choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ད་ལོའི་ལྷ་སའི་ཞོ་སྟོན་དམ་དྲག་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༢༦ཉིན་སྤེལ། བོད་ཀྱི་རྒྱལ་ས་ལྷ་སར་ལོ་རེར་གདན་ས་གསུམ་གྱི་གཙོས་གྲོང་ཁྱེར་ཡོངས་ཀྱིས་བོད་ ཀྱི་སྲོལ་རྒྱུན་དུས་ཆེན་ཞོ་སྟོན་མགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་དེར་རྟོག་ཞིབ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོག་གིས་མཇལ་སྐོར་བ་དང་ལྟད་མོ་ བ་ཚོར་དམ་དྲག་བྱས་བྱེད་བཞིན་ཡོད་འདུག


ཁ་སང་ཕྱི་ཚེས་ ༢༥ ནས་ཟླ་རྗེས་མའི་ཕྱི་ཚེས་ ༢ བར་དུ། བོད་ཀྱི་རྒྱལ་ས་ལྷ་སར་ལོ་རེར་གདན་ས་གསུམ་གྱི་གཙོས་གྲོང་ཁྱེར་ཡོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་དུས་ཆེན་ཞོ་སྟོན་མགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་དེར་རྟོག་ཞིབ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོག་གིས་མཇལ་སྐོར་བ་དང་ལྟད་མོ་བ་ཚོར་དམ་དྲག་བྱས་བྱེད་བཞིན་ཡོད་འདུག
སྔོན་མ་དགོང་དྲོ་ལྷ་མོ་འཁྲབ་ཚར་པའི་སྐབས་ལ་དམག་སྒར་ཁག་གི་དམག་མིའི་རུ་སྒྲིགས་ཀྱི་གུས་བཏུད་ཞུ་གི་རེད། ལྷ་མོ་ཚོགས་པ་དེ་ཚོས་ཚེས་༥་ནས་བཟུང་ཉི་མ་ཁ་ཤས་ལྷ་སའི་སྐུ་དྲག་ཆེ་ཁག་གི་གཟིམ་ཤག་ལ་ལྷ་མོ་འཁྲབ་ཀྱི་རེད། ཞོ་སྟོན་ཟེར་ཡག་ནི་དང་པོ་འབྲས་སྤུངས་ལ་ཞོའི་སྟོན་མོ་བཏང་སྲོལ་བྱུང་བ་ནས་འགོ་བཙུགས་པ་རེད། ཞོ་སྟོན་སྐབས་ལྷ་ས་བ་མང་ཆེ་བ་གཟབ་འཆོར་གང་ཡག་གྱོན་ཞིང་། ཁ་ལག་དང་ཇ་ཆང་ཁྱེར་ནས་ནོར་བུ་གླིང་ཁར་ལྷ་མོ་ལྟ་གར་འགྲོ་བ་རེད། དགོང་དྲོ་ཉི་མ་བཞུད་དུས་གཞས་རྣམ་ཐར་གཏོང་བཞིན་སོ་སོའི་ནང་ལ་ལོག་པ་དང་། སྔར་གྱི་ཟློས་གར་ལྷ་མོ་བ་འཕྱོངས་རྒྱས་སྤུན་བདུན་པ་དང་། ཡར་ལུང་བཀྲ་ཤིས་ཞོལ་པ། རྒྱལ་གར་ཆོས་རྫོང་པ། སྙེ་མོ་ཐོན་པ། བྱ་སྒོ་བ། གཅུང་རི་བོ་ཆེ་པ། སྐྱོར་མོ་ལུང་པ། ཤང་རི་བོ་ཆེ་པ། ཤེལ་རོང་འབྲོང་རྩེད། བྲོ་པ་མི་གཅིག་བཅས་ནས་བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་རྩེ་ཕོ་བྲང་ཆེན་པོའི་བདེ་ཡངས་ཤར་དང་ནོར་གླིང་དུ་གཟིགས་ཕུད་ཕུལ་ཏེ་འབྲས་སྤུངས་སུ་རིམ་ཐོན་བྱེད་འགྲོ འབྲས་སྤུངས་ཕོ་བྲང་དུ་ལྷ་མོ་བ་རྣམས་ཀྱིས་གཟིགས་ཕུད་འབུལ། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་སྔ་དྲོ་ འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་པོ་གཙོ་གྱུར་གྱི་སྐུ་བརྙན་ཡོད་པའི་གོས་སྐུ་བཀྲམ་པའི་མདུན་ལྷ་མོ་བ་རྣམས་ཀྱིས་རིམ་པས་གཟིགས་ཕུད་ཕུལ་ཟིན་རྗེས་ཁམས་ཚན་ཐོབ་ཁུངས་ཁག་ལ་ལྷ་མོ་བ་རྣམས་ནས་རང་རང་སོ་སོའི་རྒྱལ་རབས་འཁྲབ་སྟོན་ཉིན་གང་ཐོག་སོ་སོའི་ཐོབ་ཁུངས་བྱིན་བདག་རྣམས་མགྲོན་འབོད་ཞུ་བ་སོགས་འབྲས་སྤུངས་ཞོ་སྟོན་ལ་སེར་སྐྱ་ཚང་མ་བྲེལ་འཚུབ་ལིང་ལིང་བྱེད། དངོས་གཞི་བོད་ཟླ་བདུན་པའི་ཚེས་གཅིག་ཉིན་ནོར་གླིང་སྐལ་བཟང་ཕོ་བྲང་དུ་ལྷ་མོ་བ་རྣམས་གོ་རིམ་བཞིན་གཟིགས་ཕུད་རྒྱས་པ་རེ་འབུལ་སྲོལ་དང་ཚེས་གཉིས་ནས་བཟུང་ལྷ་མོ་ཁག་ནས་རང་རང་གི་ཁྱད་ཆོས་ལྟར་རྒྱལ་རབས་འཁྲབ་གཞུང་གཟུགས་ཀྱི་ཉི་མ་ལ་སོགས་པ་མིག་དབང་རབ་ཏུ་འཕྲོག་པའི་འཁྲབ་སྟོན་བྱེད་ཀྱི་ཡོད་པ་དང་། ཉིན་དེ་དག་ནང་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་། ཉེ་འཁོར་ཞིང་འབྲོག་མི་མང་ཚོགས་རྒྱན་གོས་གཟབ་མཆོར་སྤྲས་ཏེ་ཞོ་སྟོན་དུ་བཞུགས་ཤིང་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པ་ལ་ཅི་དགར་ལོངས་སུ་སྤྱོད་པ་ཞིག་ཡིན་འདུག

ད་ལོའི་དབྱར་སྐྱིད་ཀྱི་ཞོ་སྟོན་དུ༼མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས༽ཞེས་པའི་བརྗོད་དོན་གཞིར་བཟུང་གིས་ལྷ་མོའི་རྣམ་ཐར་སོགས་འཁྲབ་སྟོན་དང་། དེ་བཞིན་ཐང་ཀའི་སྒྱུ་རྩལ་དང་ཇོ་མོ་གླང་མའི་པར་རིས་འགྲེམས་སྟོན་འགྲན་བསྡུར་སོགས་བྱེད་སྒོ་རིགས་ ༡༣ ཙམ་བཀོད་སྒྲིག་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།