choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་བློ་བཟང་དགེ་འདུན་ལགས་སུ་ལོ༡༠ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༩།༡༨ཉིན་སྤེལ། མདོ་སྟོད་ཁམས་ཀྱི་ཆབ་མདོ་ཚ་བ་དཔའ་ཞོད་རྫོང་དཀྱིལ་དག་ཤང་གྲོང་གསར་སྡེ་བའི་གྲོང་གསར་དགོན་གྱི་གྲྭ་བློ་བཟང་དགེ་འདུན་ལགས་སུ་ཆབ་མདོ་བཙོན་ཁང་དུ་ལོ་༡༠ཡི་གསང་བའི་ཁྲིམས་ཐག་བཅད་ཡོད་འདུག

འདི་ཟླའི་ཕྱི་ཚེས་༡༢ཉིན་ཆབ་མདོ་ཚ་བ་དཔའ་ཞོད་རྫོང་དཀྱིལ་དག་ཤང་གྲོང་གསར་སྡེ་བའི་གྲོང་གསར་དགོན་གྱི་གྲྭ་བློ་བཟང་དགེ་འདུན་ལགས་སུ་ཆབ་མདོ་བཙོན་ཁང་དུ་ལོ་༡༠ཡི་གསང་བའི་ཁྲིམས་ཐག་བཅད་ཡོད་འདུག

ཆབ་མདོ་དཔའ་ཞོད་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།
འདི་ཟླའི་ཕྱི་ཚེས་༡༢ཉིན་ཁྲིམས་ཁང་ནང་གི་བཙོན་པ་ལྟ་སྲུང་བྱེད་མཁན་གྱི་འགོ་བ་ཞིག་གིས། ཁྱོད་རང་ལ་ལོ༡༠ཡི་ཁྲིམས་ཐག་བཅད་ཡོད་པའི་སྐད་ཆ་བཤད་འདུག དེ་ནས་ཁོ་རང་ལ་ལོ་༡༠ཡི་ཁྲིམས་ཐག་བཅད་པའི་གསལ་བསྒྲགས་ཡིག་ཆ་སྐོར་དང་བཙོན་ཁང་གང་དུ་ཁྲིད་པར་གསལ་ཁ་མི་འདུག ཁྲིམས་ཐག་བཅད་པའི་གསལ་བསྒྲགས་ཡིག་ཆ་གང་ཡང་སྤྲད་མ་སོང་བའི་སྐོར་ཁོ་རང་གིས་ཁ་པར་བརྒྱུད་ནས་ནང་མི་ལ་ཡང་བཤད་ཡོད་འདུག ནང་མིས་གནས་ཚུལ་དེ་ཐོས་མ་ཐག་གི་ད་རེས་ཕྱི་ཚེས་༡༥ཉིན། ཁོང་རང་གི་གཅེན་པོ་སོང་ནས་ཆབ་མདོའི་བཙོན་ཁང་གི་སྒེའུ་ཁུང་ལས་ཅ་ལག་ཆུང་ཆུང་ཞིག་སྤྲད་པ་དང་ཐུག་ཕྲད་འཁྱུགས་ཙམ་ཞིག་ལས་གཟུགས་པོའི་གནས་སྟངས་སོགས་ཀྱི་སྐོར་ཅི་ཡང་ཤེས་རྟོགས་བྱུང་མི་འདུག

སྔོན་མ་ཁོ་རང་དགོན་པ་ན་བསྡད་ཡོད་དུས་ནས་གྲང་བའི་ནད་ཤུགས་ཆེན་པོ་ཡོད་པས་ན། ད་ལྟ་ནང་མི་རྣམས་ཀྱིས་བཙོན་ཁང་དུ་ཡང་གྲང་བའི་ནད་ཀྱིས་དཀའ་ལས་ཁག་པོ་ཆགས་མི་འགྲོ་བསམ་པའི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཁ་སང་ཐུག་ཕྲད་སྐབས་སུ་དེའི་སྐོར་གྱི་སྐད་ཆ་འདྲི་བའི་གོ་སྐབས་བྱུང་མི་འདུག

དེ་ཡང་ཁོ་རང་གི་ཚོད་དཔག་ལྟར་ན་གཅིག་བྱས་ན་ལྷ་ས་ཁྲིད་འགྲོའམ་ཡང་ན་ཀོར་མོ་ནས་བཞག་མི་འཇོག་གམ་བསམ་པ་ཙམ་ལས་བཙོན་ཁང་གང་དུ་ཁྲིད་པའི་གནས་ཚུལ་གསལ་བོ་ཤེས་ཀྱི་མི་འདུག

དེར་བརྟེན་ཁོ་རང་གི་ནང་མི་དག་ཐུག་ཕྲད་བྱེད་པའི་རེ་བ་ཆེན་པོ་ཡོད་པ་དང་། ཁོང་ཚོས་ཚོད་དཔག་གིས་བཙོན་ཁང་གང་ཞིག་ཏུ་ཁྲིད་འགྲོ་སྐབས་སུ་ཁོ་རང་ཚོ་རྫོང་ཐོག་ཏུ་ཐུག་ཕྲད་བྱེད་ཐུབ་མི་ཐུབ་ཀྱི་རེ་བ་ཆེན་པོ་ཡོད་ཀྱང་། དེའི་སྐོར་གྱི་གནས་ཚུལ་ད་ལྟ་གསལ་བོ་གོ་མ་སོང་།

ད་ལོ་ཕྱི་ཟླ་༠༣ཚེས་༢༨ཉིན་ཁོང་གི་ཕ་མ་གཉིས་ཆབ་མདོའི་ཁྲིམས་ཁང་དུ་སྐད་བཏང་སྟེ། ཁོ་རང་ལ་ནག་ཉེས་ངེས་ལེན་བྱེད་དགོས་པའི་སློབ་གསོ་རྒྱག་དགོས་པར་བརྗོད་ཡོད་ཀྱང་། ཁོ་རང་གིས་ནག་ཉེས་ངེས་ལེན་མ་བྱས་པར། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེར་སྐྱར་ཞིབ་དང་ཀུ་ཡངས་གཏོང་རྒྱའི་འབོད་སྐུལ་ཞུས་ཡོད་འདུག ཕ་མ་གཉིས་ཁྲིམས་ཁང་དུ་ཁོང་ལ་ཐུག་དུས་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་ཡར་ལངས་ཐུབ་ཀྱི་མི་འདུག་པ་མཐོང་ཡོད་འདུག

གོང་འཁོད་བཞིན་དུ། ༢༠༡༣ལོའི་ཟླ་༠༧ཚེས་༠༡ཉིན་ཆབ་མདོ་རྫོང་དུ་རྒྱ་ནག་དམར་ཤོག་དབུ་བརྙེས་པའི་སྲུང་བརྩི་མཛད་སྒོའི་ཐོག གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་༼༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་དབང་རང་བཙན་ཡིན། ༽ཅེས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་རྒྱབ་རྗེས་ཉེན་རྟོགས་པས་བཙན་འཁྲིད་བྱས་ཏེ་ད་རག་བར་ཆབ་མདོ་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་དང་། ཁོ་རང་ལ་དོན་རྐྱེན་བྱུང་རྗེས་གྲོང་གསར་དགོན་པའི་དགེ་འདུན་པ་རྣམས་དགོན་པའི་ཕྱི་རུ་འགྲོ་མ་བཅུག་པ། མཉམ་རུབ་སོགས་བྱེད་དུ་མ་བཅུག་པར་དགོན་པའི་ཉེ་འཁོར་ཡོངས་རྒྱ་ནག་ཉེན་རྟོགས་པ་དང་དྲག་ཆས་དམག་མིས་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

ཁོང་ནི་ཆབ་མདོ་ཚ་བ་དཔའ་ཞོད་རྫོང་དཀྱིལ་དག་ཤང་གྲོང་ནས་ཡིན་པ་དང་། ད་ལོ་ལོ་༢༡། སྐྱ་མིང་ལ་རྒྱ་རྡོ། གྲྭ་མིང་ལ་བློ་བཟང་དགེ་འདུན། ཕ་མ་གཉིས་ཀྱི་མིང་ལ་སྐལ་བཟང་དང་དཔའ་འཛོམས་བརྗོད་ཀྱི་ཡོད་པ་བཅས།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།