྱི་མིང་བེད་སྤྱོད་བཏང་དུས་བོད་ནང་གི་གནས་ཚུལ་མང་པོ་རྒྱལ་སྤྱིའི་ཐོག་ལ་་མགོ་སྙོགསཀྱི་་གཞི་ཆགས་ཀྱིན་ཡོད། ལི་སྡེ་མངའ་རི་ཞིང་ཁམས་ཀྱི་ཡུལ་ལུང་དག་ནི་ས་གནས་བཅད་བགོས་ཀྱིས་དེང་སྐབས་རྫོང་ལྔ་ཙམ་ཁོངས་སུ་ཡོད། གསལ་བཤད་ཙམ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།