choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁུར་སྣུན་གསེར་གྱི་རྟགས་མ་ཐོབ་པའི་བོད་རིགས་ཤིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༢༧ཉིན་སྤེལ། བོད་ཀྱི་ལོ་རྒྱུས་སྟེང་ཁུར་སྣུན་ལུས་རྩལ་གྱི་ཟིན་ཐོ་གཏོར་བའི་གཞོན་སྐྱེས་ ཁུར་སྣུན་ལུས་རྩལ་པ་དབང་རྒྱལ་ལགས་སྤྱི་རྒྱ་ ༩༥ ཡི་ཤུགས་ཚད་ཡོད་པའི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

ཉེ་ལམ་རྒྱ་ནག་རྒྱལ་ཡོངས་ཁུང་ལུང་རྟགས་མའི་ཆེད་ལས་རང་བཞིན་གྱི་ཁུ་སྣུན་རྟིང་རྩོད་འགྲན་ཐེངས་བརྒྱད་པ་སྟེ། མཚོ་སྔོན་ཟི་ལིང་དུ་ཚོགས་ཏེ། ཟླ་འདིའི་ཚེས་ ༢༤ ཉིན་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་དུ་མཇུག་སྒྲིལ་བྱས་ཡོད་འདུག
ཐེངས་འདིའི་འགྲན་བསྡུར་སྟེང་དུ་ཧྥ་རན་སི་དང་ཀོ་རི་ཡ། ཐའེ་ལན་ཌི། རྒྱ་ནག་བཅས་གཙོས་པའི་རྒྱལ་ཁབ་ ༩ ལྷག་གི་ཁུ་སྣུན་ལུས་རྩལ་བ་མཉམ་ཞུགས་གནང་ཡོད་པ་དང་། མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་བོད་རིགས་གཞོན་སྐྱེས་ཁུར་སྣུན་ལུས་རྩལ་པ་དབང་རྒྱལ་ལགས་སྤྱི་རྒྱ་ ༩༥ ཡི་ཤུགས་ཚད་ཡོད་པའི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། འདི་བོད་ཀྱི་ལོ་རྒྱུས་སྟེང་ཁུར་སྣུན་ལུས་རྩལ་གྱི་ཟིན་ཐོ་གཏོར་ཡོད་པ་ཞིག་རེད།

རང་ལོ་ ༣༢ ཡིན་པའི་བོད་རིགས་ཁུ་ཚུར་གཞུ་རྩལ་བ་དབང་རྒྱལ་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྡོ་སྦིས་ཞང་དཔའ་སྡེ་ཞེས་པའི་སྡེ་བ་ནས་ཡིན་འདུག་ལ། ཁོའི་མ་མིང་ལ་རྡོ་རྗེ་སྐྱིད་ཟེར་ཞིང་། ཁོང་ཆུང་དུས་ཡ་རྫི་རྫོང་རྡོ་སྦིས་ཞང་གི་སློབ་ཆུང་དང་སློབ་འབྲིང་བཅས་རིམ་པ་འགྲིམས་རྗེས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ལུས་རྩལ་སློབ་གྲྭར་ཞུགས་ཏེ་ད་བར་ཁུ་སྣུན་ལུས་རྩལ་གཙོས་པའི་ལུས་རྩལ་གྱི་རིགས་ལ་སྦྱོང་བརྡར་བྱས་ཡོད་པར་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།