choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མགོ་ལོག་དགའ་བདེ་རུ་རང་ལུས་མེར་བསྲེགས་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༡༠།༠༧ཉིན་སྤེལ། སྤྱི་ཟླ་དགུ་པའི་ཚེས་༡༦ཉིན། རྒྱ་ནག་གི་ད་ལྟའི་སྲིད་འཛིན་ལས་ཐོག་པ་ཞི་ཅིང་ཕང་རྒྱ་གར་ནང་མཚམས་གཟིགས་ལ་ འབྱོར་བ་དང་སྟབས་བསྟུན། འགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཡུལ་མཚོ་དམེ་སྐོར་སྡེ་བའི་དཀོན་མཆོག་ གིས་རྒྱ་ནག་གཞུང་གི་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་སྲེག་བཏང་ཡོད་འདུག

དེང་སྐབས་བོད་ནང་གི་རྒྱ་གཞུང་གི་དབྱེ་བའི་མཚོ་སྔོན་ཞིང་ཆེན་འགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཡུལ་མཚོ་དམེ་སྐོར་སྡེ་བའི་བོད་མི་ཞིག་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྟེ་སྐབས་ཐོག་དེར་ཁོའི་ལུས་སྟེང་གིས་མེ་བསད་ཡོད་པའི་རྐྱེན་གྱིས་ད་ལྟ་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་བཞིན་པའི་སྐོར་སོགས་ཕྱི་ཚེས་བཞི་ཉིན་འབྲེལ་ཡོད་བོད་ནང་གི་ས་གནས་བོད་མི་ཁག་ཅིག་གིས་གནས་ཚུལ་མཁོི་སྤྲོད་གནང་དོན།

སྤྱི་ཟླ་དགུ་པའི་ཚེས་༡༦ཉིན། རྒྱ་ནག་གི་ད་ལྟའི་སྲིད་འཛིན་ལས་ཐོག་པ་ཞི་ཅིང་ཕང་རྒྱ་གར་ནང་མཚམས་གཟིགས་ལ་འབྱོར་བ་དང་སྟབས་བསྟུན། འདི་ཀ་དམེ་སྐོར་སྡེ་བ་ནས་ཡིན་པའི་མིང་ལ་དཀོན་མཆོག་ཟེར་ཞིང་། ད་ལྟ་ལོ་ན་༤༢་ཡིན་པ་ཞིག་གིས་ང་ཚོ་གཙང་སྐོར་ཡུལ་མཚོ་སྟེང་དུ་ཡོད་པའི་རྒྱ་ནག་གཞུང་གི་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་སྲེག་བཏང་བ་རེད། སྐབས་ཐོག་དེར་ཁོའི་ལུས་སྟེང་གི་མེ་བསད་ཐུབ་ཡོད་པའི་རྐྱེན་གྱིས་ཁོང་འདས་གྲོངས་སུ་གྱུར་མི་འདུག་ལ། དེ་ནས་ལམ་སེང་རླུང་འཁོར་ཞིག་གི་ནང་དུ་བཞག་ནས་སྨན་ཁང་ལ་ཁྱེར་ནས་སོང་ཡོད་པ་དང་ད་ལྟ་མཚོ་སྔོན་ཟི་ལིང་གི་སྨན་ཁང་ག་གེ་མོ་ཞིག་གི་ནང་དུ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན། སྨན་ཁང་གི་མིང་གསལ་བོར་མི་བཤད་པའི་རྒྱུ་མཚན་ནི། ད་བར་དུ་གསང་བའི་ངང་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་པའི་སྟབས་ཀྱིས་ང་ཚོས་མི་མང་པོར་ཤེས་སུ་འཇུག་འདོད་མེད་པ་ཡིན། གལ་ཏེ་མི་མང་པོས་ཤེས་ན་ཉེན་ཁ་ཅན་གྱི་དོན་དག་མང་པོ་འབྱུང་གི་རེད་ལ། རྒྱ་ནག་གཞུང་གིས་ཕུང་བོ་བཙན་འཕྲོག་བྱེད་སྲིད་པས་ན། ནང་མི་ཚོས་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་འདུག

གཞན་ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་འདི་གར་ཡིག་ཐོག་གནས་ཚུལ་ཞིག་བཏང་འབྱོར་བྱུང་བའི་ནང་དུ། མིང་ལ་དཀོན་མཆོག་ཟེར་ཞིང་ཕ་ཡུལ་རྩང་ཞོལ་མ་དམེ་སྐོར་གི་རེད། ཁོང་གིས་ཞི་ཅིང་ཕང་རྒྱ་གར་ལ་འབྱོར་བ་དང་དུས་མཉམ་དུ་བོད་མི་རིགས་ཀྱིས་ཆེད་དུ་སྐུ་ལུས་མེར་སྒྲོན་སོང་ནི་རེད། ད་ལྟ་ད་དུང་ཤི་མེད་མེད་པའི་སྡུག་བསྔལ་ཚབ་ཆེན་མྱང་བཞིན་འདུག ཁྱེད་ལ་ཐབས་ཤེས་འདྲ་ཡོད་ན་ཡར་ཞུ་ཞིག་བྱེད་རོགས་རྒྱལ་གཅེས་དཔའ་བོ་ཁོང་ལ་བྱིས་པ་བུ་བུ་མོ་གཉིས་དང་། བུ་དེ་གྲྭ་བ་རེད། བུ་མོ་ཡང་ཇོ་མོ་ཡིན་ནི་རེད་ཅེས་བྲིས་འདུག

དེ་ལས་གཞན་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་དོན། ང་ཚོ་ཡུལ་མཚོའི་ནང་གི་སྤྱི་བདེ་ཉེན་རྟོག་དམག་མིའི་སྒོར་མེར་སྲེག་བཏང་བ་རེད། དེ་ནས་མེད་བསོད་ཐབས་བྱས་མ་ཐག་སྨན་ཁང་དུ་ཁྱེར་བའི་ལམ་བར་འགོ་ལོག་ཁུལ་ཐོག་ཏུ་འབྱོར་སྐབས་རྒྱ་ནག་གཞུང་གི་ཉེན་རྟོགས་དམག་མའི་བཀག་འགོག་བྱས་པས་དགོང་མོ་མཚན་ལ་ལམ་ཁ་འདྲ་མིན་བརྒྱུད་དམག་མིའི་ལག་ཏུ་མ་བཞག་པར་ཟི་ལིང་ལ་ཁྱེར་བ་རེད། ད་ལྟ་ཟི་ལིང་གི་སྨན་ཁང་ཞིག་ཏུ་ཡོད་ལ་ཉིན་འདི་གར་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་སྟབས། མཚམས་རེར་ཁོང་གིས་དྲན་པ་འདྲ་ཕྱིར་སོས་ཡོང་བའི་སྐབས་སུ། མིག་ནང་ནས་འཆི་མ་བཞུར་ཞོར་ཏུ་ངའི་དོན་དག་མ་འགྲུབ་ཐ་ཟེར་ནས་ཡང་ཡང་བཤད་གི་འདུག ཕལ་ཆེར་ཁོང་ཕྱིར་གསོན་པའི་རེ་བ་ཆེན་པོ་མི་འདུག

དོན་དངོས་ཐོག་གནས་ཚུལ་ང་ཚོས་གསལ་བོ་ཤེས་གི་རེད་མོད་བཤད་མི་ཐུབ་གི་རྒྱུ་མཚན་ང་ཚོ་ས་གནས་འདིར་ནམ་རྒྱུན་དམ་དྲག་ཡོད་པའི་སྟེང་ལ་དགོན་པ་ཁག་གི་ནང་ན་ཡང་དགོན་པའི་རྒྱབ་རི་དང་མདུན་ངོས་སོགས་སུ་གཟུག་མཐོང་འཕྲུལ་ཆས་དེ་སྔ་ནས་བཙུགས་ཡོད་པའི་སྟབས་ཀྱིས་ང་ཚོས་བཤད་རྒྱུར་དངངས་སྐྲག་ཆེན་པོ་བྱེད་བཞིན་ཡོད། གལ་ཏེ་རྒྱ་ནག་གི་ཤེས་སོང་ན་སྡེ་དགོན་གཉིས་ལ་ཆག་སྒོ་འབྱུང་སྲིད་གི་རེད་ལ། ང་རང་སྐད་ཆ་བཤད་མཁན་ལ་ཡང་ཉེན་ཁ་ཡོད་པ་རེད་ཅེས་སོགས་བརྗོད་སོང་དེ་དང་ཆབ་ཅིག་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་གོང་བརྗོད་རང་ལུས་མེར་སྲེག་གཏོང་མཁན་དཀོན་མཆོག་ལགས་ད་ལྟ་སྨན་ཁང་དུ་མལ་ཁྲིའི་སྟེང་ཡོད་པའི་འདྲ་པར་ཞིག་ཀྱང་འདི་གར་མཁོ་སྤྲོད་གནང་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།