choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བླ་བྲང་འཇིགས་མེད་ལགས་སུ་ལོ་༥ཁྲིམས་ཆད་ཕོག་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༩།༠༩ཉིན་སྤེལ། ཉེ་ལམ་མདོ་སྨད་ཀན་སུའུ་ཞིང་ཆེན་གྱི་བླ་བྲང་གྲྭའཇིགས་མེད་ལགས་སུ་ནང་མི་ཉེ་འབྲེལ་དང་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པར་རྒྱ་གཞུང་གིས་ཉེས་མེད་ཁྲིམས་ཐག་ལོ་༥བཅད་འདུག་པའི་གནས་ཚུལ་ཐོན་སོང་།

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར།

ང་རང་བོད་ན་ཡོད་པའི་སྐབས་ནས་བཟུང་བླ་བྲང་འཇིགས་མེད་འཇུ་བཟུང་བྱས་ཏེ་ཉེས་མེད་ཁྲིམས་ཐག་བཅད་ཡོད་དང་མེད་ཀྱི་སྐད་ཆ་ཞིག་སྤྱི་ཚོགས་ནང་དུ་ཁྱབ་ཡོད་རེད། ཡིན་ནང་འདིའི་ཟླའི་ཚེས་ ༥ ཉིན་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ཁྲིམས་ཁང་ཞིག་གིས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་གྱི་ཉེས་མིང་འོག་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་པའི་གནས་ཚུལ་བསྒྲགས་པ་རེད། ཉེ་ལམ་ཁྲིམས་ཆད་གསལ་བསྒྲགས་གནང་རྗེས་ཁོང་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཞིག་གོ་མ་སོང་བར་འགྲེལ་བརྗོད་གནང་སོང་།

བླ་བྲང་གྲྭ་འཇིགས་མེད་རྒྱ་མཚོ་འམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་འབོད་པ་ཁོང་ནི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་པ་དང་། ད་ལྟ་དགུང་ལོ་ ༤༨ ཡིན་འདུག  ཁོང་ནི་སྔོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་ལས་འགན་འཁུར་གནང་མྱོང་ཞིང་། ཕྱི་ལོ་ ༢༠༡༡ ཟླ་ ༨ པར་འཛིན་བཟུང་གིས་ད་ལྟ་བར་བཀག་ཉར་བྱས་ཏེ་ད་ལོའི་ཟླ་༠༩ཚེས་༠༥ཉིན་ལོ་༥ཉེས་མེད་ཁྲིམས་ཐག་བཅད་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།