དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས་སུ་ལོ་༩ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༢༦ཉིན་སྤེལ། མདོ་ཁམས་འབྲི་རུ་རབ་བརྟན་དགོན་པའི་དགུང་ལོ་༤༠ཅན་གྱི་དཔེ་ཁྲིད་དགེ་རྒན་གྲྭ་ ཚུལ་ཁྲིམས་སྙན་གྲགས་ལགས་སུ་མི་ལོ་དགུ་ཡི་ཁྲིམས་ཐག་བཅད་འདུག

ཕ་ཡུལ་འབྲི་རུ་ནས་ཡིན་པའི་བྷེལ་འཇམ་གནས་སྡོད་བསམ་འགྲུབ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་ལྟར།
ཕྱི་ལོ་༢༠༡༣ ཟླ་ ༡༢པའི་ནང་མདོ་ཁམས་འབྲི་རུ་རབ་བརྟན་དགོན་པའི་དགུང་ལོ་༤༠ཅན་གྱི་དཔེ་ཁྲིད་དགེ་རྒན་གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས་ལྷ་ས་ནས་རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་བ་རེད།  ད་ལོའི་ཟླ་ ༧ ཚེས་ ༣༡ ཉིན་ཁུངས་བཙུན་གནས་ཚུལ་འབྱོར་བ་ལྟར་ན། ད་ལྟ་དཔེ་ཁྲིད་དགེ་རྒན་ཚུལ་ཁྲིམས་སྙན་གྲགས་ལགས་ནི་ལྷ་སའི་ཉེ་འདབས་སུ་ཡོད་པའི་ཆུ་ཤུལ་བཙོན་ཁང་ནང་དུས་བཀག་མི་ལོ་ ༩ ཡི་ཁྲིམས་ཐག་བཅད་ཡོད་པ་མ་ཟད།

ཁོང་གི་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཡིན་པ་དང་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་དང་ཟླ་གཅིག་ལྷག་རྗེས་གནས་ཚུལ་ཤེས་རྟོགས་བྱུང་ཡང་། ཁོང་ལ་ནག་ཉེས་ག་རེ་ཡོད་པའི་སྒོ་ནས་ཁྲིམས་ཐག་བཅད་སྐོར་གྱི་ཕྱོགས་སུ་གནས་ཚུལ་རྒྱུས་ལོན་བྱུང་ཐུབ་མི་འདུག འབྲེལ་ཡོད་ནས་སྨན་ཁང་ལ་སྟོན་པའི་འབོད་སྐུལ་བྱས་ཀྱང་ཕྱིར་ལན་ཅི་ཡང་བྱུང་མེད་པའི་གནས་ཚུལ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྒྱ་གཞུང་གིས་བོད་ནང་གི་བོད་མིར་གསང་བས་བཙོན་འཇུག་མཇུག་བསྒྲིལ་ཡོང་བར་གང་སར་ཤུགས་རྒྱག་དགོས།

བརྗོད་གཞི་གཞན་ཁག་ལ་གཟིགས།