དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

འདས་པོ་སྦྱིན་པ་མཐར་ཕྱིན་གྱི་ཆུང་མས་རང་ཤི་བརྒྱབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༨ཚེས་༢༧ཉིན་སྤེལ། འདི་ག་གསར་ཁང་དུ་བཏང་གནང་བའི་གནས་ཚུལ་ལ་གཞིགས་ན། མདོ་ཁམས་སྡེ་དགེ་འདན་མའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་འདི་ཟླའི་ཕྱི་ཚེས་༡༨ཉིན་སྦྱིན་པ་མཐར་ཕྱིན་བཙོན་ཁང་དུ་རྡུང་རྡེག་མནར་འོག་སྐུ་དཀྲོངས་པ་དང༌། ཁོ་མོའི་ཆུང་མ་ཡང་ཉིན་དེ་རང་ལ་སྐེ་ལ་ཐག་པ་བརྒྱབ་ནས་རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་འདུག་ལ། ཁོ་མོའི་གྲོད་ཁོག་ཏུ་ཟླ་བ་བདུན་ཙམ་ཕྱིན་ཟིན་པའི་ཁོང་གཉིས་ཀྱི་བྱིས་པའང་ཆགས་ཡོད་པ་རེད་འདུག 

དེ་བཞིན་ཕྱི་ཚེས་༡༢ཉིན་ལོ་ཕྱུག་ས་ཁུལ་དུ་མང་ཚོགས་ལ་དྲག་གནོན་སྐབས། དམག་མི་དང་ཉེན་རྟོག་པས་མེ་མདའ་རྒྱག་ནོར་ཤོར་ཏེ་མི་མང་གསེང་ན་ཡོད་པའི་ཉེན་རྟོག་པ་ཞིག་གི་སྐེ་ལ་མེ་མདའ་ཁེལ་ནས་འདས་གྲོངས་ཕྱིན་ཡོད་པ་རེད་འདུག དེའི་ཐད་སྲིད་གཞུང་གིས་ས་གནས་ས་ཐོག་ཏུའང་ཧ་ཅང་གི་གསང་བ་དམ་དྲག་བྱེད་ཀྱིན་ཡོད་ཚུལ་འདུག ཅེས་བོད་ནས་གསར་དུ་གནས་ཚུལ་འབྱོར་བཀོད་འདུག

དེང་སང་དཔོན་དབང་དྲག་གི་ཨ་སྲུ་ཟླ་བ་ལྷ་མོ། ལོ་༦༤ཅན། སེར་ཤུལ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་བཏང་སྟེ། ཀླད་ཁྲག་འདྲེས་ནས་གཟུགས་པོ་འགུལ་སྐྱོད་གཏོང་རྒྱུ་མེད་པ་དང༌། ཁ་གྲགས་རྒྱུ་མེད་པར་གྱུར་ཏེ་ཕྱི་ཚེས་༢༣ཉིན་དར་མདོར་སྨན་ཁང་ཏུ་ཛ་དྲག་ངང་ཁྱེར་སོང་པའི་སྐད་ཆ་གོ་རྒྱུ་འདུག ཅེས་སྡེ་དགེ་དྲ་ཚིགས་སུ་མུ་མཐུད་བཀོད་གནང་འདུག

འོན་ཀྱང་ཁོ་མོ་དང་ལྷན་དུ་ནང་མི་སོགས་སུའང་ནད་གཡོག་འགྲོ་ཆོག་གིན་མེད་པའི་གནས་ཚུལ་འདུག དེ་བཞིན་ད་དུང་ཡང་ཤུག་པ་སྡེ་པ་དམག་མིས་མཐའ་སྐོར་ནས་དྲག་གནོན་བྱས་ཡོད་པ་དང༌། དཔོན་གར་ཡོད་མི་ཤེས་པའི་གནས་སྟངས། རྨས་མ་རྣམས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ། བརྡ་འཕྲིན་བརྒྱུད་ལམ་ཁག་བཀག་སྡོམ་བྱེད་བཞིན་པ་སོགས་རང་འཇག་རེད་འདུག ཅེས་གསལ་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།