དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མི་མང་དང་ཉེན་རྟོགས་པའི་བར་འཁྲིགས་འཛིང་ཤོར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༩།༡༠ཉིན་སྤེལ། དིང་རི་རྫོངས་ཀྱི་ལོ་རེའི་ཇོ་མོ་གླིང་མའི་རིག་གཞུང་འཁྲབ་སྟོན་ཐེངས་དགུ་བའི་དུས་སྟོན་སྐབས་སུ་མི་དམངས་ཚོགས་ཆེན་ཁང་དུ་རྫོངས་ཁག་ཕན་ཚུན་བར་གྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་སྐབས་སུ་མི་མང་དང་ཉེན་རྟོགས་པའི་བར་འཁྲིགས་འཛིངས་ཤོར་འདུག་པའི་སྐོར་གྱི་གནས་ཚུལ་ཞིག

འདི་ཟླའི་ཚེས་༠༢ཉིན་ལྷ་སའི་གཞི་ཀ་རྩེ་གྲོང་ཁྱེར་དེང་རི་རྫོངས་ཞེད་དཀར་གྲོང་བརྡལ་དུ་དེང་རི་རྫོངས་ཀྱི་ཇོ་མོ་གླིང་མའི་རིག་གཞུང་འཁྲབ་སྟོན་ཐེངས་དགུ་བའི་དུས་སྟོན་ཐོག་ཏུ་མི་མང་དང་ཉེན་རྟོགས་པའི་བར་འཁྲིགས་འཛིང་ཤོེར་ཏེ་དཔལ་ལྡན་མིང་ཅན་གྱི་གཞོན་སྐྱེས་ཤིག་ལ་ཉེས་རྡུང་བཏང་ཡོད་འདུག

བལ་ཡུལ་གནས་བཞུགས་ཐུབ་བསྟན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ།
བོད་ཀྱི་ནུབ་རྒྱུད་གཞི་ཀ་རྩེ་གྲོང་ཁྱེར་དིང་རི་རྫོངས་ཀྱི་ཤང་ཁག་མང་པོ་ཞིག་འདུ་འཛོམས་ཀྱིས་ལོ་རེར་བོད་ཀྱི་དུས་སྟོན་རིག་གཞུང་འཁྲབ་སྟོན་ཞིག་ཚོགས་རྒྱུ་ཡོད་པ་དང་། སྔོན་མ་ནས་བོད་ནུབ་རྒྱུད་ཁུལ་ལ་དུས་ཆེན་དེ་གཙོ་ཆེ་ཤོས་ཤིག་ཡིན་པ་དང་བོད་ས་རྒྱ་མིས་བཙན་བཟུང་མ་བྱས་བའི་སྔོན་ནས་དུས་ཆེན་འདི་འདྲ་ཞིག་ཚོགས་སྲོལ་ཡོད་འདུག

ཁ་ཤས་ཀྱིས་ལོ་རྒྱུས་ནང་གི་བཤད་སྟངས་ལྟར་ན། བོད་ཁྲི་སྐོར་༡༣ཟེར་བའི་སྐབས་ནས་བཟུང་ཚོགས་སྲོལ་ཡོད་རེད་ཟེར་སྲོལ་འདུག
ཡིན་ནའང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ནས་བཟུང་། དུས་སྟོན་ཚོགས་འདུ་དེ་མཚམས་བཞག་སྟེ་ལོ་མང་པོ་འགོར་ཡོད་པ་དང་། ༡༩༨༥དང་༡༩༨༨ལྷག་ཅིག་ལ་གཞུང་གིས་ཆོག་མཆན་སྤྲད་དེ་མགོ་འཛུགས་གནང་བ་ཡིན་པ་འདྲ་དུས་ཚོད་ཏན་ཏན་ཞིག་ཧ་གོ་མ་སོང་། ནམ་རྒྱུན་དིང་རི་རྫོངས་ཀྱི་ཚོགས་འདུའི་ས་གནས་གོ་སྒྲིག་ནང་དུ་གཞུང་འབྲེལ་མི་སྣའི་གོ་སྒྲིག་ཡང་ཡོད་པ། དེ་ནི་དགའ་དགའ་སྤྲོ་སྤྲོ་ལྡན་པའི་འདུ་འཛོམས་ཆེན་པོ་ཞེ་དྲག་རེད།

ད་ལོའི་ཕྱི་ཟླ་༩ཚེས་༢ནས་དུས་སྟོན་འགོ་འཛུགས་བྱེད་སྐབས། ས་གནས་ཡུལ་མི་གཞོན་སྐྱེས་རྣམས་དང་ཉེན་རྟོགས་པའི་བར་དུ་རྙོག་དྲ་བྱུང་ཡོད་པ་དང་། བོད་མི་གཅིག་ལ་ཉེན་རྟོགས་པས་རྡུང་རྡེག་ཚ་ནན་བཏང་རྐྱེན་གཞོན་སྐྱེས་གཞན་རྣམས་ཀྱིས་འུར་རྒྱབ་སྟེ། ཁ་རྩོད་ཤུགས་ཆེན་རྒྱབ་པ་མ་གཏོགས་ཕར་ཉེན་རྟོགས་པ་ལ་བྱུགས་ཡོད་ས་མ་རེད། ཁ་པར་ཞིག་གིས་ཉེན་རྟོགས་པ་ཞིག་གི་གདོང་པར་བྱུགས་ནས་རྨས་སྐྱོན་བཟོས་ཡོད་འདུག

དེ་ཡང་དོན་དག་གཙོ་བོ་ནི་ཤང་ཡོངས་རྫོགས་ཀྱི་མི་མང་ཚང་མ་རུབ་རུབ་བྱས་ཏེ། རིག་གཞུང་གི་འཁྲབ་སྟོན་ཚར་ནས་ཉིན་གཉིས་པའི་རྗེས་སུ། མི་དམངས་ཚོགས་ཁང་ཆེན་མོའི་ནང་ཤང་ཁག་ཕན་ཚུན་བར་གྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་བྱེད་པ་ཡིན་ཙང་། ཕལ་ཆེར་མི་༣༠༠-༤༠༠ལྷག་ཅིག་ཚོགས་ཁང་དེའི་ནང་ཤོང་ས་མེད་པས་ན།  ཁྱིམ་ཚང་རེ་རེ་ནས་མི་གཏན་འབེབས་བྱས་ཏེ་ཚང་མ་འཛུལ་མི་ཆོག་པ་བཟོས་ཡོད་འདུག

དེར་བརྟེན་དཔལ་ལྡན་ཟེར་བའི་གཞོན་དེ་དང་གཞོན་སྐྱེས་ཁ་ཤས་ཤིག་ལ་ཉེན་རྟོགས་པས་ཁྱེད་རང་ཚོ་ནང་ལོག་ཏུ་བསྡད་ས་མི་འདུག འགྲན་བསྡུར་འདི་ཉིན་གཉིས་ཤིག་ལ་ཚོགས་ཀྱི་ཡིན་པས་ན་སང་ཉིན་བལྟས་ན་འགྲིག་པར་ལབ་འདུག དེ་ནས་གཞོིན་སྐྱེས་དེ་དག་གིས་སང་ཉིན་ང་ཚོར་ཞིང་ཁ་རྨོ་རུ་འགྲོ་དགོས་ཡོད་པས་ཆུ་ཚོད་མི་འདུག་ལབ་ནས་ཡར་ནང་དུ་འཛུལ་འགྲོ་དུས་སུ་ཉེན་རྟོགས་པ་མཉམ་དུ་འཁྲིགས་པ་ཤོར་ཏེ་དཔལ་ལྡན་ཟེར་བ་དེ་ལ་ཉེན་རྟོགས་པས་ཉེས་རྡུང་ཚད་མེད་བཏང་ཡོད་འདུག

དེ་ནས་མི་མང་དང་གཞོན་སྐྱེས་རྣམས་ཀྱིས་སྐད་འབོད་གང་འཚམ་ཞིག་རྒྱབ་སྟེ་མི་དམངས་ཚོགས་ཁང་ཆེན་མོའི་ཤེལ་སྒོ་དག་བཅག་ཡོད་པས། མུ་མཐུད་ཚོགས་པར་རྙོག་དྲ་ཡོང་བར་བསམ་ནས་གོ་སྒྲིག་ཚོགས་ཆུང་གིས་འཁྲབ་སྟོན་མཚམས་འཇོག་བྱས་ཡོད་འདུག རྒྱ་ནག་གཞུང་གི་གོ་སྒྲིག་ཚོགས་ཆུང་བཀོད་སྒྲིག་བྱེད་མཁན་ཚོས་གཤེ་གཤེ་བཏང་ནས་མ་འོངས་པར་གཟབ་གཟབ་མ་བྱས་ན་རྗེས་ལ་དུས་སྟོན་ཚོགས་རྒྱུའི་གོ་སྐབས་རག་གི་མ་རེད་ཟེར་བའི་སྐད་ཆ་ཞིག་བྱུང་འདུག

དུས་སྟོན་འདིའི་སྐབས་སུ་མི་མང་ལ་ཁྲོམས་ར་སྟོན་པ་དང་ཕན་ཚུན་བར་འབྲེལ་བ་བྱུང་བའི་གོ་སྐབས་ཆེན་པོ་ཞིག་ཡོད་འདུག དེ་མིན་གཞུང་འབྲེལ་གྱི་ངོས་ནས་མའོི་ཀྲུའུ་ཞིས་གཙོས་རྒྱ་ནག་གི་འགོ་ཁྲིད་ཆེན་པོ་དེ་ཚོའི་པར་ཆེན་པོ་དེ་འདྲ་སྦྱར་ཡོད་པ་དང་། དེ་བཞིན་རྒྱ་མིའི་དར་ཆ་མང་པོ་འཕྱར་བ། གཞས་སྣ་འཁྲབ་སྟོན་གྱི་རྣམ་པ་ཡང་ཀྲུང་དབྱངས་སོགས་སུ་སྟོད་པ་ཟོལ་འདྲ་ཡིན་པ་སོགས་ནི་ས་གནས་རྒྱ་མིའི་གོ་སྒྲིག་གི་ལམ་སྟོན་བྱས་པ་ཞིག་ཡིན་འདུག་པའི་སྐོར་འགྲེལ་བརྗོད་གནང་སོང་།


གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།