choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་སྨད་རྨ་ཆུ་རུ་དྲག་ཆར་ཆེན་པོ་བབས་ཏེ་མི་ལྔ་རྐྱེན་ལམ་དུ་བརྫངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༢༣ཉིན་སྤེལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དྲ་ཚིགས་སུ། ཟླ་འདིའི་ཚེས་༢༠ཉིན་གྱི་དགོང་མོར་མདོ་སྨད་རྨ་ཆུ་ས་ཁུལ་དུ་དྲག་ཆར་ཆེན་པོ་བབས་ཏེ་མི་ལྔ་ཚེ་ལས་འདས་པ་དང༌། སྒོར་མོ་བྱེ་བ་བདུན་དང་ས་ཡ་གཉིས་ཀྱི་དཔལ་འབྱོར་གྱོང་གུད་བཟོས་པའི་གནས་ཚུལ་སྤེལ་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༠ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅུ་གསུམ་ཡས་མས་སུ། རྨ་ཆུ་ས་ཁུལ་དུ་མཐོང་དཀོན་པའི་དྲག་ཆར་ཆེན་པོ་བབས་པ་དང༌། དགོང་མོའི་དུས་ཚོད་བཅུ་གཉིས་བར་དུ་ཆར་བབས་ཚད་ཧའོ་མུས་དགུ་བཅུ་གོ་གཉིས་དང་གྲངས་ཆུང་བརྒྱད་ལ་བསླེབས་ཤིང༌། དེ་ནི་རྨ་ཆུ་གནམ་གཤིས་རྟོག་དཔྱོད་ཁང་བཙུགས་རྗེས་ཚད་ལེན་བྱས་པའི་ཆར་བ་འབབ་ཐེངས་ཆེས་ཆེན་པོ་ཞིག་རེད། དྲག་ཆར་ལ་བརྟེན་ནས་ཆུ་ལོག་བརྒྱུགས་ཏེ། མགོན་ཆུའི་འགྲམ་རྒྱུད་ཀྱི་ཁང་པ་མང་པོ་བསྣུབས་པ་དང༌། རྨ་ཆུ་མཁར་དང་དེའི་མཐའ་འཁོར་གྱི་སྡེ་བར་ལྷག་ཏུ་གནོད་པ་ཚབས་ཆེན་ཐེབས།

ད་སྔ་མི་ལྔ་གནོད་འཚེའི་ཁྲོད་ནས་ཚེ་ལས་འདས། རྨ་ཆུ་ས་ཁུལ་ཡོངས་ཀྱི་སྒྲིག་བཀོད་དང་ཆུ་འདོན། གློག་འདོན། གློག་འཕྲིན་དྲ་བ། ཟམ་པ། ལམ་སོགས་ལ་གཏོར་བརླག་ཚབས་ཆེན་ཐེབས།

རག་རྩིས་བྱས་པ་ལྟར་ན། ཆུ་ལོག་གིས་ཁང་པ་གྱན་སྟོང་གཅིག་ལྷག་བསྣུབས་པ་དང༌། དེ་དག་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་ལྔ་ལྷག་ཡོད་ལ། ཕྱུགས་ཟོག་བརྒྱ་ལྷག་ཆུ་ལོག་གིས་འཁུར། གནོད་འཚེ་ཐེབས་པའི་མི་གྲངས་ཁྲི་གཅིག་དང་སྟོང་གཉིས་ལ་བསླེབས་པ་དང༌། མི་སུམ་བརྒྱ་དང་གོ་བདུན་གནས་སྤར། གཞན་ཡང་གནོད་འཚེ་བྱུང་རྗེས། རྨ་ཆུ་ས་ཁུལ་དུ་ཡོད་པའི་རྒྱ་གཞུང་གིས་མྱུར་དུ་རང་བྱུང་གནོད་འཚེ་ཚབས་ཆེན་ཐག་གཅོད་བྱེད་ཐབས་ལག་བསྟར་བྱས་པ་དང༌། ས་དེའི་ལས་བྱེད་པ་དང་བཅའ་སྡོད་དམག་དཔུང་མྱུར་དུ་གནོད་འཚེ་ཐེབས་སར་སོང་སྟེ་རྒུད་སྐྱོབ་ཉེན་སེལ་བྱས་པ། མང་ཚོགས་དང་རྒྱུ་ནོར་ས་གཞན་ལ་གནས་སྤར་པ། དམངས་སྲིད་རྒུད་སྐྱོབ་སྒོར་མོ་འབུམ་ལྔ་ཉེན་སེལ་རྒུད་སྐྱོབ་བྱེད་པ་དང་དོན་རྐྱེན་ཐག་གཅོད་པར་བྱིན་པ། དེ་དང་མཉམ་དུ་མི་དང་རྒྱུ་ནོར་སྐྱོབ་པ་དང༌། གྱོང་གུད་གྱི་གནས་ཚུལ་ལ་ཞིབ་བཤེར་སྡོམ་རྩིས་བྱེད་པ་སོགས་ཀྱི་རྒུད་སྐྱོབ་བྱ་བ་ཡང་སྟོབས་ཤུགས་ཡོད་དགུས་སྒྲུབ་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།