choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་རྫ་སྟོད་སྤྱི་རྫ་ཁུལ་གྱི་རྩོམ་པ་པོ་ཟླ་བ་མཚོ་མོ་འཛིན་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༨།༢༧ཉིན་སྤེལ། ཁམས་རྫ་སྟོད་ཁུལ་གྱི་བུད་མེད་རྩོམ་པ་པོ་ཞིག་རྒྱ་གཞུང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་གང་བྱས་མིན་གསལ་བཤད་མ་བྱས་པར་འཛིན་བཟུང་གིས་ཡུལ་ཤུལ་ཁུལ་དུ་བཙན་འཁྲིད་བྱས་ཡོད་འདུག

དེ་ཡང་༢༠༡༤ལོ་ཟླ་༨ཚེས་༢༣ཉིན་གྱི་ཉིན་གུང་ཚོུད་༢པའི་ཐོག་ཡུལ་ཤུལ་རྫ་སྟོད་རྫོང་སྤྱི་རྫ་གྲོང་ཚོའི་ཁྱི་སྤུག་ཚང་གི་བུ་མོ་ཟླ་བ་མཚོ་མོ་དེ་གའི་ས་གནས་ཉིན་རྟོག་པས་ཁྲིམས་ཉེས་ཅི་ཡིན་འདི་ཡིན་མེད་པར་འཛིན་བཟུང་བྱས་ཡོད་འདུག

དེའི་སྐོར་བཞུགས་སྒར་ངྷ་སར་གནས་བཞུགས་ཁམས་རྫ་སྟོད་ནས་ཡིན་པའི་གྲྭ་དཀོན་མཆོག་དོན་གྲུབ་ལགས་ཀྱིས་འདི་ག་གསར་ཁང་ལ་གསུངས་དོན། ང་རང་གིས་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མ་སོང༌། འོན་ཀྱང་རོབ་ཙམ་གོ་བ་དེ་ཞུ་རྒྱུ་ཡིན།

ཡུལ་ཤུལ་རྫ་སྟོད་རྫོང་སྤྱི་རྫ་གྲོང་ཚོ༌། ན་ནིང་གཏེར་ཁ་བསྔོག་འདོན་བྱེད་སའི་ས་ཆ་ཁག་གསུམ་ཡོད་པའི་ནང་ནས། སྤྱི་རྫ་ས་ཆེན་བདེ་བ་ཟེར་དེ་རེད། སྤྱི་རྫ་ས་ཆེན་བདེ་བའི་འབྲོག་ཁུལ་ལ་ཡོད་པའི་ཁྱིམ་ཚང་ཁྱི་སྤུག་ཚང་ཟེར་བ་དེའི་བུ་མོ་ཟླ་བ་མཚོ་མོ་རེད་འདུག ད་ལྟའི་ཆར་བོད་ཀྱི་བུད་མེད་རྩོམ་པ་པོ་ཟླ་བ་མཚོ་མོ་ལགས་རང་ལོ་༢༠གཡས་གཡོན་ཡིན་འདུག་ལ ད་ལྟ་སློབ་གྲྭར་འགྲོ་འགྲིམས་བཞིན་ཡོད་པ་རེད། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་མོས་ཁྲིམས་འགལ་གང་བྱས་ཡོད་མེད་གསལ་བཤད་གང་ཡང་མེད་པར་འཛིན་བཟུང་བྱས་ཡོད་འདུག ཅེས་ཁོང་གིས་འགྲེལ་བརྗོད་གནང་སོང༌།

ཉེན་རྟོག་པས་འཛིན་བཟུང་བྱས་པའི་དུས་ཚོད་ནི་ཉིན་གུང་ཚོུད་༢ཙམ་ཐོག་ཡིན་པ་དང༌། ཉེན་བརྡ་སོགས་གང་ཡང་མེད་པའི་ཐོག་ནས་ཁོང་མོའི་ཁྱིམ་དུ་ཉིན་རྟོག་རུ་ཁག་སླེབས་ནས་སྐད་ཆ་དྲི་རྒྱུ་ཡོད་རབས་ཀྱི་རྫུན་གཏམ་གང་མང་བཤད་འདུག

དེ་རྗེས་བུ་མོ་ཟླ་བ་མཚོ་མོ་ཉེན་རྟོག་པས་འཛིན་བཟུང་གིས་ཉེན་རྟོག་པའི་རླངས་འཁོར་ནང་དུ་རྫ་སྟོད་ལ་བཙན་འཁྲིད་བྱས་ནས་བྱས་སོང་ཞེས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གྲྭ་དཀོན་མཆོག་ལ་འགྲེལ་བརྗོད་གནང་འདུག

རྫ་སྟོད་ལ་བཙན་འཁྲིད་བྱས་པའི་རྗེས་ལ་ཚོུད་༢ནས་༣གྱི་རྗེས་སུ་ཡུལ་ཤུལ་ལ་མར་བཙན་འཁྲིད་བྱས་སོང་ཞེས་བརྗོད་ཀྱིན་འདུག རྒྱུ་མཚན་གང་ཡིན་ཞེ་ན། མོ་རང་གི་ཆ་འཕྲིན་དང་སྐད་འཕྲིན་བཅས་ཀྱི་སྟེང་ལ་བོད་རང་དབང་སྐོར་དང༌། རྫ་སྟོད་ཀྱི་གནས་སྟངས། དེ་བཞིན་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་གནས་སྟངས་སྐོར་ལ་རྩོམ་ཡིག་བྲིས་ནས་ཁྱབ་བསྒྲགས་བྱས་པ་དེ་ཤེས་རྟོགས་བྱུང་ནས་དོན་རྐྱེན་ལྷག་པ་ཞིག་ཡིན་ཚོད་འདུག ཟླ་བ་མཚོ་མོ་འཛིན་བཟུང་བྱས་ཚར་བའི་རྗེས་སུ་ནང་མི་ཚོས་ཡུལ་ཤུལ་ཁུལ་དུ་ཡོད་པའམ་ཡང་ན་རྒྱ་ནག་ལ་བཙན་འཁྲིད་བྱས་ཡོད་མེད་བཅས་ཀྱི་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་བྱུང་མི་འདུག ཅེས་འདི་ག་གསར་ཁང་དུ་འགྲེལ་བརྗོད་གནང་སོང་བ་བཅས་ཀྱི་གནས་ཚུལ་དུ།


གསར་འགོད་པ་ཟླ་བ་ཕུར་བུ།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།